欢迎提供新闻线索:lztvxwb@qq.com
10月21日,由日喀则市委宣传部、中共拉孜县委员会、拉孜县人民政府主办,拉孜县文化和旅游局承办的“历史最悠久的藏式堆谐踢踏舞——日喀则拉孜堆谐”世界纪录认证仪式在拉孜县热萨乡强公村“3185”旅游综合服务广场隆重举行。县委书记席付平出席认证仪式。
ཟླ་10ཚེས་21ཉིན། གཞིས་རྩེ་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་། ཀྲུང་གུང་ལྷ་རྩེ་རྫོང་ཨུ་ཡོན་ལྷན་ཁང་། ལྷ་རྩེ་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། ལྷ་རྩེ་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་འགན་གཉེར་བྱས་པའི་“གཞིས་ཀ་རྩེ་ལྷ་རྩེའི་སྟོད་གཞས་ནི་ལོ་རྒྱུས་ཡུན་རིང་ཤོས་ཀྱི་བོད་ལུགས་སྒྲ་སྙན་འཁྲུག་གཞས”ཞེས་འཛམ་གླིང་གི་ཟིན་ཐོར་བཀོད་པའི་བདེན་དཔང་ར་སྤྲོད་ཀྱི་མཛད་སྒོ་དེ་ལྷ་རྩེ་རྫོང་རེ་ས་ཤང་བྱང་ཀོང་གྲོང་ཚོའི“3185”ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། རྫོང་ཨུད་ཀྱི་ཧྲུའུ་ཅི་ཞི་ཕུའུ་ཕིང་མཛད་སྒོ་དེར་ཞུགས་ཡོད་པ་རེད།
认证活动上,拉孜县艺术团18名演职人员身着堆谐服装,上演了经典作品《飞弦踏春》。悠扬的扎念琴声、欢快的踢踏舞声、动听的藏民族音乐声,迎来了现场阵阵欢呼。
མཛད་སྒོའི་ཐོག་ལྷ་རྩེ་རྫོང་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་18ཀྱིས་འཁྲབ་སྟོན་གྱི་གྱོན་ཆས་ལེགས་པར་གྱོན་ནས་ལྷ་རྩེའི་སྟོད་གཞས་ཀྱི་བརྩམ་བྱ་ལེགས་གྲས་《དཔྱིད་ཀྱི་གར་ཉམས》ཅེས་པ་འཁྲབ་སྟོན་བྱས་པ་དང་། སྙན་འཇེབས་ལྡན་པའི་སྒྲ་སྙན་དང་། འཁྲུག་ཆ་དོད་པའི་སྟང་སྟབས། ཡིད་དབང་འཕྲོག་པའི་བོད་གླུའི་སྒྲ་དབྱངས་བཅས་ལ་ས་གནས་ས་ཐོག་གི་གཟིགས་མོ་བ་ཚོའི་དགའ་མོས་ཀྱི་ཐལ་མོའི་རྡེབ་སྒྲ་ལྷང་ལྷང་དུ་གྲགས་ཡོད་པ་རེད།
经过严谨、科学、规范的认证程序和世界纪录(WRCA)认证官现场审核、鉴定,由世界纪录认证官宣布,拉孜堆谐是中国西藏自治区日喀则市拉孜县传统藏式堆谐踢踏舞,属国家级非物质文化遗产,起源于八思巴时期,距今已有700余年历史。经世界纪录认证(WRCA)官方审核,被确认为“历史最悠久的藏式堆谐踢踏舞——日喀则拉孜堆谐”。随后,由世界纪录认证官向席付平同志现场颁发世界记录认定证书。
སྒམ་ནན་དང་། ཚན་མཐུན། ཚད་ལྡན་བཅས་བདེན་དཔང་ར་སྤྲོད་ཀྱི་གོ་རིམ་བརྒྱུད་པ་དང་། འཛམ་གླིང་ཟིན་ཐོའི(WRCA)བདེན་དཔང་དཔོན་གྱིས་ས་གནས་ས་ཐོག་ཏུ་ཞིབ་དཔྱད་དང་གསལ་འབྱེད་བྱས་པ་བརྒྱུད། འཛམ་གླིང་ཟིན་ཐོའི་བདེན་དཔང་དཔོན་གྱིས་ལྷ་རྩེའི་སྟོད་གཞས་ནི་ཀྲུང་གོའི་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གི་སྲོལ་རྒྱུན་གྱི་བོད་ལུགས་སྒྲ་སྙན་འཁྲུག་གཞས་ཤིག་ཡིན་པ་དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཁོངས་སུ་གཏོགས་པ། དེ་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐབས་ནས་དར་ཞིང་། ད་བར་ལོ་ངོ་700ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད་པས། འཛམ་གླིང་ཟིན་ཐོའི(WRCA)གཞུང་ཕྱོགས་ཀྱིས་ཞིབ་དཔྱད་བྱས་པ་བརྒྱུད། “ལོ་རྒྱུས་ཡུན་རིང་ཤོས་ཀྱི་བོད་ལུགས་སྒྲ་སྙན་འཁྲུག་གཞས།--གཞིས་ཀ་རྩེ་ལྷ་རྩེའི་སྟོད་གཞས”ཞེས་པར་གཏན་འཁེལ་བྱས་པའི་ཁྱབ་བསྒྲགས་བྱས་ཡོད་པ་རེད། དེ་རྗེས་འཛམ་གླིང་ཟིན་ཐོ་ཁས་ལེན་དཔོན་གྱིས་བློ་མཐུན་ཞི་ཕུའུ་ཕིང་ལ་ས་གནས་ས་ཐོག་ཏུ་འཛམ་གླིང་ཟིན་ཐོའི་ར་སྤྲོད་དཔང་ཡིག་སྤྲད་ཡོད་པ་རེད།
这项世界之最的诞生,铸就了历史辉煌,充分展现了拉孜县最灿烂的非遗保护成果,对传承和发扬堆谐文化具有划时代的意义。通过此次世界纪录认证,不仅进一步扩大了拉孜堆谐文化的影响力,擦亮了拉孜县的文化名片,增强了全县各族群众的文化自信,而且为深化文化交流与传承,推动拉孜非遗文化保护和旅游发展,以中华文化元素为纽带促进各民族之间交往交流交融起到了重要的推动作用。
འཛམ་གླིང་གི་ཟིན་ཐོ་གཏོད་པ་དེ་ནི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལེའུ་གསར་པ་བསྣན་པ་དང་། དེས་ལྷ་རྩེ་རྫོང་གི་ཆེས་འོད་སྟོང་འཕྲོ་བའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་གྲུབ་འབྲས་གང་ལེགས་མངོན་པ་དང་། སྟོད་གཞས་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་དུས་རབས་གསར་འབྱེད་ཀྱི་དོན་སྙིང་ལྡན་ཡོད་པ་རེད། ད་ཐེངས་ཀྱི་འཛམ་གླིང་ཟིན་ཐོའི་བདེན་དཔང་ར་སྤྲོད་བྱས་པ་བརྒྱུད། ལྷ་རྩེ་རྫོང་གི་སྟོད་གཞས་རིག་གནས་ཀྱི་ཤུགས་རྐྱེན་སྔར་བས་ཆེ་རུ་ཕྱིན་པ་དང་། ལྷ་རྩེ་རྫོང་གི་རིག་གནས་ཀྱི་མིང་བྱང་ལ་འོད་སྣང་སྦྱིན་པ། རྫོང་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་རིག་གནས་ཀྱི་གདེང་ཚོད་ཆེ་རུ་ཕྱིན་པ་མ་ཟད། རིག་གནས་སྤེལ་རེས་དང་རྒྱུན་འཛིན་ཟབ་ཏུ་ཕྱིན་པ་དང་། ལྷ་རྩེའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་པ། དེ་ནི་ཀྲུང་ཧྭའི་རིག་གནས་ཀྱི་རྒྱུན་ཐག་ཏུ་གྲུབ་ཅིང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།
来源:拉孜县文化和旅游局
编 辑、翻译:巴洛
复 审:顿珠、尼玛普赤
终 审:欧 珠
扫码关注微信、抖音