ཆོས་དང་ལས་དབང་གིས་སྦྲེལ་བའི་གྲོགས་པོ་དག
སྤྲུལ་བསོད་ནམས་འགྱུར་མེད།
རིང་ཐུང་དང་བདེ་སྡུག་མི་སྙོམ་པའི་མི་ཚེ་འདིར། ང་ཚོས་དོན་རེ་འགར་ཅིས་ཀྱང་ཡིད་འཇོག་དགོས། སོ་སོའི་མ་འོངས་པ་ནི་ད་ལྟ་ཐག་ཆོད་པར་དཀའ་མོད། ཡིན་ཡང་། ང་ཚོ་དམིགས་ཡུལ་གང་ཞིག་གི་ཆེད་དུ་ངེས་པར་མདུན་སྐྱོད་བྱ་དགོས། མདུན་ཕྱོགས་ཀྱི་ལམ་བུ་ནི་ཁོད་སྙོམ་པའི་དབྱར་ཟླ་དྲུག་པའི་རྩ་ཐང་ལྟ་བུའི་མཛེས་སྡུག་ཅིག་ཡིན་མིན་སྲིད་པས། ཁྱོད་ཀྱིས་ཅིས་ཀྱང་བཟོད་ཐུབ་དགོས། མདུན་ཕྱོགས་ཀྱི་ལམ་བུར་ཙག་ངར་དང་གྲང་རླུང་ཡང་ཡང་ལྡང་སྲིད་པས།
སྐབས་དེར་ཁྱོད་ཀྱིས་འཇིགས་སྣང་དང་སུན་སྣང་གིས་གོམ་པའི་སྤོ་མཚམས་འཇོག་ངེས་པས་དེ་དུས་རྗེ་བཙུན་མི་ལའི་སྙིང་སྟོབས་ལྟ་བུ་རེ་ཡིད་ལ་དྲན་པར་བྱེད་རོགས། ཤེས་རིག་གི་ནོར་དང་ལྡན་པའི་མི་ཚེ་ནི་ཕུན་སུམ་ཚོགས་པ་ཞིག་ཡིན་མིན་ཅི་ཆ་སྟེ། ཤེས་རིག་བྲལ་བའི་མི་ཚེ་ནི་ནམ་ཡང་ཐེབས་ཆག་པའི་མི་ཚེ་ཞིག་གོ། དེ་བས་གཞན་ཕན་གྱི་རྩི་དང་མ་བྲལ་ཞིང་ཤེས་རིག་གི་དཔལ་དང་ལྡན་པའི་མི་ཚེ་ནི་ཕུན་སུམ་ཚོགས་པའི་མི་ཚེ་ཞིག་རེད། སྐབས་རེར་ཁྱོད་ཀྱིས་བརྩོན་པའི་གོ་ཆ་སྲ་དྲགས་ཏེ། ཉིན་གྱི་ཟས་བཅད། མཚན་མོའི་གཉིད་ཀྱང་བཅག་སྲིད་པས་དེ་དུས་ཁྱོད་ཀྱིས་གསེར་ལས་རིན་ཆེ་བའི་མི་ལུས་འདི་ལ་ཅུང་ཙམ་ངལ་གསོ་བར་མཛོད། བདེ་ཐང་ཡོད་པས་ང་ཚོར་ཡོད་ཚད་འཛོམས་སོང་བ་མིན་མོད། བདེ་ཐང་མེད་པས་ང་ཚོས་ཡོད་ཚད་ཤོར་སོང་བ་ཡིན་གཤིས། དེ་བས་ཁར་བཟའ་བ་ཚུན་ཆོད་ནས་ལུས་ཀྱི་འཕྲོད་སྟེན་ལ་ཡིད་གཟབ་མཛད་རོགས། ཁྲ་ཁྲ་རིག་རིག་གི་སྒྱུ་མའི་འཇིག་རྟེན་འདི་ནས། བསླུ་བྲིད་ཀྱི་གོར་མ་ཡང་ཡང་ཕོག་སྲིད་པས་དེ་དུས་ཁྱོད་ཀྱི་ཡོད་ཚད་ངེས་འབྱུང་གི་རླུང་གིས་རྡེག་ཐུབ་མེད་ཀྱང་། བག་ཡོད་ཀྱི་མིག་དར་གྱིས་ཆགས་ཞེན་གྱི་མིག་ཟུང་ཅུང་ཙམ་བསྒྲིབ་པར་མཛོད་དང་།
ཞོགས་སྦྱང་སྐབས་ཀྱི་དྲན་ཚོར་ཞིག