ལོ་ལྷ་བཅུ་གཉིས་དང་ལོ་འཁོར་བཅུ་གཉིས། ལོ་ཐོ་བལྟ་ཚུལ་སྒྲ།

民生   2025-01-23 08:49   河北  




ལོ་ལྷ།



ལོ་ལྷ།



ལོ་ལྷ།



ལོ་ལྷ།


༈ལོ་འཁོར་བཅུ་གཉིས།

  ལོ་འཁོར་བཅུ་གཉིས་ནི་བོད་ཀྱི་སྐར་རྩིས་རིག་པ་ལས་གྲུབ་བྱེད་གཉིས་ཀྱི་ཡན་ལག་ལྔའི་ལོ་ཐོ་ལྟ་སྟངས་སྐོར་བཤད་པ་ནང་གི་གཅིག་ཡིན།

1ངོ་སྤྲོད།

འཇམ་དཔལ་རྩ་རྒྱུད་ལས། དེ་ལྟར་ལོ་ནི་བཅུ་གཉིས་ལ།ལོ་ཆེན་ཞེས་ནི་བརྗོད་པར་བྱ་ཞེས་དང་། དེ་ནས་ལོ་ནི་བཅུ་གཉིས་ལ།འདི་ནི་དགེ་དང་མི་དགེ་བྱེད་ཅེས་གསུངས་ཤིང་།དབང་ཕྱུག་གིས་ཀྱང་བཅུ་གཉིས་ལྔ་ལ་ཨ་སོགས་འཆར་ཞེས་པས་ལོ་འཁོར་བཅུ་གཉིས་ཀྱི་རྩིས་ཚུལ་ཡོད་པར་གྲུབ་བོ།། དེ་ཡང་གསལ་པོར་བརྗོད་ན་བོད་ཀྱི་ལོ་ཐོའི་ནང་རེའུ་མིག་འདི་འདྲ་ཞིག་བཀོད་ཡོད་པ་སྟེ།

བླ་གཟའ་སྲོག་གཟའ་གཤེད་གཟའ་སོགས་ལྟ་སྟངས་རེའུ་མིག

རེའུ་མིག་ནང་འཕྲེད་དུ་ལོ་བཅུ་གཉིས་བྱི་བ།གླང་།   སྟག    ཡོས།    འབྲུག  སྦྲུལ།    རྟ།   ལུག    སྤྲེལ།   བྱ།   ཁྱི།   ཕག་ཅེས་བཀོད་པ་དེ་ནི་ལོ་འཁོར་བཅུ་གཉིས་ཡིན།   དེ་འོག་འཕྲེད་དུ་བླ་གཟའ་ལྷག   སྤེན།    ཕུར།   ཕུར།   ཉི།   དམར་སོགས་དང་དེ་འོག་སྲོག་གཟའ་དམར།   ལྷག    སྤེན།   སྤེན།    ལྷག་ཞེས་པ་སོགས།    དེ་འོག་གཤེད་གཟའ།  སྤེན།    ཕུར།   སངས།   སངས།  ཕུར་ཞེས་པ་སོགས།   དེ་འོག་བླ་སྐར།   ཆུ་སྟོད།   ལྷ་མཚམས།    མགོ   གྲེ།    སྨིན་དྲུག་སོགས་བཀོད་པ་ནི།   བྱི་བ་ནས་ཕག་བར་གྱི་ལོ་བཅུ་གཉིས་པོ་དེ་རྣམས་ཀྱི་བླ་གཟའ་དང་།  སྲོག་གཟའ།    གཤེད་གཟའ།   བླ་སྐར་སོགས་གཟའ་གང་དང་སྐར་མ་གང་ལ་འཁེལ་ཡོད་མེད་ཡིན་པ་དང་།  ཡང་དཔེར་ན།   ལོ་རྟགས་བྱི་བ་ཡིན་པ་ཞིག་ལ་མཚོན་ན་བླ་གཟའ་ལྷག་པ་དང་།   སྲོག་གཟའ་མིག་དམར།   གཤེད་གཟའ་སྤེན་པ།   བླ་སྐར་སྐར་མ་ཆུ་སྟོད།   སྲོག་སྐར་སྐར་མ་ལག   དབང་སྐར་སྐར་མ་སྨིན་དྲུག    ཀེག་སྐར་སྐར་མ་ཁྲུམས་སྨད།    བདུད་སྐར་སྐར་མ་མཆུ།   གཤེད་སྐར་སྐར་མ་མོན་དྲེ།    གཞན་ཡང་ལོ་རྟགས་སྟག་དང་ཡོས་ལ་མཚོན་ན།    བླ་གཟའ་ཕུར་བུ་དང་།  སྲོག་གཟའ་སྤེན་པ།   གཤེད་གཟའ་པ་སངས་ཡིན་པ་སོགས་དང་།    ཡང་། བླ་གཟའ་དར་དུས་བྱ་ལས་འགྲུབ།།སྲོག་གཟར་དགེ་ལ་གཤེད་གཟར་བྱོལ། །དགྲ་བོའི་བླ་གཟའ་གུད་པ་དང་།།གཤེད་གཟའ་གཤེད་སྐར་དར་བའི་དུས། །མཐུ་དང་ནུས་པ་བསྐྲད་ན་མྱུར།།བླ་སྲོག་དབང་སྐར་ཅི་ཡང་བཟང་། །ཀེག་བདུད་གཤེད་ཀྱི་སྐར་མར་ངན།།མ་ལས་བཙས་དུས་བླ་སྐར་དང་། །ཕྲད་ན་ཚེ་རིང་འགྱུར་བ་ཡིན།།དབང་སྐར་ཕྲད་ན་བསོད་ནམས་ཆེ། །གཤེད་སྐར་ཕྲད་ན་ཚེ་ཐུང་འགྱུར།།སྐྱེས་གཟའ་རང་གཟའ་བླ་ཡི་གཟར། །ཞི་དྲག་ཅི་དང་ཁྱད་པར་དུ།།གཡུལ་གཤོམ་རྩལ་སྤྲོད་གཤགས་འདེབས་ཚོང་། །སྟོབས་འགྱེལ་ཤོ་རྒྱན་རྟ་རྒྱུག་པ།།འཕོངས་འཁྲུགས་བསྐྱེད་པའི་ལས་རྣམས་བཟང་། །སྐྱེས་པའི་སྐར་མ་ཤར་བའི་ཚེ། །ཞི་དྲག་ལས་སྤྱི་ཁྱད་པར་དུ།།ལྷ་མཆོད་བླ་མར་བསྙེན་བཀུར་བ། །སྦྱིན་གཏོང་དགེ་ལས་རྒྱན་གོས་གྱོན།།ཁྱིམ་གསར་འཛིན་དང་སྐྱེ་ཤིང་འཛུགས། །ཁང་པའི་ལས་རྣམས་བྱ་བར་བཟང་།།ཞེས་གསུངས་ཤིང་དེ་ཡང་ལོ་རྟགས་སྟག་དང་ཡོས་ལ་མཚོན་ན་བླ་གཟའ་ཕུར་བུ་ཡིན་པས་རང་གི་བྱ་བའི་ལས་སྣེ་གཟའ་ཕུར་བུར་གཏོད་ནས་བྱ་བའི་ལས་གྲུབ་པ་དང་སྲོག་གཟའ་སྤེན་པར་དགེ་བའི་ལས་བྱ་བ།   གཤེད་གཟའ་པ་སངས་ལ་བྱ་བའི་ལས་སྣེ་མི་གཏོད་པར་འཛེམས་པ་སོགས་བྱེད་སྲོལ་ཡོད་ན་ཡང་དགེ་བའི་ལས་ནི་དུས་ཚིགས་ལ་མ་ལྟོས་པར་རྣམ་པ་ཀུན་ཏུ་བྱ་དགོས་པ་ནི་འདི་ཕྱི་གཉིས་ཀར་ཕན་པའི་རྒྱུའོ།།གཞན་རྣམས་རེའུ་མིག་ནང་གཟིགས་ཏེ་རིགས་བསྒྲེས་ནས་རྟོགས་སླའོ། །

2.མཛུབ་མོའི་རིས་དབྱིབས་སྟེང་ལོ་རྟགས་བཤད་པ།

རྟ་ལོ1སྦྲུལ་ལོ2    འབྲུག་ལོ3   ཡོས་ལོ4    སྟག་ལོ5    གླང་ལོ6  བྱི་བ་ལོ7    ཕག་ལོ8   ཁྱི་ལོ9  བྱ་ལོ10    སྤྲེལ་ལོ11   ལུག་ལོ12ཞེས་བརྩི་བར་བྱའོ།།ཡངསྤྱི་ལོ1991ལོར་མཚོན་ན་གནམ་ལོ་ལུག་ཡིན་པས་ལུག་ལ་ལོ1    རྟ་ལ་ལོ2ཞེས་རིགས་བསྒྲེས་ཤིང་།   1ནས13བར་དང13ནས25བར་སོགས་ལོ་ཀེག་ནས་འགོ་བརྩམས་ཏེ་བརྩིས་ཀྱང་ཤེས་སླའོ།།

ལོ་ཐོའི་རེའུ་མིག་ནང་གི་དེ་འོག་ཨང་ཀི་ནི་སྐྱེས་པ་དང་བུད་མེད་གང་ཡིན་ཡང་རང་ཉིད་སྐྱེས་པའི་ལོ་དེའི་དབུས་སྨེ་སྟེ་འདིར་རེའུ་མིག་ནང་ཨང་ཀི3བཀོད་པ་ནི་སྤྱི་ལོ1990ལོར་རང་ལོ12སོན་པ་དེའི་སྐྱེས་སྨེ་སྨེ་བ་གསུམ་མཐིང་ཡིན་ཞེས་པའི་དོན་དོ།།སྨེ་བ་ལ་དབྱེ་ན་དགུ་ཡོད་པ་སྟེ།    གཅིག་དཀར།    གཉིས་ནག   གསུམ་མཐིང་།   བཞི་ལྗང་།  ལྔ་སེར།   དྲུག་དཀར།   བདུན་དམར།    བརྒྱད་དཀར།    དགུ་དམར་བཅས་སོ།།དེ་རྣམས་ཁམས་ལ་སྦྱར་ན་དཀར་གསུམ་ལྕགས་ཀྱི་ཁམས།   གཉིས་ནག་གསུམ་མཐིང་ཆུ་ཁམས།   བཞི་ལྗང་ཤིང་གི་ཁམས།    ལྔ་སེར་ས་ཁམས།   བདུན་དམར་དང་དགུ་དམར་མེ་ཁམས་ཡིན།    སྐྱེས་སྨེའི་འབྲས་བུ་ལས་དུས་ཤེས་རྣམས་ཀྱིས།   བསྡུས་པའི་ཚེ་རྩིས་རྒྱག་པ་དང་།  གསོན་པོའི་འཁྲུངས་རྟགས་འདོན་པ་སོགས་བོད་རིགས་ཁུལ་དུ་བྱེད་སྲོལ་ཡོད།

དེ་རྗེས་རེའུ་མིག་གཉིས་པ།གསུམ་པ།    བཞི་པ།   ལྔ་པ།    དྲུག་པ་བཅས་ནང་གི་སྒོར་ཐིག་གཅིགསྒོར་ཐིག་གཉིསསྒོར་ཐིག་གསུམབརྩེགས་མ་བཅས་ནི་རྡེལ་དཀར་པོ་མཚོན་བྱེད་དང་།    སྒྱུར་རྟགས་འདྲ་བ་གཅིགགཉིསནི་རྡེལ་ནག་མཚོན་བྱེད་ཡིན་ལ་སྒོར་ཐིག་གཅིག་དང་སྒྱུར་རྟགས་འདྲ་བ་གཅིག༚༝མཉམ་དུ་ཡོད་པ་ནི་རྡེལ་དཀར་ནག་གཉིས་མཚོན་བྱེད་ཡིན།    དེ་ཡང་སྤྱི་ལོ1990ལོར་ལོ12བྱས་པ་དེ་རང་ལ་མཚོན་ན།   སྲོག་རྡེལ་དཀར་པོ་གསུམདང་།    ལུས་རྡེལ་དཀར་ནག་གཉིས༚༝དབང་རྡེལ་དཀར་ནག་གཉིས༚༝རླུང་རྡེལ་དཀར་པོ་གཉིསབླ་རྡེལ་དཀར་པོ་གསུམབཅས་ཟེར་ཞིང་།    རང་རང་ལོ་རྟགས་ཀྱི་ཐད་འོག་གི་སྲོག་རྡེལ།   ལུས་རྡེལ།   དབང་རྡེལ།   ཀླུང་རྡེལ།    བླ་རྡེལ་རྣམས་དཀར་པོབབས་ན་བཟང་བ་དང་།   ནག་པོབབས་ན་ངན་པ།   རྡེལ་ཡོངས་རྫོགས་དཀར་ན་བཟང་ཐལ་ཆེ་བ་སོགས་རྩིས་གཞུང་ནང་གསུངས།

རེའུ་མིག་བདུན་པའི་ནང་གི་གླང་བྱ་ཞེས་པ་ནི་གཡས་གཡོན་ཕོ་མོའི་ལོག་མིན་ཞེས་པ་དེ་ཡིན་ཞིང་།སྤྱི་ལོ1990ལོར་ལོ12སོན་པ་དེ་སྐྱེས་པ་ཡིན་ན་ལོག་མེན་གླང་དང་བུད་མེད་ཡིན་ན་ལོག་མེན་བྱ་ཡིན་ཞེས་པའི་དོན་ཡིན།    དཔེར་ན།   ལོག་མེན་ཕོ་ཁྱི་མོ་འབྲུག་ལ་གནམ་སྒོ་བབས་པས་ཁང་པའི་ཐོག་མི་འབུབ་ལྟ་བུའོ། །

རེའུ་མིག་བརྒྱད་པའི་ནང་གི་སྟེང་འོག་ཕོ་མོའི་སྤར་ཁ་དང་དབུས་བབས་སྨེ་བ་ཞེས་པ་ལས་རེའུ་མིག་ནང་སྟེང་དུ་ཁེན་ཞེས་པ་ནི་རང་ལོ་བཅུ་གཉིས་སོན་པ་དེ་སྐྱེས་པ་ཡིན་ན་ལོ་འདིར་སྤར་ཁ་ཁེན་ཡིན་པ་དང་།དེ་འོག་ཨང་ཀི2དེ་སྨེ་བའི་མཚོན་རྟགས་ཡིན་ཞིང་།     རང་ལོ་བཅུ་གཉིས་སོན་པ་དེ་ལོ་འདིར་ཕོ་མོ་ཁྱད་མེད་སྨེ་བ་གཉིས་ནག་ལ་བབས་པ་ཡིན་ཞེས་པའི་དོན་ཡིན་ནོ།།



དཔལ་ས་སྐྱའི་འཇིགས་བྲལ་བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་དཔལ་བཟང་པོ་མཆོག་གི་རྣམ་ཐར

དཔེ་ཝར་རྡོ་རྗེ་འཆང་གི་གདུང་འབོད།

༸ཀླུ་ལྡིང་མཁན་ཆེན་གསུང་། དགེ་འདུན་པའི་བཅའ་ཡིག་ལ་མྱུར་དུ་གཟིགས།

࿐ལྷ་རྒྱལ་མཆོག་སྤྲུལ་ངག་དབང་མཁས་གྲུབ་འཁྲུངས་སྐར་བསུ།

ལྷ་བབས་དུས་ཆེན་དང་དགེ་འདུན་ཡར་འཕེལ་འདས་མཆོད་བསུ།

ལྷ་རྒྱལ་སྲང་གི་ཆོས་སྡེའི་མཁས་དབང་སྡེ་དགེའི་ཤར་བླའི་རྣམ་བསྡུས།

འཇམ་དབྱངས་ཆོས་ཀྱི་ཉི་མ་རིན་པོ་ཆེ།

སྡེ་དགེའི་ནུབ་བླ་མ་འཇམ་དབྱངས་མཁྱེན་རབ་མཐའ་ཡས།

ལྷ་རྒྱལ་སྲང་གི་ཆོས་སྡེའི་རྡོར་འཛིན་ཨ་འཛི་ངག་དབང་བཟང་པོ

ཡིད་ལྷུང་ལྷ་རྒྱལ་དགོན་གྱི་གྲུབ་པའི་དབང་ཕྱུག་ངག་དབང་རིན་ཆེན་མཆོག

ཡིད་ལྷུང་ལྷ་རྒྱལ་དགོན་གྱི་དགུ་ཆེན་སྐབས་ཀྱི་འདྲ་པར་ཁག་གཅིག །

མ་ཧཱ་པཎྜི་ཏ་ཨ་འཛི་ནོར་བུ་དབང་རྒྱལ་རྗེས་དྲན་ཞུ། ལྷ་རྒྱལ་སྲང་།

བླ་མ་དགེ་འདུན་ཡར་འཕེལ་གྱི་རྣམ་ཐར།

མཁྱེན་རབ་མཐའ་ཡས་གསོལ་འདེབས།

མཁན་ཆེན་ཐུབ་བསྟན་མཁས་གྲུབ་མཆོག་གི་འདས་མཆོད།

གྲུབ་ཆེན་བརྒྱད་བཅུའི་སྐུ་པར་ཆ་ཚང་བཞུགས་སོ། །

མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལ་གེ་སར་གྱི་ལུང་བསྟན་བྱུང་ཚུལ།

འཇམ་མགོན་གུ་ནའི་མཛད་པའི་འཇམ་དབྱངས་མཁྱེན་བརྩེའི་རྣམ་ཐར།

ས་ཟླའི་དུས་ཆེན་ལ་ས་སྐྱ་གོང་མ། 萨噶月萨迦法王念诵 ཞལ་འདོན་སྒྲ་སྒམ།1

ས་ཟླའི་དུས་ཆེན་ལ་ས་སྐྱ་གོང་མ། 萨噶月萨迦法王念诵 ཞལ་འདོན་སྒྲ་སྒམ།2

རི་མོའི་ལམ་ནས་རྫོང་སར་རིན་པོ་ཆེའི་རྣམ་ཐར་མཇལ་བ། 宗萨仁波切传记

བཀའ་སློབ་དུས་ཐོག་ཆར་པ། འཁོན་གདུང་ཨ་བྷི་ཀིརྟ། 法王子无变金刚教言•及时甘霖

རྒྱལ་སྲས་ལག་ལེན་གྱི་དཔེ་རིས། 珍贵的佛子行三十七颂的图纸

སྐྱབས་མགོན་གོང་མ་ཁྲི་ཆེན་མཛད་རྣམ་དགུ་ཐང་། དྷཱི་ཕུ་མཁན་ཆེན།

༄༅། །གདམས་པ་རིན་ཆེན་ཕྲེང་མཛེས་ཞེས་བྱ་བ། 美丽璎珞:心之建言

༸ཀླུ་ལྡིང་མཁན་རྒན་གྱིས་ཁྲིད། སྒྲོལ་དཀར་ཚེ་སྒྲུབ་སྐོར། ཚན་པ་1-2-3

མར་མེའི་སྨོན་ལམ【供灯愿文】

སྒྲོལ་མ་ཉེར་གཅིག་གི་ཆོས་དབྱངས་གསར་པ། ལེན་མཁན་ཀུན་བཟང་རྡོ་རྗེ།
རྫོང་སར་༸མཁྱེན་བརྩེས་ཞལ་བཀོད་མཛད་པའི་སྒྲོལ་མ་ཉེར་གཅིག 二十一度母
བསྟོད་པའི་རྒྱལ་པོའི་རྒྱུད་ཕྱག་འཚལ་ཉེར་གཅིག་གི་བསྟོད། 二十一度母赞文
སངས་རྒྱས་སྨན་བླའི་དུས་ཆེན། 药师佛吉日
པཎ་ཆེན་ཤཱཀྱ་མཆོག་ལྡན་དང་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གཉིས་ཀྱི་རྩོད་པ་རྩོད་ལན་ཁག་གཅིག
གྲུབ་ཆེན་བརྒྱད་བཅུའི་སྐུ་པར་ཆ་ཚང་བཞུགས་སོ། །
བོད་ཀྱི་བཙུན་མ་ཐོག་མ་སུ་ཡིན་ནམ
སྔོ་ཚོད་དང་སིལ་ཏོག་གི་ཕན་ནུས།
སྡུག་བསྔལ་གྱི་ཡོན་ཏན་ལྔ། 痛苦具有五种功德
དཔེ་ཝར་རྡོ་རྗེ་འཆང་གི་ཞལ་གསུང་བྱིན་ལྡན།白雅仁波切亲述祈请加持

༸སྐྱབས་རྗེ་དཔེ་ཝར་མཆོག་སྤྲུལ་རིན་པོ་ཆེའི་གསོལ་འདེབས།

༄༅། །དཔེ་ཝར་དང་རྫོང་སར་གཉིས་ལ་མཉམ་དུ་ཤར་བའི་ངོ་མཚར་བའི་འཇའ་ཚོ།

དཔེ་ཝར་རིན་པོ་ཆེ་གདུང་སེམས་མཉམ་བསྐྱེད་ཀྱི་ཞུ་འཕྲིན།

དཔེ་ཝར་རིན་པོ་མྱུར་བྱོན་གསོལ་འདེབས། གཟན་དཀར་རིན་པོ་ཆེ།

དཔེ་ཝར་རིན་པོ་མྱུར་བྱོན་གྱི་གསོལ་འདེབས།白雅仁波切速速转世祈请文

དཔེ་ཝར་མཆོག་སྤྲུལ་གྱི་བཞེངས་གསོལ་བསྐུལ་བ།

དཔེ་ཝར་རྡོ་རྗེ་འཆང་གི་རྣམ་ཐར་གསོལ་འདེབས། རབ་བརྟན་མཁན་དགེ་ལེགས།

དེ་རིང་མཁན་ཆེན་ཐུབ་བསྟན་མཁས་གྲུབ་མཆོག་གི་འདས་མཆོད།

རྩོམ་ཁུངས། 

འཕྲིན་སྟེགས།

དཔལ་ས་སྐྱའི་གཞན་ཕན་ཕུན་ཚོགས་གླིང་། 

སྒྲིག་སྦྱོར།

དཔལ་ས་སྐྱའི་གཞན་ཕན་ཕུན་ཚོགས་གླིང་རྩོམ་སྒྲིག་ཁང་། 

སྤེལ་གཏོང་འགན་འཛིན་པ།

བྱང་ཆུབ་ཀུན་དགའ་བསྟན་པ།


贤翩彭措林
诸恶莫作,众善奉行。自净其意,是诸佛教。
 最新文章