ཡར་འགྲོ་བྱེད་སར་མར་འགྲོ་བྱས་ན་ཡོང་རྒྱུ་འདི་རེད།

文摘   2024-11-15 10:45   西藏  

ཉེ་ཆར། གཞིས་ཀ་རྩེ་འགྲིམ་འགྲུལ་ཉེན་རྟོག་མྱུར་བགྲོད་གཞུང་ལམ་རུ་ཆེན་ལ་དྲ་གྲོགས་ཀྱིས་ཐེར་འདོན་བྱས་པ་སྟེ། ཟླ་11ཚེས་5ཉིན་གྱི་དགོང་མོ་ཁོ་རང་རླངས་འཁོར་བཏང་ནས་གཡག་ཡེ་མྱུར་བགྲོད་གཞུང་ལམ་གྱི་སྟག་གྲུ་ཁའི་ལམ་དུམ་དུ་སྐྱོད་སྐབས། ལྗིད་འདེགས་རླངས་འཁོར་ཆེ་གྲས་ཤིག་ཁ་ཕྱོགས་ལྡོག་ནས་ཡོང་བས་ཉེན་ཁ་ཧ་ཅང་ཆེན་པོ་འདུག་ཅེས་བཤད།

ཐེར་འདོན་འབྱོར་རྗེས་གཞིས་ཀ་རྩེ་མྱུར་བགྲོད་གཞུང་ལམ་འགྲིམ་འགྲུལ་ཉེན་རྟོག་པས་འཕྲལ་དུ་འབྲེལ་ཡོད་ཀྱི་གྲལ་བཤེར་ལས་དོན་སྤེལ་ཞིང་། གྲལ་བཤེར་ཚགས་འདེམས་བྱས་པ་བརྒྱུད་མཐར་ཁ་ཕྱོགས་ལྡོག་ནས་བསྐྱོད་མཁན་ཨང་རྟགས་བོད་AF***4ཅན་གྱི་ལྗིད་ཐེག་འདྲུད་འཁོར་སྔོན་པོ་ཞིག་ཡིན་པ་གཏན་འཁེལ་བྱས་པ། མི་དམངས་ཉེན་རྟོག་པས་འཕྲལ་མར་ཁ་ལོ་བ་དེར་ཁ་པར་བརྒྱབ་ནས་གནས་ཚུལ་རྒྱུས་ལོན་བྱས་པས། རླངས་འཁོར་དེའི་ཁ་ལོ་བས་ཉིན་དེར་མྱུར་བགྲོད་གཞུང་ལམ་ཐོག་ཁ་ཕྱོགས་ལྡོག་ནས་བསྐྱོད་པའི་ཁྲིམས་འགལ་བྱེད་སྤྱོད་སྦ་གསང་མེད་པར་ངོས་ལེན་ཞུས་པ་དང་འབྲེལ། མཚོན་རྟགས་བྱང་བུར་དོ་སྣང་མ་བྱུང་ཞེས་བཤད་ཡོད།

དེའི་རྗེས། མི་དམངས་ཉེན་རྟོག་པས་མྱུར་བགྲོད་ལམ་ནས་ལྡོག་ཕྱོགས་སུ་བསྐྱོད་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཁྲིམས་ལྟར་དངུལ་ཆད་སྒོར200དང་ལག་ཁྱེར་ནས་སྐར་མ12འཐེན་པ་མ་ཟད། ཁ་ལོ་བའི་ལག་ཁྱེར་འཕྲོག་ཉར་བྱས་པ་རེད།

འབྲེལ་ཡོད་ཁྲིམས་ལུགས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་གི་དོན་ཚན་གྱ་གཉིས་ཀྱི་དོན་ཚན་དང་པོས། འཕྲུལ་སྒུལ་འཁོར་རིགས་མྱུར་བགྲོད་གཞུང་ལམ་ཐོག་སྐྱོད་ཚེ། གཤམ་གསལ་གྱི་བྱ་སྤྱོད་སྤེལ་མི་ཆོག་སྟེ། ཕྱིར་ནུར་དང་ལྡོག་ཕྱོགས་སུ་སྐྱོད་པ།  དཀྱིལ་ཐིག་ལས་བརྒལ་ནས་ཁ་ཕྱིར་འཁོར་བའམ་ཡང་ན་འཁོར་ལམ་དུ་རླངས་འཁོར་འཇོག་པ་བཅས་བྱེད་མི་རུང་བའི་གཏན་འབེབས་བྱས་ཡོད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཀྱི་དོན་ཚན་དགུ་བཅུ་པ་དང་ད་ེབཞིན་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཁྲིམས་འགལ་བྱ་སྤྱོད་ལ་སྐར་འགོད་དོ་དམ་བྱེད་ཐབས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ན། འཕྲུལ་སྒུལ་འཁོར་རིགས་བཏང་ནས་མྱུར་བགྲོད་གཞུང་ལམ་ཐོག་ལྡོག་ཕྱོགས་སུ་སྐྱོད་པའི་ཁྲིམས་འགལ་བྱ་སྤྱོད་ལ། དངུལ་ཆད་སྒོར་200དང་ལག་ཁྱེར་ནས་སྐར་མ12འཐེན་རྒྱུ་མ་ཟད། ད་དུང་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་འཕྲོག་ཉར་བྱ་རྒྱུ་རེད།

日喀则交警
发布“两公布一提示”、天气信息、交通管制和分流信息、开展交警队伍正面宣传等信息
 最新文章