无牌无证驾驶危害大
酒后驾驶危害大
饮酒会导致驾驶人触觉能力、判断能力和操作能力降低,引起视觉障碍和身体疲劳,轻者与道路上的其他车辆和人员发生剐碰,重者危及他人和自身的生命财产安全。切记饮酒不驾车、驾车不饮酒!
面包车不能超员载人
有些农村驾驶员经常驾驶微型面包车载亲朋好友集中出行。微型面包车车身结构强度不足,制动性能和侧倾稳定性差,若超员行驶,会影响车辆的安全性能,加之农村地区道路狭窄,陡坡、急弯较多,容易发生侧翻、刹车失灵等问题,严重时会造成群死群伤的重大交通事故。
三轮车、农用车辆不得载人
三轮汽车、拖拉机和低速载货汽车等车辆都不是载人的交通工具,缺少对乘坐人的安全保护措施,主要用于农业生产活动,一般车身较大,重心偏高,车辆安全性能差。此类车辆在坑洼不平、陡坡等路况下行驶、转弯或掉头时,易发生侧翻,导致乘坐人员伤亡。农用车与其他车辆发生碰撞时,由于缺乏防护措施,容易导致群死群伤事故发生。
驾乘车辆系好安全带
驾乘车辆不系安全带是很危险的行为。车辆发生碰撞、紧急刹车或侧翻时,安全带能将驾乘人员固定在座椅上,有效减少事故伤害,关键时刻还能挽救生命。据科学统计,使用安全带可使驾驶人和前座乘客遭受伤害的风险降低40%~50%,使后排乘客的致命伤害风险降低25%~75%。安全带=生命带,驾乘车辆时请一定要系好安全带!
客货混装危害大
货车、客车功能各不相同,客车内如果装有大量货物,首先影响驾驶员的视线,其次对车辆制动也是个极大的考验,另外如果发生紧急情况,驾驶员急踩刹车,后方货物很可能迅速拥至前方,影响驾驶人的正常操作甚至造成伤害。此外,一旦发生事故,货物会和车内乘客混杂在一起,对救援也极其不利。因此,广大驾驶人千万不要存有侥幸心理,轻视客货混装的危害性。
货运车辆不超载
农忙时节,农民群众运货进出要严格遵守交通法规,注意安全。货运车辆超载,会导致轮胎因负荷过重而变形甚至爆裂,还容易使车辆转向困难、刹车失灵,进而导致交通事故。
不驾驶报废车辆
报废车辆不符合国家机动车运行安全技术条件,机械性能差、零部件老旧,操作灵活性、稳定性、制动性能等大大降低。驾驶报废车辆上路,容易出现半路熄火、刹车失灵、转向失控、爆胎等各种险情,危及驾驶人和他人的生命财产安全。农村驾驶员朋友一定要到正规地点购买技术标准符合国家规定的车辆,千万不能图便宜购置报废车辆。当自家车辆达到报废标准,要严格按照报废程序进行报废处理,切勿驾驶报废车辆上路。
驾乘摩托车、电动车要佩戴安全头盔
摩托车、电动车机动灵活但稳定性较差,在发生事故时致残率、致死率极高,因此,摩托车、电动车驾乘人员要按规定佩戴合适的头盔,据科学数据显示,佩戴高质量安全头盔能够有效减少头部伤害,将死亡风险减低40%,将严重伤害风险降低40%以上。此外驾驶人最好穿着颜色明艳的衣物或反光衣,切忌为挡风御寒反穿外衣,以免影响正常操作,引发事故。
拒绝乘坐超员车辆
广大农民朋友要切实增强自我保护意识,要拒绝乘坐超员车辆。车辆超员后,极易因轮胎负荷过重、变形过大引发爆胎,并严重影响车辆转向和刹车性能,使车辆出现突然偏驶、制动失灵、转向失控等危险情况,导致交通事故的发生。
禁止疲劳驾驶
驾驶员要有足够的睡眠,切勿疲劳驾驶,若是感到乏困,最好是及时停车休息,呼吸新鲜空气,确保有足够的精力再进行正常行驶。
危险路段行车要当心
农村道路等级低,受自然条件影响,有些路段依山傍水修建,坡路和弯道较多,视线不开阔。给行车安全带来威胁。农村驾驶员朋友驾车行经此类危险路段时,一定要提前检查车况,尤其是刹车系统,避免长下坡刹车失灵,行车时注意保持车距,不要超车、猛打方向和急刹车,要谨慎驾驶,仔细观察,减速慢行,合理使用喇叭,不确定前面路况时,必要时要下车观察,确定路况安全后再通行。
遇到集市请慢行
通过集市、街道等人群聚集路段时,要有耐心,减速慢行,多通过后视镜观察周边情况,密切关注人群行走动态,应特别注意老年人和小孩,要与行人保持一定的安全距离,避免因拥挤而剐蹭背包或行人的其他物件导致交通事故。通过人群密集的地方要控制好速度,尽量不要倒车,如确需倒车,要有人指挥,否则易发生剐蹭或碾压事故。
海南交警提示:
交通安全关系到每个人的生命安全和家庭幸福,希望广大交通参与者在增强交通安全意识的同时,养成文明参与交通的良好习惯,远离交通事故的伤害,这也是我们共同的社会责任。让我们同心携手,共建交通文明、共享交通畅通和谐。
ཁ་ལོ་བའི་ལག་ཁྱེར་མེད་པར་རླངས་འཁོར་བསྐོར་ན་གནོད་སྐྱོན་ཆེ།
ཆང་འཐུངས་རྗེས་རླངས་འཁོར་བསྐོར་ན་གནོད་སྐྱོན་ཆེ།
ཆང་འཐུང་ནསརླངས་འཁོར་བསྐོར་བའི་གནས་ཚུལ་ཡང་ཇེ་མང་དུ་འགྲོ་བཞིན་ཡོད། ཆང་འཐུང་རྗེས་ཁ་ལོ་པའི་རེག་ཚོར་ནུས་པ་དང་། བརྡར་ཤ་གཅོད་ནུས། བཀོལ་སྤྱོད་བྱེད་ནུས་བཅས་ཇེ་དམའ་རུ་སོང་ནས། མིག་ཤེས་ཉམས་པ་དང་ལུས་པོར་ངལ་དུབ་འབྱུང་བ། རླངས་འཁོར་དང་མིའི་བར་ལ་ཐུག་རེག་འབྱུང་བ། མི་གཞན་དང་རང་ཉིད་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཉེན་ཁ་བཟོ་བ་གནས་ཚུལ་འབྱུང་སླ་བས། རླངས་འཁོར་ཁ་ལོ་བ་ཚོས་ཆང་འཐུང་ནས་རླངས་འཁོར་མི་བསྐོར་བར་གལ།
འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་མི་ཚད་ལས་བརྒལ་མི་ཆོག
ཁ་ལོ་བ་འགའ་ཞིག་གིས་རྒྱུན་དུ་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་བསྐོར་ནས་གཉེན་ཉེ་དང་གྲོགས་པོ་མཉམ་དུ་བསྐྱོད་ཀྱིན་ཡོད། འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱི་གྲུབ་ཚུལ་མི་འདང་བ་དང་།བཀག་གཏོང་ནུས་པ་དང་གཞོགས་གཅིག་གི་བརྟན་པོའི་རང་བཞིན་ཞན་པས། གལ་སྲིད་འགྲུལ་ཚད་ལས་བརྒལ་ནས་བསྐྱོད་ཚེ་རླངས་འཁོར་གྱི་བདེ་འཇགས་ནུས་པར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་མ་ཟད།གྲོང་གསེབ་ཀྱི་འགྲོ་ལམ་གུ་དོག་པ་དང་། ཐུར་ལམ་དང་གུག་ལམ་མང་བས། གཞོགས་སློག་དང་འཁོར་འགག་གི་ནུས་པ་ཉམས་པ་སོགས་ཀྱི་གནད་དོན་ཐོན་སླ། ཚབས་ཆེ་བའི་སྐབས་སུ་མང་ཚོགས་འཆི་རྨས་ཀྱི་ཚབས་ཆེའི་འགྲིམ་འགྲུལ་དོན་རྐྱེན་ཡང་ཐོན་སླ།
འཁོར་གསུམ་འཁོར་རིགས། ཞིང་སྤྱོད་འཁོར་རིགས་མི་སྡོད་མི་ཆོག
འཁོར་གསུམ་རླངས་འཁོར། འདྲུད་འཐེན་འཁོར་ལོ། འགྲོས་དལ་དོས་འདྲེན་རླངས་འཁོར་སོགས་ནི་མི་སྡོད་པའི་རླངས་འཁོར་མིནམཔ་དང་། དེར་མི་སྡོད་ཆོག་པའི་བདེ་འཇགས་སྲུང་སྐྱོང་གི་བྱེད་ཐབས་མི་འདང་བ་དང་། གཙོ་བོ་ཞིང་ལས་ཐོན་སྐྱེད་ཀྱི་བྱ་འགུལ་དུ་བཀོལ་བཞིན་ཡོད། རླངས་འཁོར་འདིའི་སྐོར་ཅུང་ཆེ་བ་དང་། ལྗིད་ལྟེ་ཅུང་མཐོ་བ། རླངས་འཁོར་གྱི་བདེ་འཇགས་ནུས་པ་བཅས་ཅུང་ཞན་པ་རེད། རླངས་འཁོར་དེ་རིགས་གཤོང་སར་ཁོད་མི་སྙོམས་པ་དང་། གྱེན་ཐུར་སོགས་པའི་ལམ་འོག་ཏུ་སྐྱོད་སྐབས་ལོགས་སུ་བསློགས་ནས་མི་ཤི་རྨས་བྱུང་བའི་གནས་ཚུལ་འབྱུང་སླ། གལ་ཏེ་ཞིང་སྤྱོད་རླངས་འཁོར་དང་རླངས་འཁོར་གཞན་དག་གདོང་ཐུག་བྱུང་སྐབས་འགོག་སྲུང་བྱ་ཐབས་མེད་པའི་རྐྱེན་གྱིས་མང་ཚོགས་ཤི་རྨས་ཀྱི་དོན་རྐྱེན་ཡང་ཐོན་སླ།
རླངས་འཁོར་སྡོད་སྐབས་བདེ་འཇགས་སྐྱོབ་ཐག་ངེས་པར་དུ་རྒྱག་དགོས།
རླངས་འཁོར་སྡོད་སྐབས་བདེ་འཇགས་སྐྱོབ་ཐག་མི་རྒྱག་པ་ནི་ཉེན་ཁ་ཆེ་བའི་བྱ་སྤྱོད་ཅིག་ཡིན། འཁོར་རིགས་གདོང་ཐུག་བྱུང་བ་དང་། མྱུར་བྲེལ་འཁོར་འགག་གམ་ཡང་ན་ལོགས་སུ་བསློགས་སྐབས།བདེ་འཇགས་སྐྱོབ་ཐག་གིས་འཁོར་རིགས་སྡོད་སའི་རྐུབ་སྟེགས་ཐོག་གཏན་འཁེལ་བྱས་ནས་དོན་རྐྱེན་གྱི་གནོད་འཚེ་ཇེ་དམའ་རུ་གཏོང་ཐུབ་པ་མ་ཟད། ད་དུང་ཚེ་སྲོག་ཡང་སྐྱོབ་ཐུབ། ཚན་རིག་དང་མཐུན་པར་སྡོམ་རྩིས་བྱས་པ་ལྟར་ན། བདེ་འཇགས་སྐྱོབ་ཐག་གིས་ཁ་ལོ་བ་དང་མདུན་སྟེགས་ཀྱི་འགྲུལ་པར་གནོད་འཚེ་ཐེབས་པའི་ཉེན་ཁ40%ནས50%ཇེ་དམའ་རུ་གཏོང་ཐུབ་ལ། གཞུག་གྲལ་གྱི་འགྲུལ་པས་ཚེ་སྲོག་ལ་གནོད་འཚེ་ཐེབས་པའི་ཉེན་ཁ25%-75%ཇེ་དམའ་རུ་གཏོང་ཐུབ། བདེ་འཇགས་སྐྱོབ་ཐག་ནི་ཚེ་སྲོག་སྐྱོབ་པའི་ཐག་པ་ཡིན་པས། རླངས་འཁོར་བསྐོར་བའམ་རླངས་འཁོར་བསྡོད་སྐབས་ངེས་པར་དུ་་བདེ་འཇགས་སྐྱོབ་ཐག་རྒྱག་པར་གལ།
འགྲུལ་ཟོག་མཉམ་བསྲེས་ཀྱི་རླངས་འཁོར་ལ་གནོད་སྐྱོན་ཆེ།
དོས་འདྲེན་རླངས་འཁོར་དང་འགྲུལ་སྐྱེལ་རླངས་འཁོར་གྱི་ནུས་པ་མི་འདྲ་བས། འགྲུལ་སྐྱེལ་རླངས་འཁོར་ནང་དུ་དངོས་ཟོག་འབོར་ཆེན་བླུགས་ཡོད་ན། ཐོག་མར་ཁ་ལོ་བའི་མཐོང་ལམ་ལ་གནོད་པ་དང་། དེ་ནས་རླངས་འཁོར་གྱི་བཀག་གཏོང་ལ་ཡང་ཉམས་སད་ཆེན་པོ་ཐེབས་ཀྱི་ཡོད། དེ་མིན་གལ་ཏེ་གནས་ཚུལ་ཛ་དྲག་བྱུང་ན། ཁ་ལོ་བས་མགྱོགས་མྱུར་ངང་རླངས་འཁོར་བསྡད་སུ་བཅུག་ན་རྒྱབ་ཕྱོགས་ཀྱི་དངོས་ཟོག་མགྱོགས་མྱུར་ངང་མདུན་ཕྱོགས་སུ་བསྐྱོད་དེ་ཁ་ལོ་པའི་རྒྱུན་ལྡན་གྱི་བཀོལ་སྤྱོད་ལ་གནོད་པ་དང་ཐ་ན་གནོད་འཚེ་བཟོ་སྲིད། གཞན་ཡང་དོན་རྐྱེན་བྱུང་ཚེ་དངོས་ཟོག་དང་རླངས་འཁོར་ནང་གི་འགྲུལ་པ་མཉམ་དུ་བསྲེས་ཚེ་རོགས་སྐྱོབ་ལ་ཧ་ཅང་གནོད་ཀྱི་ཡོད་པ་རེད། དེར་བརྟེན།རྒྱ་ཆེའི་ཁ་ལོ་པས་སྟེས་དབང་གི་བསམ་ཚུལ་གཏན་ནས་འཛིན་མི་རུང་སྟེ། འགྲུལ་ཟོག་མཉམ་བསྲེས་ཀྱི་གནོད་འཚེའི་རང་བཞིན་ལ་མཐོང་ཆུང་བྱེད་དགོས།
ཟོག་འདྲེན་རླངས་འཁོར་གྱི་ཤོང་ཚད་ལས་བརྒལ་བ་མི་རུང་།
སྟོན་དུས་ནི་ཞིང་བྲེལ་དུས་ཡིན་ཞིང་། ཞིང་པ་མང་ཚོགས་ཀྱིས་ཚོང་ཟོག་སྐྱེལ་འདྲེན་བྱེད་སྐབས་འགྲིམ་འགྲུལ་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་བྱས་ནས་བདེ་འཇགས་ལ་དོ་སྣང་བྱེད་དགོས། དོས་འདྲེན་རླངས་འཁོར་གྱི་ཤོང་ཚད་ལས་བརྒལ་ན་འཁོར་ལོའི་ཁུར་པོ་ལྕི་དྲགས་པའི་དབང་གིས་བཟོ་ལྟ་འགྱུར་བ་མ་ཟད། ད་དུང་འཁོར་རིགས་ཀྱི་ཁ་ལོ་བསྒྱུར་དཀའ་བ་དང་འཁོར་བཀག་ནུས་པ་ཤོར་ནས་འགྲིམ་འགྲུལ་གྱི་དོན་རྐྱེན་ཐོན་སླ།
བེད་མེད་རླངས་འཁོར་གཏོང་མི་རུང་།
བེད་མེད་དུ་བཏང་བའི་འཁོར་རིགས་རྒྱལ་ཁབ་ཀྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་བདེ་འཇགས་ལག་རྩལ་གྱི་ཆ་རྐྱེན་དང་མི་མཐུན་པ་དང་། འཕྲུལ་ཆས་ཀྱི་ནུས་པ་ཞན་པ། ལྷུ་ལག་རྙིང་པ་ཡིན་པ། བཀོལ་སྤྱོད་སྟབས་བསྟུན་རང་བཞིན་དང་། གཏན་འཇགས་རང་བཞིན། བཀག་གཏོང་གི་ནུས་པ་སོགས་ཞན་པས། བེད་མེད་དུ་བཏང་བའི་རླངས་འཁོར་བསྐོར་སྐབས་ལམ་བར་དུ་མེ་བསད་པ་དང་། འཁོར་ལོའི་བཀག་གཏོང་གི་ནུས་པ་ཤོར་བ། ཁ་ཕྱོགས་བསྒྱུར་མི་ཐུབ་པ། འཁོར་ལོ་བཀད་པ་སོགས་ཀྱི་ཉེན་ཁ་ཐོན་སླ་བས་ཁ་ལོ་བ་དང་མི་གཞན་གྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཉེན་ཁ་བཟོ་གི་ཡོད། གྲོང་གསེབ་ཀྱི་ཁ་ལོ་བ་དང་གྲོགས་པོ་ཚོས་ངེས་པར་དུ་ཚད་ལྡན་གྱི་སྒོ་ནས་ལག་རྩལ་གྱི་ཚད་གཞི་དེ་རྒྱལ་ཁབ་ཀྱི་གཏན་འབེབས་དང་མཐུན་པའི་རླངས་འཁོར་ཉོ་དགོས་པ་ལས་གོང་ཁེ་པོས་བེད་མེད་རླངས་འཁོར་ཉོས་ན་གཏན་ནས་མི་འགྲིག རང་ཁྱིམ་གྱི་རླངས་འཁོར་བེད་མེད་དུ་གཏོང་བའི་ཚད་གཞིར་སླེབས་སྐབས་བེད་མེད་དུ་གཏོང་བའི་གོ་རིམ་ལྟར་བེད་མེད་དུ་གཏོང་བའི་ཐག་གཅོད་ནན་པོ་བྱེད་དགོས་པ་ལས་བེད་མེད་དུ་གཏོང་བའི་རླངས་འཁོར་བཏང་ནས་ལམ་དུ་བསྐྱོད་མི་རུང་།
འཕྲུལ་རྟ་དང་གློག་སྒུལ་འཁོར་ལོར་གཏོང་སྐབས་བདེ་འཇགས་ཞྭ་མོ་ངེས་པར་དུ་གྱོན་དགོས།
འཕྲུལ་རྟ་དང་གློག་སྒུལ་འཁོར་རིགས་སྟབས་བདེ་ཡིན་མོད།འོན་ཀྱང་དེའི་བརྟན་པོའི་རང་བཞིན་ཞན་པས་དོན་རྐྱེན་བྱུང་སྐབས་དབང་པོར་རྨས་སྐྱོན་ཤོར་བ་དང་ཤི་ཚད་ཧ་ཅང་མཐོ་བས། དེར་བརྟེན་འཕྲུལ་རྟ་དང་གློག་སྒུལ་འཁོར་རིགས་ཀྱི་ཁ་ལོ་བས་གཏན་འབེབས་ལྟར་འོས་འཚམ་གྱི་བདེ་འཇགས་ཞྭ་མོ་གྱོན་དགོས། ཚན་རིག་གི་གྲངས་གཞི་ལས་མངོན་པར་གཞིགས་ན། སྤུས་ཚད་མཐོ་བའི་བདེ་འཇགས་ཞྭ་མོ་གྱོན་ཚེ་མགོ་ལ་རྨས་སྐྱོན་ཕོག་ཚད་ཇེ་དམའ་རུ་འགྲོ་ཐུབ་པ་དང་། ཤི་བའི་ཉེན་ཁ40%ཇེ་དམའ་རུ་འགྲོ་ཐུབ་པ། གནོད་འཚེ་ཚབས་ཆེན་ཕོག་པའི་ཉེན་ཁ་40%ཡན་ཇེ་དམའ་རུ་གཏོང་ཐུབ། དེ་མིན་ཁ་ལོ་པས་ཁ་དོག་གསལ་བའི་གྱོན་ཆས་དང་ལྡོག་འོད་ཀྱི་གྱོན་ཆས་གྱོན་ན་དེ་བས་ལེགས།
འགྲུལ་ཚད་ལས་བརྒལ་བའི་རླངས་འཁོར་ལ་སྡོད་མི་རུང་།
རྒྱ་ཆེའི་ཞིང་པ་གྲོགས་པོ་ཚོས་རང་ཉིད་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས་འགྲུལ་ཚད་ལས་བརྒལ་བའི་རླངས་འཁོར་ལ་སྡོད་པའི་བྱ་སྤྱོད་གཏན་འགོག་བྱེད་དགོས། འཁོར་རིགས་འགྲུལ་ཚད་ལས་བརྒལ་རྗེས། འཁོར་ལོའི་ཁུར་པོ་ལྕི་དྲགས་པ་དང་། བཟོ་ལྟ་འགྱུར་བ་ཆེ་དྲགས་པའི་རྐྱེན་གྱིས་འཁོར་ལོ་འབར་གས་ཡོང་སླ་བ་མ་ཟད། འཁོར་རིགས་ཀྱི་འཁོར་མཚམས་དང་འཁོར་འགག་གི་ནུས་པར་ཤུགས་རྐྱེན་ཚབས་ཆེན་བཟོས་ཏེ། འཁོར་རིགས་གློ་བུར་དུ་འཁོར་བ་དང་། བཀག་གཏོང་གི་ནུས་པ་ཤོར་བ། ཁ་བསྒྱུར་གྱི་ནུས་པ་ཤོར་བ་སོགས་ཀྱི་ཉེན་ཁའི་གནས་ཚུལ་ཐོན་ནས་འགྲིམ་འགྲུལ་དོན་རྐྱེན་འབྱུང་སླ།
ངལ་དུབ་ངང་རླངས་འཁོར་བསྐོར་མི་རུང་།
ཁ་ལོ་བར་གཉིད་འདང་དགོས་བ་དང་ངལ་དུབ་ངང་ཁ་ལོ་བསྒྱུར་མི་རུང་། གལ་ཏེ་ཐང་ཆད་ན། དུས་ཐོག་ཏུ་རླངས་འཁོར་བསྡད་ནས་ངལ་གསོ་རུ་འཇུག་པ་དང་། མཁའ་དབུགས་གཙང་མ་རྔུབ་ནས་ངལ་གསོ་བྱེད་དགོས།
རླངས་འཁོར་བཏང་ནས་ཉེན་ཁ་ཆེ་བའི་ལམ་དུམ་བརྒྱུད་སྐབས་གཟབ་ནན་བྱེད་དགོས།
གྲོང་གསེབ་འགྲོ་ལམ་གྱི་རིམ་པ་ཅུང་དམའ་བ་དང་རང་བྱུང་ཆ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པས།ལམ་དུམ་བུ་ཁ་ཤས་ལ་རི་ཆུ་ལས་ཐག་ཉེ་བའི་ངང་བསྐྲུན་པ་དང་ཐུར་ལམ་དང་གུག་པའི་ལམ་བུ་མང་ཙམ་ཡོད་པས་མཐོང་རྒྱ་ཆེན་པོ་མེད་པས། རླངས་འཁོར་གྱི་བདེ་འཇགས་ལ་ཉེན་ཁ་བཟོ་བ། གྲོང་གསེབ་ཀྱི་ཁ་ལོ་བས་རླངས་འཁོར་བཏང་ནས་ཉེན་ཁ་ཆེ་བའི་ལམ་བུར་སྐྱོད་སྐབས། ངེས་པར་དུ་སྔོན་གྱི་འཁོར་རིགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱེད་དགོས་པ་དང་། ལྷག་པར་དུ་འཁོར་འགག་མ་ལག་ལ་སྐྱོན་མི་ཡོང་བ་བྱེད་དགོས་ཤིང་། འཁོར་རིགས་གཏོང་སྐབས་རླངས་འཁོར་གྱི་བར་ཐག་ལ་དོ་སྣང་བྱེད་དགོས་པ་ལས། རླངས་འཁོར་གཞན་ནས་བརྒལ་དང་། གློ་བུར་དུ་ཁ་ཕྱོགས་བསྒྱུར་བ། མྱུར་འགག་བཅས་བྱེད་མི་རུང་བར་གཟབ་ནན་ངང་འཁོར་རིགས་གཏོང་བ་དང་། ལྟ་ཞིབ་ནན་མོ་བྱེད་པ། མྱུར་ཚད་ཇེ་དལ་དུ་བཏང་ནས། རྒྱང་བསྒྲགས་ལུགས་མཐུན་ངང་སྤྱོད་པ་བཅས་བྱས་ནས་མདུན་གྱི་ལམ་བུའི་གནས་ཚུལ་གསལ་བོ་རྒྱུས་ལོན་བྱེད་མི་ཐུབ་པའི་འོག་ངེས་པར་དུ་རླངས་འཁོར་ལས་བབས་ནས་ལྟ་ཞིབ་བྱས་ཏེ་ལམ་གྱི་བདེ་འཇགས་རྒྱུས་ལོན་གསལ་བོ་བྱས་རྗེས་ད་བཟོད་བསྐྱོད་ཆོག
ཚོང་འདུས་འཕྲད་ན་དལ་མོ་བྱོས།
ཚོང་འདུས་དང་ཁྲོམ་ལམ་སོགས་པའི་མི་ཚོགས་མཉམ་དུ་ལམ་བུ་བརྒྱུད་སྐབས་རླངས་འཁོར་གྱི་མྱུར་ཚད་ཇེ་དལ་དུ་བཏང་ནས། རྒྱབ་མཐོང་མེ་ལོང་སྤྱད་དེ་ཉེ་འཁོར་གྱི་གནས་ཚུལ་ལ་ལྟ་ཞིབ་བྱེད་པ་དང་། མི་ཚོགས་འགྲོ་བསྐྱོད་བྱེད་པའི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱེད་དགོས། ལྷག་པར་དུ་རྒན་རྒོན་དང་བྱིས་པ་ལ་དོ་སྣང་བྱེད་དགོས། རྐང་ཐང་བ་དང་བདེ་འཇགས་ཀྱི་བར་ཐག་ངེས་ཅན་ཞིག་རྒྱུན་འཁྱོངས་བྱས་ནས་འགྲིམ་འགྲུལ་དོན་རྐྱེན་མི་ཡོང་བ་བྱེད་དགོས། མི་ཚོགས་མང་བའི་ས་ནས་མྱུར་ཚད་ཚོད་འཛིན་བྱེད་དགོས་པ་དང་། གང་ཐུབ་ཀྱིས་ཕྱི་ནུར་བྱེད་མི་རུང་། གལ་ཏེ་ཕྱིར་སྣུར་བྱེད་དགོས་ཚེ་བཀོད་འདོམས་བྱེད་མཁན་ཡོད་དགོས།
མཚོ་ལྷོ་འགྲིམ་འགྲུལ་ཉེན་རྟོག་པའི་གསལ་བརྡ།
འགྲིམ་འགྲུལ་བདེ་འཇགས་ནི་མི་ཚང་མའི་ཚེ་སྲོག་བདེ་འཇགས་དང་ཁྱིམ་ཚང་གི་བདེ་སྐྱིད་དང་འབྲེལ་བ་ཡོད་པས། རྒྱ་ཆེའི་འགྲིམ་འགྲུལ་ནང་ཞུགས་མཁན་ཚོས་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཆབས་ཅིག་ཡ་རབས་ངང་འགྲིམ་འགྲུལ་ནང་ཞུགས་པའི་གོམས་གཤིས་བཟང་པོ་འཇགས་པར་བྱས་ཏེ་འགྲིམ་འགྲུལ་ལས་འཛོལ་གྱི་གནོད་འཚེ་ལས་ཐག་རིང་དུ་གཏོང་དགོས།དེ་ཡང་ང་ཚོ་ཐུན་མོང་གི་སྤྱི་ཚོགས་འགན་འཁྲི་ཞིག་རེད། ང་ཚོས་སེམས་པ་གཅིག་མཐུན་དང་ལག་གདང་སྦྲེལ་ནས་འགྲིམ་འགྲུལ་ཤེས་དཔལ་མཉམ་སྐྲུན་དང་འགྲིམ་འགྲུལ་ཤར་གཏོང་ཐུབ་པ་དང་ཞི་མཐུན་མཉམ་སྤྱོད་བྱེད་དགོས།