རང་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་བགྲོ་གླེང་གྲོས་ཚོགས་འཚོགས།

政务   2024-11-06 20:43   四川  

    སྤྱི་ཟླ11པའི་ཚེས5ཉིན། དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་བརྒྱད་པའི་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཐེངས་དགུ་པ་དང“འཛུགས་སྐྲུན་ལྔའི”ཐེངས་བཅུ་དྲུག་པའི་བགྲོ་གླེང་ཚོགས་འདུ་དར་མདོར་འཚོགས་པ་རེད། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་བརྒྱད་པའི་རྒྱུན་ལས་ལས་འཛིན་ལྷན་ཚོགས་དང་། རྫོང(གྲོང་ཁྱེར)ཁག་གི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཆེ། བགྲོ་གླེང་རྩོམ་ཡིག་ཕུལ་བྱུང་གི་མིང་ཐོབ་མཁན་གྱི་རྩོམ་པ་པོའི་འཐུས་མི་བཅས་ཁྱོན་མི100ལྷག་ཙམ་ཚོགས་འདུར་ཞུགས་པ་རེད། ཁུལ་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡིའུ་ཞང་ཧྥེ་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད་བྱས་པ་རེད། ཚོགས་འདུར“བོད་བརྒྱུད་ནང་བསྟན་གྱི་ཕྱི་ནང་ཁོར་ཡུག་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏང་དགོས”པའི་གཙོ་དོན་ལ་དམིགས་ནས་སྤེལ་རེས་དང་བགྲོ་གླེང་བྱས་པ་རེད།


     ཚོགས་འདུ་མ་འཚོགས་གོང་ཚོགས་མི་ཡོངས་ཀྱིས་ཞིང་ཆེན་ཡོངས་དང་ཁུལ་ཡོངས་ཀྱི་ཆོས་ལུགས་ཁྱབ་ཁོངས་ཀྱི་ཉེན་ཟོན་སློབ་གསོའི་གློག་བརྙན་ལ་བལྟས་པ་རེད། 

     ཚོགས་འདུར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། ཁུལ་ཨུའི་བོད་བརྒྱུད་ནང་བསྟན་ལས་དོན་གྱི་ཆེད་དོན་ཚོགས་འདུ་བཅས་ཀྱི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།《བློ་མཐུན་ཚེ་དབང་འགྱུར་མེད་དང་། ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་གྱི་གོ་གནས་བསྐོ་འཐེན་སྐོར་གྱི་ཁུལ་ཨུའི་བརྡ་ཐོ》སྒྲོག་སྦྱངས་བྱས་པ་དང་བགྲོ་གླེང་རྩོམ་ཡིག་ཕུལ་བྱུང་གི་མིང་ཐོབ་མཁན་གྱི་རྩོམ་པ་པོ་ལ་གཟེངས་བསྟོད་བྱས། བགྲོ་གླེང་རྩོམ་ཡིག་ཕུལ་བྱུང་གི་མིང་ཐོབ་མཁན་གྱི་རྩོམ་པ་པོ་ཁག་གཅིག་གིས་ཚོགས་འདུའི་གཙོ་དོན་ལ་དམིགས་ནས་སྤེལ་རེས་གཏམ་བཤད་བྱས་པ་དང་། ཁུལ་ནང་བསྟན་མཐུན་ཚོགས་ཀྱི2023ལོ་འཁོར་གྱི་ནོར་དོན་གཏོང་ཡོང་གནས་ཚུལ་ལ་གྲོས་ཞིབ་བྱས་པ་རེད།



    ཡིའུ་ཞང་ཧྥེ་ཡིས་བསྟན་དོན། ཁུལ་དང་རྫོང(གྲོང་ཁྱེར)གི་ནང་བསྟན་མཐུན་ཚོགས་དང་རྫོང་དང་གྲོང་ཁྱེར་ཁག་གི་འཐུས་མི་ཚོས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་དེ་བཞིན་ཁུལ་ཨུའི་བོད་བརྒྱུད་ནང་བསྟན་ལས་དོན་གྱི་ཆེད་དོན་ཚོགས་འདུའི་སྙིང་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བསྟར་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་དང་ལས་དོན་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་དགོས་པ་དང་། ཆོས་ལུགས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཆོས་ལུགས་ལས་རིགས་ཀྱི་ཚབ་བྱེད་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་པ། ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འཁྲི་གཙང་སྒྲུབ་དང་ནུས་པ་འདོན་སྤེལ་བཅས་བྱས་ཏེ“དུས་བབ་གསལ་པོར་རྟོགས་པ་དང་། དུས་རབས་གསར་པའི་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་འགན་འཁྲི་སྟངས་འཛིན་ནན་པོ་བྱེད་པ། ཁ་ཕྱོགས་ཀྱི་ཐད་ནས་འཕྱུགས་མེད་ངང་ཁྱོན་ཡོངས་ནས་སློབ་གསོ་ནན་པོས་སྐྱོང་བ་དང་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ། གོམ་སྟབས་བརྟན་པོ་སྤོས་ནས་ཆབ་སྲིད་ཀྱི་ཚད་གཞི་ནན་པོར་བརྟེན་ཏེ་རང་ངོས་ཀྱི་འཛུགས་སྐྲུན་ལ་ཤུགས་བསྣན་དགོས།” 

    ཚོགས་འདུར་བསྟན་དོན། ཏང་གིས་ཆོས་ལུགས་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་བསྣན་པ་དང་། ཚོགས་པའི་སྣེ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། ཆོས་ལུགས་ལས་རིགས་ཀྱི་རང་ངོས་འགྱུར་ལྡོག་ལ་སྐུལ་འདེད་གཏོང་བ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཕྲོད་པར་ཁྲིད་སྟོན་ཧུར་ཐག་བྱེད་པ། རང་འགུལ་ངང་མཚོན་བྱེད་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་བསྣན་པ། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འགན་འཁྲི་འཁུར་སེམས་རྒྱུན་ཆད་མེད་པར་མངོན་པ་བཅས་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག། ཞི་མཐུན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྱོང་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། 

    ཞིང་ཆེན་ནང་བསྟན་མཐུན་ཚོགས་དང་། ཁུལ་དམངས་ཆེན་མི་རིགས་ནང་སྡོད་ཕྱི་གླིང་པའི་ཨུ་ལྷན། ཁུལ་སྲིད་གྲོས་མི་རིགས་ཆོས་ལུགས་མཛའ་འབྲེལ་ཨུ་ལྷན། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་ཚོགས་འདུར་མཛུབ་ཁྲིད་བྱེད་པར་ཞུགས་ཡོད་པ་རེད།

来源:康巴传媒藏文
     编辑:梅朵
     校对:梅朵
  二审:梅朵
        三审:白玛曲吉
  监制:彭刚

云端石渠
传播石渠县时政新闻、民生关注等
 最新文章