༃ དག་སྣང་སྦྲམ་བུའི་མེ་ལོང་ལས༔ དམ་ཅན་གསོལ་མཆོད་དགྲ་ལྷ་དགྱེས་པའི་གད་རྒྱངས་བཞུགས་སོ༔
ཧོ་དགོངས་སུ་གསོལ་ལོ༔
དགོངས་སུ་གསོལ་ལོ༔དམ་ཅན་རྡོ་རྗེ་ལེགས་པ༔ དགེ་བསྙེན་ཆེན་པོ༔ ཚོང་དཔོན་ཆེན་པོ༔ དམག་དཔོན་ཆེན་པོ༔ དགྲ་ལྷ་ཆེན་པོ༔ སྐྱེས་བུ་ཆེན་པོ༔ མགར་བ་ནག་པོ༔ ནོར་གྱི་བདག་པོ༔ འཛམ་བུ་གླིང་གི་སྲོག་བདག༔ གནམ་ས་ཕྱེད་ཀྱི་བདག་པོ༔ ལེགས་ཉེས་སྟོན་པའི་སློབ་དཔོན༔ སྐུ་མཆེད་སུམ་བརྒྱ་དྲུག་བཅུ་སྐུ་འཁོར་དང་བཅས་པར་བསང་མཆོད་རྒྱ་ཆེན་པོ་འདི་བཞེས་ལ་བདག་གིས་སངས་རྒྱས་ཀྱི་བསྟན་པ་སྐྱོང་ཞིང་སེམས་ཅན་ལ་བདེ་བ་སྒྲུབ་པའི་སྐབས་སུ་དམ་ཅན་རྡོ་རྗེ་ལེགས་པ་ཁྱེད་ཀྱི་སྐུ་ཤུགས་བདག་ལ་འཕོས་ཏེ་བསམ་དོན་ལ་བར་ཆད་མེད་ཅིང་གང་བསམ་ཐམས་ཅད་བསམ་དོན་ཆོས་བཞིན་འགྲུབ་པ་གྱུར་ཅིག༔ མི་གྲལ་དུ་སོང་ན་ལྷ་བཞིན་མགོ་འཕོང་མཐོ་བ་གྱུར་ཅིག ལྷ་གྲལ་དུ་སོང་ན་ལྷ་ལས་འཕགས་པ་གྱུར་ཅིག༔
བསོད་ནམས་རི་བོ་བཞིན་མཐོ་བ་གྱུར་ཅིག༔ ཉི་ཟླ་བཞིན་གསལ་བ་གྱུར་ཅིག༔ དཔག་བསམ་བཞིན་རྒྱས་པ་གྱུར་ཅིག༔ ལས་བཞི་སྒྲུབ་པ་ལ་བར་ཆད་མེད་པར་མཛོད་ཅིག༔ ཉིན་བྱ་ར་མཛོད་ཅིག༔ མཚན་མེལ་ཚེ་མཛོད་ཅིག༔ རྣལ་འབྱོར་པ་བདག་གི་ཅི་བསམ་ཐམས་ཅད་གེགས་མེད་ཡིད་བཞིན་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག༔
ཅེས་གཡག་ཟེ་དགོན་འོག་མིན་ཐེག་མཆོག་འགྲོ་འདུལ་གླིང་ནས་དམ་ཅན་གསོལ་མཆོད་དགྲ་ལྷ་དགྱེས་པའི་གད་རྒྱང་འདི་རྒྱ་རོང་པ་སྐལ་བཟང་སྙན་གྲགས་ཀྱིས་བྲིས་པའོ༔
【金刚善护法】藏名【单金多杰列巴】,意即【具誓金刚善】,於莲花生大士入藏时,奉金刚手菩萨口敕,化身为铁匠,密护佛法,驻守贡噶雪山,为莲师之事业护法,护持世间法成就,是宁玛派三不共护法之一。此尊所显现的不一,骑狮子者较为寂静,骑山羊者则较忿怒。
多杰列巴一面二臂三目,黄发卷曲,头戴藏铠兵帽,三目赤红圆睁,须眉如火炽,露牙卷舌相。右手高举天铁金刚杵扬於虚空,左手执魔心作瞰食状,身穿藏袍大褂,足蹬藏鞋,跨坐於雪山青毛白狮之上,安住於般若智焰中央。
此尊威力极大,无敌不摧,可破邪魔外道符咒,降魔于瞬刻之间。
来都来了 点个好看再走吧~~~