【བརྡ་ཁྱབ།】玉树藏族自治州林业和草原局关于进一步规范冬虫夏草采集出售收购事项的通告

文摘   2024-07-12 21:07   青海  

  

དབྱར་རྩྭ་དགུན་འབུ་འཚོལ་བསྡུ་དང་ཕྱིར་འཚོང་ཉོ་སྒྲུབ་ཀྱི་

དོན་དག་སྔར་བས་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཁྱབ།

2021ལོར་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་དང་ཞིང་ལས་གྲོང་གསེབ་པུས་2021ལོའི་སྤྱི་བསྒྲགས་ཨང་15པའིརྒྱལ་ཁབ་གཙོ་གནད་སྲུང་སྐྱོང་རི་སྐྱེས་རྩི་ཤིང་གི་མིང་ཐོནང་དུ་། ཁྱབ་བསྒྲགས་བྱས་ནས་དབྱར་རྩྭ་དགུན་འབུ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རི་སྐྱེས་རྩི་ཤིང་སྲུང་སྐྱོང་ཁོངས་སུ་བཅུག་པ་རེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་རྩི་ཤིང་སྲུང་སྐྱོང་སྲོལ་ཡིག》《མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་དབྱར་རྩྭ་དགུན་འབུ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོསོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་ཡིག་ཆ་ལག་ལེན་མཐར་ཕྱིན་བསྟར་ཆེད།རང་རེའི་ཀྲོའུ་ཡི་དབྱར་རྩྭ་དགུན་འབུ་ཐོན་ཁུངས་སྲུང་སྐྱོང་དང་དོ་དམ་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་དབྱར་རྩྭ་དགུན་འབུ་འཚོལ་བསྡུ་དང་། ཕྱིར་ཚོང་། ཉོ་སྒྲུབ་བཅས་ཀྱི་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་ཁྲིམས་ལྟར་སྲུང་སྐྱོང་བེད་སྤྱོད་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་དགོས། ད་ལྟ་དབྱར་རྩྭ་དགུན་འབུ་འཚོལ་བསྡུ་དང་། ཕྱིར་ཚོང་། ཉོ་སྒྲུབ་བཅས་སྔར་ལས་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཁྱབ་གཤམ་གསལ། 
གཅིག འཚོལ་བསྡུ་ལག་ཁྱེར་“རྒྱལ་ཁབ་གཙོ་གནད་སྲུང་སྐྱོང་རི་སྐྱེས་རྩི་ཤིང་འཚོལ་བསྡུ་ལག་ཁྱེར་གཤམ་དུ་བསྡུས་མིང་ལ་འཚོལ་བསྡུ་ལག་ཁྱེར་ཟེར།”རེ་ཞུ་བྱེད་དགོས།རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་གཅིག་གྱུར་གྱིས་པར་ལེན་བྱ་དགོས། དབྱར་རྩྭ་དགུན་འབུ་ཁྱབ་ཁོངས་ཀྱི་རྫོང་རིམ་པའི་ནགས་རྩྭ་སྡེ་ཁག་གིས་ཞང་གྲོང་རྡལསྲིད་གཞུང་ཁག་སྒྲིག་འཛུགས་བྱས་ཏེ་ཁོངས་གཏོགས་ས་ཁོངས་ནང་གི་སྲིད་འཛིན་གྲོང་ཚོའི་མི་གྲངས་གཞིར་བཟུང་ཞང་གྲོང་རྡལཚན་པར་བྱས་ནས་རིམ་པ་རེ་རེ་བཞིན་ཞིང་ཆེན་ནགས་རྩྭ་ཅུས་ལ་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་རི་སྐྱེས་རྩི་ཤིང་འཚོལ་བསྡུ་ལག་ཁྱེར་རེ་ཞུ་བྱེད་དགོས། ཞང་གྲོང་རྡལ་ཁག་གི་དབྱར་རྩྭ་དགུན་འབུ་ཁྱབ་པའི་སྲིད་འཛིན་གྲོང་ཚོས་སྡེ་ཚན་དེ་གའི་སྔོག་འདོན་པའི་འབྲེལ་ཡོད་ཆ་འཕྲིན་བསྡོམས་རྩིས་དང་སྙན་སེང་ཞུ་བ་དང་། མིང་རྟགས་བཀོད་ནས་ཐམ་ག་བརྒྱབ་རྗེས་ཞང་གྲོང་རྡལ་སྲིད་གཞུང་ལ་སྙན་སེང་ཞུ་བ་དང་། ཞང་གྲོང་རྡལ་ཁག་གི་སྲིད་གཞུང་གིས་ཞིབ་བཤེར་ཕྱོགས་བསྡུས་བྱས་རྗེས་མིང་རྟགས་བཀོད་ནས་ཐམ་ག་བརྒྱབ་ནས་རྫོང་རིམ་པའི་ནགས་རྩྭ་སྡེ་ཁག་ལ་གཅིག་གྱུར་གྱིས་འཚོལ་བསྡུ་ལག་ཁྱེར་རེ་ཞུ་བྱེད་དགོས། འཚོལ་བསྡུ་ལག་ཁྱེར་བླངས་རྗེས་གཞི་ནས་དབྱར་རྩྭ་དགུན་འབུ་འཚོལ་བསྡུ་བྱས་ཆོག སྲིད་འཛིན་གྲོང་ཚོ་ཁག་གི་འཚོལ་བསྡུ་བྱེད་མཁན་གྱིས་དབྱར་རྩྭ་དགུན་འབུ་བཙོང་བ་དང་ཉོ་སྒྲུབ་བྱེད་མཁན་ལ་འཚོལ་བསྡུ་ལག་ཁྱེར་གྱི་བསྐྱར་དཔར་གཉིས་པ་མཁོ་འདོན་བྱེད་དགོས་པ་མ་ཟད། རྫོང་རིམ་པའི་ནགས་རྩྭ་སྡེ་ཚན་གྱི་གཞུང་ཐེལ་རྒྱག་དགོས། 
གཉིས། དབྱར་རྩྭ་དགུན་འབུ་ཕྱིར་འཚོང་ཉོ་སྒྲུབ་བྱེད་པར་སྲིད་འཛིན་ཆོག་མཆན་སྤྲོད་པའི་ཞིབ་མཆན། 
གཅིགཁྲིམས་མཐུན་ཡོང་ཁུངས་ཀྱི་དཔང་ཡིག་བཅས་ཡིན། དབྱར་རྩྭ་དགུན་འབུ་ཉོ་སྒྲུབ་བྱེད་སྐབས། དུས་ཐོག་ཏུ་ཕྱིར་འཚོང་མཁན་ལ་དབྱར་རྩྭ་དགུན་འབུ་འཚོལ་བསྡུ་ལག་ཁྱེར་གྱི་པར་ལོག་ལེན་དགོས་པ་དང་འབྲེལ་ཉོ་སྒྲུབ་གན་རྒྱ་འཇོག་དགོས། 
(གཉིས།)2024ལོའི་ཟླ་1ཚེས་23ཉིན་ནས་བཟུང་དབྱར་རྩྭ་དགུན་འབུ་ཉོ་སྒྲུབ་བྱེད་མཁན་ཚན་པས་རེ་ཞུའི་ཡིག་ཆ་དང་། རྒྱལ་ཁབ་གཙོ་གནད་སྲུང་སྐྱོང་རི་སྐྱེས་རྩི་ཤིང་སྲིད་འཛིན་ཆོག་འཐུས་རེ་ཞུའི་རེའུ་མིག་འཚོལ་བསྡུ་ལག་ཁྱེར་གྱི་པར་ལོགརྫོང་རིམ་པའི་ནགས་རྩྭ་སྡེ་ཚན་གྱི་གཞུང་ཐམ་རྒྱག་པཉོ་སྒྲུབ་གན་རྒྱའི་པར་ལོགདང་། ཕྱིར་འཚོང་གན་རྒྱའི་པར་ལོག་དང་ལས་གཉེར་ལག་ཁྱེར་གྱི་པར་ལོག་དང་ཁྲིམས་མིའི་ཐོབ་ཐང་ལག་ཁྱེར་གྱི་པར་ལོག་བཅས་འཁྱེར་ནས་ས་གནས་རྫོང་རིམ་པའི་ནགས་རྩྭ་སྡེ་ཚན་ལ་ཞིབ་བཤེར་བསམ་འཆར་འདོན་དུ་བསྐྱོད་དེ་ཁུལ་ནགས་རྩྭ་ཅུས་ཀྱི་བསྐྱར་ཞིབ་བསམ་འཆར་འདོན་རྗེས་ཞིང་ཆེན་ནགས་རྩྭ་ཅུས་ལ་ཞིབ་བཤེར་ཆོག་མཆན་སྤྲོད་དགོས། དྲ་ཐོག་ནས་དབྱར་རྩྭ་དགུན་འབུ་འཚོང་མཁན་གྱིས་གོང་གསལ་གྱི་རྒྱུ་ཆ་མཁོ་འདོན་བྱེད་པ་ཕུད། ད་དུང་དྲ་ཐོག་ཚོང་ཁང་གི་ཨང་གྲངས་དང་། དྲ་ཐོག་ཚོང་ཁང་གི་མིང་། ཐུམ་སྒྲིལ་ཚད་གཞི་བཅས་མཁོ་འདོན་བྱེད་དགོས། 
གསུམ།ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ནགས་རྩྭ་སྡེ་ཁག་གིས་མིས་བཟོས་དབྱར་རྩྭ་གསོ་སྐྱོང་བྱེད་པའི་འབྲེལ་ཡོད་སྡེ་ཚན་ལ་འཚོལ་བསྡུ་ལག་ཁྱེར་རེ་ཞུ་བྱས་མི་ཆོག་པ་དང་། མིས་བཟོས་དབྱར་རྩྭ་གསོ་སྐྱོང་བྱེད་པའི་འབྲེལ་ཡོད་རེ་ཞུའི་འགྲོ་ལུགས་བདག་སྤྲོད་བྱས་མི་ཆོག 
གསུམ། དབྱར་རྩྭ་དགུན་འབུ་ཕྱིར་གཏོང་སྲིད་འཛིན་ཆོག་འཐུས་རེ་ཞུ་སྡེ་ཚན་གྱིས་རི་སྐྱེས་རྩི་ཤིང་ཕྱིར་གཏོང་ནང་འདྲེན་དོ་དམ་སྲིད་འཛིན་ཆོག་འཐུས་དོན་ཚན་རེ་ཞུའི་རེའུ་མིག་དང་། འཚོལ་བསྡུ་ལག་ཁྱེར་གྱི་པར་ལོགརྫོང་རིམ་པའི་ནགས་རྩྭ་སྡེ་ཁག་གི་གཞུང་ཐམ་རྒྱག་པའགག་སྒོའི་ཕྱིར་གཏོང་ནང་འདྲེན་དངོས་ཟོག་རྩིས་སྤྲོད་བྱེད་མཁན་གྱི་ཐོ་འགོད་འཛིན་ཡིག་དང་། ཕྱིར་གཏོང་གན་རྒྱ། ཁྲིམས་མིའི་ཐོབ་ཐང་ལག་ཁྱེར་གྱི་པར་ལོག། ལས་གཉེར་ལག་ཁྱེར་གྱི་པར་ལོག ས་གནས་རྫོང་རིམ་པའི་ནགས་རྩྭ་སྡེ་ཁག་གི་ཞིབ་བཤེར་བསམ་འཆར། ཁུལ་ནགས་རྩྭ་ཅུས་ཀྱི་བསྐྱར་ཞིབ་བསམ་འཆར་བཅས་ཁྱེར་ནས་ཞིང་ཆེན་ནགས་རྩྭ་ཅུས་ལ་ཞིབ་བཤེར་ཆོག་མཆན་སྤྲོད་དགོས། 
བཞི། འབྲེལ་ཡོད་ཆོག་འཐུས་འགྲོ་ལུགས་མ་བསྒྲུབས་པའི་མཇུག་འབྲས་ནི་འབྲེལ་ཡོད་ཁྲོམ་ར་དང་དྲ་ཐོག་ནས་དབྱར་རྩྭ་དགུན་འབུ་བཙོང་བའི་སྲིད་འཛིན་ཆོག་འཐུས་ཀྱི་ཆོད་དོན་ཡི་གེ་མ་བསྒྲུབས་ན།རི་སྐྱེས་རྩི་ཤིང་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོལ་ཡིག་གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱ་དགོས། 
ལྔ།རི་སྐྱེས་རྩི་ཤིང་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོལ་ཡིག་གི་འབྲེལ་ཡོད་དོན་ཚན་། 
དོན་ཚན་བདུན་པ། སྡེ་ཚན་དང་མི་སྒེར་གང་ཞིག་ཡིན་རུང་ཚང་མར་རི་སྐྱེས་རྩི་ཤིང་གི་ཐོན་ཁུངས་སྲུང་སྐྱོང་བྱེད་པའི་འོས་འགན་ཡོད་ལ། རི་སྐྱེས་རྩི་ཤིང་དང་དེའི་སྐྱེ་འཚར་ཁོར་ཡུག་བཙན་བཟུང་ངམ་གཏོར་བཤིག་བཏང་བའི་བྱ་སྤྱོད་ལ་ཐེར་འདོན་དང་ཞུ་གཏུག་བྱེད་དབང་ཡོད། 
དོན་ཚན་བཅུ་བདུན་པ། རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་རྩི་ཤིང་འཚོལ་བསྡུ་བྱེད་མཁན་སྡེ་ཚན་དང་མི་སྒེར་གྱིས་ངེས་པར་དུ་འཚོལ་བསྡུ་ལག་ཁྱེར་ནང་གཏན་འབེབས་བྱས་པའི་རིགས་དང་། གྲངས་ཀ། ས་གནས། དུས་ཚོད། བྱེད་ཐབས་བཅས་ལྟར་འཚོལ་བསྡུ་བྱ་དགོས། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་རི་སྐྱེས་རྩི་ཤིང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་སྲིད་འཛིན་ས་ཁོངས་དེ་ནང་རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་རྩི་ཤིང་འཚོལ་བསྡུ་བྱེད་པའི་བྱེད་སྐོར་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་པ་མ་ཟད། འཚོལ་བསྡུ་བྱེད་པར་ཆོག་མཆན་བཀོད་པའི་རི་སྐྱེས་རྩི་ཤིང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གམ་དེས་དབང་ཆ་སྤྲད་པའི་ལས་ཁུངས་ལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས། 
དོན་ཚན་བཅོ་བརྒྱད་པ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་རི་སྐྱེས་རྩི་ཤིང་བཙོང་རྒྱུ་དང་ཉོ་སྒྲུབ་བྱེད་མི་ཆོག རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་རི་སྐྱེས་རྩི་ཤིང་ཕྱིར་འཚོང་དང་ཉོ་སྒྲུབ་བྱེད་པར་ངེས་པར་དུ་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རི་སྐྱེས་རྩི་ཤིང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གམ་ཡང་ན་དེས་དབང་བསྐུར་བའི་ལས་ཁུངས་ཀྱི་ཆོག་མཆན་ཐོབ་དགོས། 
དོན་ཚན་བཅུ་དགུ་པ། རི་སྐྱེས་རྩི་ཤིང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་རི་སྐྱེས་རྩི་ཤིང་གཉེར་སྐྱོང་དང་བེད་སྤྱོད་བྱེད་པའི་བྱེད་སྐོར་ལྟ་སྐུལ་ཞིབ་བཤེར་བྱ་དགོས། 
དོན་ཚན་ཉེར་གསུམ་པ། འཚོལ་བསྡུ་ལག་ཁྱེར་མ་ཐོབ་པའམ་འཚོལ་བསྡུ་ལག་ཁྱེར་གྱི་གཏན་འབེབས་ལྟར་རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་རྩི་ཤིང་འཚོལ་བསྡུ་མ་བྱས་ན། རི་སྐྱེས་རྩི་ཤིང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་འཚོལ་བསྡུ་བྱས་པའི་རི་སྐྱེས་རྩི་ཤིང་དང་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་ལྡབ་10མན་གྱི་དངུལ་ཆད་བཅད་ཆོག འཚོལ་བསྡུ་ལག་ཁྱེར་ཡོད་ན་འཚོལ་བསྡུ་ལག་ཁྱེར་ཕྱིར་འཐེན་བྱས་ཆོག 
དོན་ཚན་ཉེར་བཞི་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ནས་རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་རྩི་ཤིང་ཕྱིར་བཙོང་དང་ཉོ་སྒྲུབ་བྱས་ན། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་གམ་རི་སྐྱེས་རྩི་ཤིང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་འགན་འཁྲི་ལས་བགོས་ལྟར་རི་སྐྱེས་རྩི་ཤིང་དང་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་ལྡབ་10མན་གྱི་དངུལ་ཆད་བཅད་ཆོག 
དོན་ཚན་ཉེར་དྲུག་པ། འཚོལ་བསྡུ་ལག་ཁྱེར་དང་ཕྱིར་གཏོང་ནང་འདྲེན་བྱེད་ཆོག་པའི་དཔང་ཡིག་གམ་འབྲེལ་ཡོད་ཆོག་མཆན་འགོད་པའི་ཡིག་ཆ་དང་ཤོག་བྱང་རྫུན་བཟོ་དང་། ལོག་འཚོང་། བཤུག་སྤྲོད་བཅས་བྱས་རིགས་ལ་རི་སྐྱེས་རྩི་ཤིང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གམ་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་གིས་འགན་འཁྲི་ལས་བགོས་ལྟར་རྩིས་ལེན་དང་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་། དངུལ་ཆད་སྒོར་ཁྲི་5མན་ཆད་ཀྱི་ཆད་པ་བཅད་ཆོག 
ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནགས་ལས་དང་རྩྭ་ཐང་ཅུས་ནས། 
2024ལོའི་ཟླ་4ཚེས་3ཉིན་ཆེད་དུ་བརྡ་ཁྱབ་བཏང་།





青海省杂多县人民法院
发布互联网庭审直播、及时推送简报等信息。
 最新文章