修习笔记 | 度母 རྗེ་བཙུན་མཿ

旅行   2024-09-27 06:00   北京  
༂ དག་སྣང་སྦྲམ་བུའི་མེ་ལོང་ལསཿ  རྗེ་བཙུན་མཿ


ཨོཾ་ཨ་མ་རྗེ་བཙུན་སྒྲོལ་མའི་ལྷ་ཚོགས་ཿ


ཕྱག་འཚལ་སྒྲོལ་མ་ཉེར་གཅིག་དཔལ་མོཿ


ཁྱེད་རྣམས་བསྟོད་དོ་གསོལ་བ་འདེབས་སོཿ


ཕྱོགས་བཞི་མཚམས་བརྒྱད་གང་ན་སོང་ཀྱང་ཿ


དགྲ་ཇག་ཆམ་རྐུན་མེ་ཆུའི་གནོད་པཿ


འཇིགས་པ་བརྒྱད་སོགས་ཉེ་བ་ཞི་ནསཿ


བཀྲ་ཤིས་དོན་ཀུན་འགྲུབ་པ་མཛོད་ཅིགཿ


ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱཿ


བདག་ནི་འདི་ནས་བྱུང་ཆུབ་མ་ཐོབ་པཿ


རྗེ་བཙུན་སྒྲོལ་མ་ཁྱེད་དང་མི་འདྲ་ཤོགཿ


ཟག་བཅས་ཟག་མེད་དགེ་བ་ཅི་བསགས་པཿ


གནམ་མཁྱེན་གདོད་མའི་ས་ལ་བསྔོ་བ་བགྱིཿ


ལྕགས་བྱི་ཟླ་བ་༢ཚེས་༢༩མེ་གཉིས་ནང་འཕྲད་དུས་བཟང་ལ་རྒྱཿརོང་པ་སྐལ་

སྨྱོན་གྱིས་བྲིས་པ་དགེའོཿ


སྒྲོལ་མ་ཉེར་གཅིག་ནིཿ

༡ མྱུར་མ་དཔའ་མོ། ༢ ཁྲོ་བ་དཀར་མོ། ༣ གསེར་མདོག་ཅན་མ། ༤ གཙུག་ཏོར་རྣམ་རྒྱལ་མ། ༥ ཧཱུྃ་སྒྲོགས་མ། ༦ འཇིག་རྟེན་གསུམ་རྒྱལ་མ། ༧ གཞན་འཇོམས་མ། ༨ བདུད་དག་འཇོམས་མ། ༩ དཀོན་མཆོག་གསུམ་མཆོད་མ། ༡༠ བདུད་དབང་སྡུད་མ། ༡༡ ཕོངས་པ་ཀུན་སེལ་མ། ༡༢ མེ་ལྟར་འབར་མ། ༡༣ ཁྲོ་གཉེར་ཅན་མ། ༡༤ བཀྲེས་འབྱིན་མ། ༡༥ ཞི་བ་ཆེན་མོ། ༡༦ རིམས་ནད་ཀུན་སེལ་མ། ༡༧ དངོས་གྲུབ་ཀུན་སྩོལ་མ། ༡༨ དུག་སེལ་མ། ༡༩ སྡུག་བསྔལ་ཀུན་སེལ་མ། ༢༠ རིག་པ་ཧཱུྃ་སྒྲོལ་མ། ༢༡ འཇིག་རྟེན་གསུམ་གཡོ་མ་བཅས་ཉེར་གཅིག་གོ །


来都来了 点个好看再走吧~~~




迁徙Tibet
喜马拉雅文化交流
 最新文章