欢迎提供新闻线索:lztvxwb@qq.com
བཟའ་བཏུང་ལས་རིགས་ཀྱིས་བཟའ་བཅའི་ནང་སྦྱོར་རྟ་ཉུང་དུ་གཏོང་བ་དང་རང་རྟོགས་ངང་ནས་ཟ་མི་ཉན་པའི་དངོས་རྫས་སྦྱོར་རྟ་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་བཀག་འགོག་བྱེད་པའི་གྲོས་འགོ
གྲོང་ཁྱེར་ཡོངས་ཀྱི་བཟའ་བཏུང་ཁང་གཉེར་མཁན་སྦྱིན་བདག་རྣམས་ལ།
བཟའ་བཏུང་ལས་རིགས་ཀྱི་བཟའ་བཅའི་གཉེར་སྐྱོང་བྱ་སྤྱོད་སྔར་བས་ཚད་ལྡན་དུ་གཏོང་བ་དང་།
བཟའ་བཅའི་ནང་ཟ་སྤྱོད་མི་ཉན་པའི་དངོས་རྫས་སྦྱོར་རྟ་བྱེད་པ་སོགས་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་ལ་བཀག་འགོག་བྱེད་པ།
བཟའ་བཅའི་བདེ་འཇགས་ཀྱི་དོ་དམ་ཆུ་ཚད་ཚད་ལྡན་དུ་གཏོང་བ་བཅས་བྱ་ཆེད། གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་བཟའ་བཏུང་ཞབས་ཞུ་གཉེར་མཁན་སྦྱིན་བདག་རྣམས་ཀྱིས་གནས་ཚུལ་དེའི་ཐད་སྤྱི་ཚོགས་ཡོངས་ལ་ཁས་ལེན་ནན་པོ་བྱེད་དགོས་པའི་འབོད་སྐུལ་དང་བཅས་གྲོས་འགོ་བཏོན་པ་གཤམ་གསལ།
གཅིག ཁྲིམས་འགལ་ངང་ཟ་སྤྱོད་མི་ཉན་པའི་དངོས་རྫས་སྦྱོར་རྟ་བྱེད་པའམ་ཡང་ན་བཟའ་བཅའི་སྦྱོར་རྟ་གང་བྱུང་སྤྱོད་པའི་བྱ་སྤྱོད་ལ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས་པ་དང་། གལ་ཏེ་སྒྲིག་འགལ་ཁྲིམས་འགལ་ གྱི་བྱ་སྤྱོད་དེ་རིགས་ཐོན་ཚེ། རྒྱུ་མཚན་གླེང་མེད་ཀྱི་ཐོག་ནས་དེ་མཚུངས་ཀྱི་ཁྲིམས་ལུགས་འགན་འཁྲི་འཁུར་དགོས་པ།
གཉིས། བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་ནན་པོ་བྱེད་དགོས། ཟས་རིགས་བདེ་འཇགས་ཀྱི་འགན་འཁྲི་བ་ཨང་དང་པོའི་འོས་འགན་ལག་བསྟར་ནན་ཏན་བྱ་དགོས་པ་དང་། གོང་རིམ་གྱི་བླང་བྱ་གཞིར་བཟུང་། བཟའ་བཅའི་བདེ་འཇགས་ཀྱི་སྤྱི་ཁྱབ་ལྟ་སྐུལ་བ་དང་། བཟའ་བཅའི་བདེ་འཇགས་མི་སྣ་སོགས་དོ་དམ་མི་སྣ་ཆ་ཚང་བཀོད་སྒྲིག་ཡག་པོ་བྱེད་དགོས་པ་མ་ཟད། བཟའ་བཅའི་བདེ་འཇགས་ཀྱི“ཉིན་རེར་དོ་དམ་ཚོད་འཛིན་དང་། གཟའ་འཁོར་རེར་གྲལ་བཤེར། ཟླ་རེར་བཀོད་སྒྲིག”བཅས་ཀྱི་ལས་ཀའི་ལམ་སྲོལ་ལག་བསྟར་ནན་པོ་བྱས་ཏེ། བཟའ་བཅའི་སྦྱོར་རྟ་ཁྲིམས་མཐུན་ངང་སྤྱོད་རྒྱུ་དེ་རྒྱུན་གཏན་སློབ་སྦྱོང་གི་ནང་དོན་ནང་བཅུག་ནས་བཟའ་བཅའི་སྦྱོར་རྟ་བེད་སྤྱོད་ཀྱི་སྒྲིག་སྲོལ་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། དུས་བཀག་ནང་རང་བཤེར་རང་བཅོས་བྱས་ཏེ་བཟའ་བཅའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་རྩ་་དུས་ཐོག་ཏུ་ཤེས་རྟོགས་དང་དག་སེལ་བྱེད་དགོས།
གསུམ། ཡོང་ཁུངས་གསལ་པོ་མེད་པ་དང་མཚོན་རྟགས་ཆ་ཚང་མེད་པའི་བཟའ་བཅའི་སྦྱོར་རྟ་མི་ཉོ་བ་དང་། ཁྱབ་ཁོངས་དང་ཚད་བཀག་ལས་བརྒལ་ནས་བཟའ་བཅའི་སྦྱོར་རྟ་མི་སྤྱོད་པ། དེ་བཞིན་ཟ་མི་ཉན་པའི་དངོས་རྫས་དང་། ནད་ཀྱིས་ཤི་བའི་བྱ་རིགས་དང་ཕྱུགས་རིགས། རུལ་བ་དང་ངོ་བོ་འགྱུར་བ། དུས་ཚོད་ཡོལ་བའི་ཟས་རིགས། བཟའ་ལྷག་བཏུང་ལྷག་སོགས་ལས་སྣོན་བྱས་ནས་བཟའ་བཅའ་བཟོས་པའི་རིགས་ལ་གཏན་འགོག་བྱེད་དགོས་པ།
བཞི། ཚོང་ཟོག་ཉོ་བ་དང་སྐྱེལ་བའི་ཞིབ་དཔྱད་ཐོ་འགོད་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དགོས་ལ། ཚོང་ཟོག་ཉོ་འདྲེན་གྱི་ཟིན་ཐོ་བདེན་པ་དང་། ཚད་ལྡན། ཆ་ཚང་བ་བཅས་ཡིན་དགོས།
ལྔ། ལས་གཉེར་མི་སྣ་ཡོངས་ལ་བཟའ་བཅའི་ནང་ཟ་སྤྱོད་མི་ཉན་པའི་དངོས་རྫས་སྦྱོར་རྟ་བྱེད་པའམ་ཡང་ན་བཟའ་བཅའི་སྦྱོར་རྟ་གང་བྱུང་དུ་སྤྱད་པ་སོགས་སྒྲིག་འགལ་ཁྲིམས་འགལ་བྱ་སྤྱོད་ཀྱི་གནོད་འཚེའི་རང་བཞིན་དང་མཇུག་འབྲས་གང་འདྲ་ཡོད་མེད་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས། ལས་གཉེར་མི་སྣ་ཡོངས་ཀྱི་བདེ་ཐང་བཟའ་བཅའི་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་དགོས།
དྲུག བཟའ་བཅའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་རྩ་རང་བཤེར་རང་བཅོས་བྱེད་པ་དང་། མུ་འཐུད་ནས་རང་ཐོག་གིས་བཟའ་བཏུང་ལས་རིགས་གཉེར་བའི་བྱ་སྤྱོད་ཚད་ལྡན་བཟོས་ཏེ། བཟའ་བཏུང་གཡོས་སྦྱོར་གྱི་བརྒྱུད་རིམ་ནང་བཟའ་བཅའི་སྦྱོར་རྟ་ཉུང་ཙམ་སྤྱོད་པའམ་ཡང་ན་མི་སྤྱོད་པའི་ཚོང་གཉེར་ལམ་སྲོལ་དར་སྤེལ་ཤུགས་ཆེ་བཏང་ནས་རྒྱ་ཆེའི་འཛད་སྤྱོད་པའི་བཟའ་འཐུང་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས།
餐饮环节食品添加剂减量和自觉抵制非法添加非食用物质的倡议书
全市各餐饮服务经营者:
为进一步规范餐饮环节食品经营行为,抵制非法添加非食用物质等违法违规行为,规范提升餐饮环节食品安全管理水平,日喀则市市场监督管理局发出倡议,号召全市餐饮服务经营者向社会郑重承诺:
一、坚决抵制非法添加非食用物质或滥用食品添加剂行为,如出现此类违法违规行为,将无条件承担相应法律责任。
二、严格落实食品安全主体责任。认真履行食品安全第一责任人义务。按要求配齐配强食品安全总监、食品安全员等管理人员,严格执行食品安全“日管控、周排查、月调度”工作机制,将合法使用食品添加剂纳入日常培训内容,准确掌握食品添加剂使用规则,定期开展自查自纠,及时发现和消除食品安全隐患。
三、不采购来源不明、标识不全的食品添加剂;不超范围、超限量使用食品添加剂;不使用非食品原料、病死禽畜、腐败变质、过期食品、回收食品等用于加工制作食品。
四、严格落实进货查验记录制度。进货查验记录真实、规范、完整。
五、对全体从业人员加大宣传非法添加非食用物质或滥用食品添加剂加工制作食品的危害性和严重后果,提升全体从业人员食品安全责任意识。
六、开展食品安全风险隐患自查自纠,进一步规范自身经营行为,大力倡导在食品制作过程中尽量少用或不使用食品添加剂,切实维护广大消费者饮食安全。
来 源:拉孜县市场监督管理局
编 辑、翻译:巴 洛
复 审:顿珠、尼玛普赤
终 审:欧 珠
扫码关注微信、抖音