བླ་མ་ལམ་འབྲས་པ་འཇམ་སེང་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་བཞུགས་སོ། །
ཨོཾ་སྭསྟི།
ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཉིད།།
དྲན་པ་ཙམ་གྱིས་སྲིད་དང་ཞི་བ་ཡི།།
འཆི་བདག་འཇོམས་ཤིང་ཚེ་དཔག་མེད་པ་ཡི།།
གོ་འཕང་ཆེན་པོའི་དབང་མཆོག་བསྐུར་དུ་གསོལ།།
ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ།།
བདེ་བཤེགས་བྱེ་བ་བྱེ་བའི་ལང་ཚོའི་ཕུལ།།
ལྟ་བར་མི་མངོན་གཙུག་གཏོར་སྐུར་བཞེངས་པའི།།
འཕགས་མ་བདུད་ལས་རྣམ་པར་རྒྱལ་བ་ཡིས།།
འཆི་བདག་བདུད་དཔུང་གཡུལ་ལས་རྒྱལ་བར་མཛོད།།
ཨོཾ་ཨ་མྲྀ་ཏ་ཨཱ་ཡུརྡ་དེ་སྭཱ་ཧཱ།།
སྲིད་དང་ཞི་བའི་ཆོས་ཀུན་སྐད་ཅིག་ཏུ།།
ཡིད་བཞིན་འཁོར་ལོར་གྱུར་ཀྱང་བྱ་རྩོལ་གྱི།།
དྲི་མས་མ་གོས་སྒྲོལ་མ་དཀར་མོ་ཡིས།།
འདི་ནས་བྱང་ཆེན་བར་དུ་སྲུང་ཞིང་སྐྱོབས།།
ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ།།
བཙལ་དང་བསྒོམས་དང་བྲི་དང་གང་བ་ཡི།།
སྐྱོན་གྱིས་མ་གོས་ཚེ་དབང་རིག་པ་འཛིན།།
སྙིང་གི་དཀྱིལ་དུ་འདུ་འབྲལ་མེད་བཞུགས་པས།།
དེང་འདིར་ཚེ་དབང་ངོ་མཚར་བྱིན་ཆེན་ཕོབས།།
ཨོཾ་ཨཱཿ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨ་ཡུ་ཥེ་ཧཱུྃ་ནྲྀ་ཛཿ
ཐུབ་བསྟན་སྤྱི་དང་ཁྱད་པར་འཇམ་དབྱངས་ཀྱི།།
རིང་ལུགས་བཤད་སྒྲུབ་སེངྒེའི་ང་རོ་ཡིས།།
སྐལ་བཟང་རྣམ་གྲོལ་དགའ་ཚལ་འབྱེད་མཁས་པ།།
དགེ་བའི་བཤེས་གཉེན་ཆེན་པོ་ཞབས་བརྟན་གསོལ།།
ཆོས་ཀྱི་རྒྱལ་པོ་རྣམས་ཀྱི་ཐུགས་བསྐྱེད་བཞིན།།
བསྟན་འགྲོར་སྨན་པའི་བཞེད་དོན་མ་ལུས་པ།།
འབད་མེད་ལྷུན་གྱིས་འགྲུབ་པའི་དགེ་མཚན་གྱིས།།
དད་དང་ངེས་འབྱུང་བྱང་སེམས་དག་སྣང་དང་།།
འཁོར་འདས་དབྱེར་མེད་ལྟ་སྒོམ་སྤྱོད་པ་རྣམས།།
རྨི་ལམ་ཙམ་དུའང་མི་འབྲལ་བརྒྱུད་པ་ཡི།།
སྲོལ་ཁ་འཛིན་ཞིང་དཔལ་ལྡན་བླ་མ་ཡི།།
གོ་འཕང་ཚེ་འདི་ཉིད་ལ་འགྲུབ་པར་མཛོད།།
ཆོས་དབྱིངས་སྤྲོས་པའི་མཐའ་ལས་འདས་ན་ཡང་།།
ཆོས་ཅན་རྟེན་འབྲེལ་བྱ་བྱེད་རུང་བ་ཡིས།།
སྨོན་པའི་འབྲས་བཟང་ཅི་བསམ་ཆོས་བཞིན་དུ།།
སྟན་ཐོག་འདི་རུ་སྨིན་པའི་བཀྲ་ཤིས་ཤོག།
ཅེས་པའང་བླ་མ་ལས་འབྲས་པ་འཇམ་སེང་རིན་པོ་ཆེ་མཆོག་དགུང་སྐག་ཐོག་ཏུ་ཁེལ་ལ་ཉེ་བའི་སྐབས་སུ། དམ་པ་གང་ཉིད་ཀྱི་ཞལ་སློབ་རྣམས་ནས་ཞབས་བརྟན་ཞིག་འབྲི་བར་བསྐུལ་བས་རྐྱེན་བྱས། རང་ཉིད་ནས་ཀྱང་བླ་མ་རིན་པོ་ཆེས་སྙིགས་དུས་འདིར། བསྟན་པ་སྤྱི་དང་ཁྱད་པར་གསུང་ངག་རིན་པོ་ཆེ་སོགས་སྙན་བརྒྱུད་རྣམས་ཀྱི་བསྟན་པའི་མེ་རོ་ཁ་བཤད་ཀྱི་བཤད་ཡམ་ཙམ་མ་ཡིན་པར་ཁ་ཡོད་ལག་ཡོད། མཐོང་ཐོས་སུ་སླར་གསོ་མཛད་དང་མཛད་བཞིན་པའི་འདི་ལྟ་བུའི་སྐྱེས་བུ་རྣམས་ཉིན་རེ་ཙམ་ཞབས་པད་བརྟན་ཐུབ་ནའང་རྒྱལ་བའི་བསྟན་པ་རིན་པོ་ཆེའི་རྒྱན་དང་། དཔུང་དང་། གཉེན་དུ་འགྱུར་བའི་ཡིད་ཆེས་གཙང་མ་ཡོད་པར་བརྟེན། ད་ལམ་མཆོག་གསུམ་ཚེ་ལྷ་རྣམ་གསུམ་དང་། ཁྱད་པར་ཐོད་ཕྲེང་རྩལ་གྱི་སྐུ་ཚབ་རིག་འཛིན་གྱི་དྲུང་དུ། གནམ་ལོ་ལྕགས་གླང་ལོའི་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་བཟང་པོའི་ཉིན། རྫོང་སར་མཁྱེན་བརྩེའི་སྤྲུལ་མིང་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་ཇི་ལྟར་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག།
དཔལ་ས་སྐྱའི་འཇིགས་བྲལ་བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་དཔལ་བཟང་པོ་མཆོག་གི་རྣམ་ཐར
དཔེ་ཝར་རྡོ་རྗེ་འཆང་གི་གདུང་འབོད།
༸ཀླུ་ལྡིང་མཁན་ཆེན་གསུང་། དགེ་འདུན་པའི་བཅའ་ཡིག་ལ་མྱུར་དུ་གཟིགས།
ལྷ་རྒྱལ་སྲང་གི་ཆོས་སྡེའི་མཁས་དབང་སྡེ་དགེའི་ཤར་བླའི་རྣམ་བསྡུས།
འཇམ་དབྱངས་ཆོས་ཀྱི་ཉི་མ་རིན་པོ་ཆེ།
སྡེ་དགེའི་ནུབ་བླ་མ་འཇམ་དབྱངས་མཁྱེན་རབ་མཐའ་ཡས།
ལྷ་རྒྱལ་སྲང་གི་ཆོས་སྡེའི་རྡོར་འཛིན་ཨ་འཛི་ངག་དབང་བཟང་པོ
ཡིད་ལྷུང་ལྷ་རྒྱལ་དགོན་གྱི་གྲུབ་པའི་དབང་ཕྱུག་ངག་དབང་རིན་ཆེན་མཆོག
ཡིད་ལྷུང་ལྷ་རྒྱལ་དགོན་གྱི་དགུ་ཆེན་སྐབས་ཀྱི་འདྲ་པར་ཁག་གཅིག །
མ་ཧཱ་པཎྜི་ཏ་ཨ་འཛི་ནོར་བུ་དབང་རྒྱལ་རྗེས་དྲན་ཞུ། ལྷ་རྒྱལ་སྲང་།
བླ་མ་དགེ་འདུན་ཡར་འཕེལ་གྱི་རྣམ་ཐར།
མཁྱེན་རབ་མཐའ་ཡས་གསོལ་འདེབས།
གྲུབ་ཆེན་བརྒྱད་བཅུའི་སྐུ་པར་ཆ་ཚང་བཞུགས་སོ། །
མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལ་གེ་སར་གྱི་ལུང་བསྟན་བྱུང་ཚུལ།
འཇམ་མགོན་གུ་ནའི་མཛད་པའི་འཇམ་དབྱངས་མཁྱེན་བརྩེའི་རྣམ་ཐར།
ས་ཟླའི་དུས་ཆེན་ལ་ས་སྐྱ་གོང་མ། 萨噶月萨迦法王念诵 ཞལ་འདོན་སྒྲ་སྒམ།1
ས་ཟླའི་དུས་ཆེན་ལ་ས་སྐྱ་གོང་མ། 萨噶月萨迦法王念诵 ཞལ་འདོན་སྒྲ་སྒམ།2
རི་མོའི་ལམ་ནས་རྫོང་སར་རིན་པོ་ཆེའི་རྣམ་ཐར་མཇལ་བ། 宗萨仁波切传记
བཀའ་སློབ་དུས་ཐོག་ཆར་པ། འཁོན་གདུང་ཨ་བྷི་ཀིརྟ། 法王子无变金刚教言•及时甘霖
རྒྱལ་སྲས་ལག་ལེན་གྱི་དཔེ་རིས། 珍贵的佛子行三十七颂的图纸
སྐྱབས་མགོན་གོང་མ་ཁྲི་ཆེན་མཛད་རྣམ་དགུ་ཐང་། དྷཱི་ཕུ་མཁན་ཆེན།
༄༅། །གདམས་པ་རིན་ཆེན་ཕྲེང་མཛེས་ཞེས་བྱ་བ། 美丽璎珞:心之建言
༸ཀླུ་ལྡིང་མཁན་རྒན་གྱིས་ཁྲིད། སྒྲོལ་དཀར་ཚེ་སྒྲུབ་སྐོར། ཚན་པ་1-2-3
མར་མེའི་སྨོན་ལམ【供灯愿文】
སྒྲོལ་མ་ཉེར་གཅིག་གི་ཆོས་དབྱངས་གསར་པ། ལེན་མཁན་ཀུན་བཟང་རྡོ་རྗེ།
རྫོང་སར་༸མཁྱེན་བརྩེས་ཞལ་བཀོད་མཛད་པའི་སྒྲོལ་མ་ཉེར་གཅིག 二十一度母
བསྟོད་པའི་རྒྱལ་པོའི་རྒྱུད་ཕྱག་འཚལ་ཉེར་གཅིག་གི་བསྟོད། 二十一度母赞文
སངས་རྒྱས་སྨན་བླའི་དུས་ཆེན། 药师佛吉日
པཎ་ཆེན་ཤཱཀྱ་མཆོག་ལྡན་དང་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གཉིས་ཀྱི་རྩོད་པ་རྩོད་ལན་ཁག་གཅིག
གྲུབ་ཆེན་བརྒྱད་བཅུའི་སྐུ་པར་ཆ་ཚང་བཞུགས་སོ། །
བོད་ཀྱི་བཙུན་མ་ཐོག་མ་སུ་ཡིན་ནམ
སྔོ་ཚོད་དང་སིལ་ཏོག་གི་ཕན་ནུས།
སྡུག་བསྔལ་གྱི་ཡོན་ཏན་ལྔ། 痛苦具有五种功德
དཔེ་ཝར་རྡོ་རྗེ་འཆང་གི་ཞལ་གསུང་བྱིན་ལྡན།白雅仁波切亲述祈请加持
༸སྐྱབས་རྗེ་དཔེ་ཝར་མཆོག་སྤྲུལ་རིན་པོ་ཆེའི་གསོལ་འདེབས།
༄༅། །དཔེ་ཝར་དང་རྫོང་སར་གཉིས་ལ་མཉམ་དུ་ཤར་བའི་ངོ་མཚར་བའི་འཇའ་ཚོ།
དཔེ་ཝར་རིན་པོ་ཆེ་གདུང་སེམས་མཉམ་བསྐྱེད་ཀྱི་ཞུ་འཕྲིན།
དཔེ་ཝར་རིན་པོ་མྱུར་བྱོན་གསོལ་འདེབས། གཟན་དཀར་རིན་པོ་ཆེ།
དཔེ་ཝར་རིན་པོ་མྱུར་བྱོན་གྱི་གསོལ་འདེབས།白雅仁波切速速转世祈请文 དཔེ་ཝར་མཆོག་སྤྲུལ་གྱི་བཞེངས་གསོལ་བསྐུལ་བ།
དཔེ་ཝར་རྡོ་རྗེ་འཆང་གི་རྣམ་ཐར་གསོལ་འདེབས། རབ་བརྟན་མཁན་དགེ་ལེགས།
བླ་མ་ལམ་འབྲས་པ་འཇམ་སེང་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་བཞུགས་སོ། །
ཨོཾ་སྭསྟི།
ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཉིད།།
དྲན་པ་ཙམ་གྱིས་སྲིད་དང་ཞི་བ་ཡི།།
འཆི་བདག་འཇོམས་ཤིང་ཚེ་དཔག་མེད་པ་ཡི།།
གོ་འཕང་ཆེན་པོའི་དབང་མཆོག་བསྐུར་དུ་གསོལ།།
ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ།།
བདེ་བཤེགས་བྱེ་བ་བྱེ་བའི་ལང་ཚོའི་ཕུལ།།
ལྟ་བར་མི་མངོན་གཙུག་གཏོར་སྐུར་བཞེངས་པའི།།
འཕགས་མ་བདུད་ལས་རྣམ་པར་རྒྱལ་བ་ཡིས།།
འཆི་བདག་བདུད་དཔུང་གཡུལ་ལས་རྒྱལ་བར་མཛོད།།
ཨོཾ་ཨ་མྲྀ་ཏ་ཨཱ་ཡུརྡ་དེ་སྭཱ་ཧཱ།།
སྲིད་དང་ཞི་བའི་ཆོས་ཀུན་སྐད་ཅིག་ཏུ།།
ཡིད་བཞིན་འཁོར་ལོར་གྱུར་ཀྱང་བྱ་རྩོལ་གྱི།།
དྲི་མས་མ་གོས་སྒྲོལ་མ་དཀར་མོ་ཡིས།།
འདི་ནས་བྱང་ཆེན་བར་དུ་སྲུང་ཞིང་སྐྱོབས།།
ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ།།
བཙལ་དང་བསྒོམས་དང་བྲི་དང་གང་བ་ཡི།།
སྐྱོན་གྱིས་མ་གོས་ཚེ་དབང་རིག་པ་འཛིན།།
སྙིང་གི་དཀྱིལ་དུ་འདུ་འབྲལ་མེད་བཞུགས་པས།།
དེང་འདིར་ཚེ་དབང་ངོ་མཚར་བྱིན་ཆེན་ཕོབས།།
ཨོཾ་ཨཱཿ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨ་ཡུ་ཥེ་ཧཱུྃ་ནྲྀ་ཛཿ
ཐུབ་བསྟན་སྤྱི་དང་ཁྱད་པར་འཇམ་དབྱངས་ཀྱི།།
རིང་ལུགས་བཤད་སྒྲུབ་སེངྒེའི་ང་རོ་ཡིས།།
སྐལ་བཟང་རྣམ་གྲོལ་དགའ་ཚལ་འབྱེད་མཁས་པ།།
དགེ་བའི་བཤེས་གཉེན་ཆེན་པོ་ཞབས་བརྟན་གསོལ།།
ཆོས་ཀྱི་རྒྱལ་པོ་རྣམས་ཀྱི་ཐུགས་བསྐྱེད་བཞིན།།
བསྟན་འགྲོར་སྨན་པའི་བཞེད་དོན་མ་ལུས་པ།།
འབད་མེད་ལྷུན་གྱིས་འགྲུབ་པའི་དགེ་མཚན་གྱིས།།
དད་དང་ངེས་འབྱུང་བྱང་སེམས་དག་སྣང་དང་།།
འཁོར་འདས་དབྱེར་མེད་ལྟ་སྒོམ་སྤྱོད་པ་རྣམས།།
རྨི་ལམ་ཙམ་དུའང་མི་འབྲལ་བརྒྱུད་པ་ཡི།།
སྲོལ་ཁ་འཛིན་ཞིང་དཔལ་ལྡན་བླ་མ་ཡི།།
གོ་འཕང་ཚེ་འདི་ཉིད་ལ་འགྲུབ་པར་མཛོད།།
ཆོས་དབྱིངས་སྤྲོས་པའི་མཐའ་ལས་འདས་ན་ཡང་།།
ཆོས་ཅན་རྟེན་འབྲེལ་བྱ་བྱེད་རུང་བ་ཡིས།།
སྨོན་པའི་འབྲས་བཟང་ཅི་བསམ་ཆོས་བཞིན་དུ།།
སྟན་ཐོག་འདི་རུ་སྨིན་པའི་བཀྲ་ཤིས་ཤོག།
ཅེས་པའང་བླ་མ་ལས་འབྲས་པ་འཇམ་སེང་རིན་པོ་ཆེ་མཆོག་དགུང་སྐག་ཐོག་ཏུ་ཁེལ་ལ་ཉེ་བའི་སྐབས་སུ། དམ་པ་གང་ཉིད་ཀྱི་ཞལ་སློབ་རྣམས་ནས་ཞབས་བརྟན་ཞིག་འབྲི་བར་བསྐུལ་བས་རྐྱེན་བྱས། རང་ཉིད་ནས་ཀྱང་བླ་མ་རིན་པོ་ཆེས་སྙིགས་དུས་འདིར། བསྟན་པ་སྤྱི་དང་ཁྱད་པར་གསུང་ངག་རིན་པོ་ཆེ་སོགས་སྙན་བརྒྱུད་རྣམས་ཀྱི་བསྟན་པའི་མེ་རོ་ཁ་བཤད་ཀྱི་བཤད་ཡམ་ཙམ་མ་ཡིན་པར་ཁ་ཡོད་ལག་ཡོད། མཐོང་ཐོས་སུ་སླར་གསོ་མཛད་དང་མཛད་བཞིན་པའི་འདི་ལྟ་བུའི་སྐྱེས་བུ་རྣམས་ཉིན་རེ་ཙམ་ཞབས་པད་བརྟན་ཐུབ་ནའང་རྒྱལ་བའི་བསྟན་པ་རིན་པོ་ཆེའི་རྒྱན་དང་། དཔུང་དང་། གཉེན་དུ་འགྱུར་བའི་ཡིད་ཆེས་གཙང་མ་ཡོད་པར་བརྟེན། ད་ལམ་མཆོག་གསུམ་ཚེ་ལྷ་རྣམ་གསུམ་དང་། ཁྱད་པར་ཐོད་ཕྲེང་རྩལ་གྱི་སྐུ་ཚབ་རིག་འཛིན་གྱི་དྲུང་དུ། གནམ་ལོ་ལྕགས་གླང་ལོའི་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་བཟང་པོའི་ཉིན། རྫོང་སར་མཁྱེན་བརྩེའི་སྤྲུལ་མིང་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་ཇི་ལྟར་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག།
དཔལ་ས་སྐྱའི་འཇིགས་བྲལ་བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་དཔལ་བཟང་པོ་མཆོག་གི་རྣམ་ཐར
དཔེ་ཝར་རྡོ་རྗེ་འཆང་གི་གདུང་འབོད།
༸ཀླུ་ལྡིང་མཁན་ཆེན་གསུང་། དགེ་འདུན་པའི་བཅའ་ཡིག་ལ་མྱུར་དུ་གཟིགས།
སྒྲོལ་མ་ཉེར་གཅིག་གི་ཆོས་དབྱངས་གསར་པ། ལེན་མཁན་ཀུན་བཟང་རྡོ་རྗེ། རྫོང་སར་༸མཁྱེན་བརྩེས་ཞལ་བཀོད་མཛད་པའི་སྒྲོལ་མ་ཉེར་གཅིག 二十一度母 བསྟོད་པའི་རྒྱལ་པོའི་རྒྱུད་ཕྱག་འཚལ་ཉེར་གཅིག་གི་བསྟོད། 二十一度母赞文 སངས་རྒྱས་སྨན་བླའི་དུས་ཆེན། 药师佛吉日 པཎ་ཆེན་ཤཱཀྱ་མཆོག་ལྡན་དང་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གཉིས་ཀྱི་རྩོད་པ་རྩོད་ལན་ཁག་གཅིག གྲུབ་ཆེན་བརྒྱད་བཅུའི་སྐུ་པར་ཆ་ཚང་བཞུགས་སོ། ། བོད་ཀྱི་བཙུན་མ་ཐོག་མ་སུ་ཡིན་ནམ སྔོ་ཚོད་དང་སིལ་ཏོག་གི་ཕན་ནུས། སྡུག་བསྔལ་གྱི་ཡོན་ཏན་ལྔ། 痛苦具有五种功德
དཔེ་ཝར་མཆོག་སྤྲུལ་གྱི་བཞེངས་གསོལ་བསྐུལ་བ།
དཔེ་ཝར་རྡོ་རྗེ་འཆང་གི་རྣམ་ཐར་གསོལ་འདེབས། རབ་བརྟན་མཁན་དགེ་ལེགས།
རྩོམ་ཁུངས།
འཕྲིན་སྟེགས།
དཔལ་ས་སྐྱའི་གཞན་ཕན་ཕུན་ཚོགས་གླིང་།
སྒྲིག་སྦྱོར།
དཔལ་ས་སྐྱའི་གཞན་ཕན་ཕུན་ཚོགས་གླིང་རྩོམ་སྒྲིག་ཁང་།
སྤེལ་གཏོང་འགན་འཛིན་པ།
བྱང་ཆུབ་ཀུན་དགའ་བསྟན་པ།