འཇམ་དཔལ་ལ་ཉེ་བར་བསྔགས་པ་མེ་ཏོག་གི་ཕྲེང་བ། འགྲོ་མགོན་འཕགས་པ།

民生   2024-11-04 20:33   河北  

༄༅། །འཇམ་དཔལ་ལ་ཉེ་བར་བསྔགས་པ་མེ་ཏོག་གི་ཕྲེང་བ་བཞུགས།
མཛད་པ་པོ། འགྲོ་མགོན་ཆོས་རྒྱལ་འཕགས་པ།


ཨོཾ་སྭསྟི་སིདྡྷཾ། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ།


ཤེས་བྱ་ཀུན་མཁྱེན་ཆོས་ཀྱི་རྒྱ་མཚོ་ཚིག་དང་སྤོབས་པའི་རིན་ཆེན་ཏིང་འཛིན་རྒྱལ་བ་དང་། །རྒྱལ་སྲས་རང་རྒྱལ་དགྲ་ལས་རྣམ་རྒྱལ་འཇིག་རྟེན་གཙོ་བོ་ཆེ་བར་རབ་གྲགས་དེ་དག་གིས། །ཡོན་ཏན་དཔག་ཡས་འཇམ་པའི་དབྱངས་ལ་བསྟོད་དབྱངས་བགྲང་ཡས་རྟག་ཏུ་སྒྲོགས་མོད་དེ་ལྟ་ནའང་། །མཆོག་ཏུ་དད་པས་ཇི་ལྟར་སྤོབས་བཞིན་བདག་གིས་ཀྱང་ནི་བསྟོད་ཚིག་མེ་ཏོག་ཕྲེང་བས་མཆོད། །


རྒྱལ་བ་ཀུན་གྱི་ཡེ་ཤེས་ལས་གྲུབ་རྒྱལ་སྲས་གཞོན་ནུ་རྣམ་པར་རོལ་པ་འགྱིང་པའི་སྐུ། །ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར་ཕྱིར་ཆོས་འཆད་ཕྱག་རྒྱས་ཐུགས་རྗེ་མཚོན་བྱེད་ཨུཏྤལ་བསྣམས། །དཔའ་བོ་ཁྱོད་ནི་བདུད་བཞིའི་དཔུང་འཇོམས་མཐུ་སྟོབས་བརྙེས་སླད་རབ་ཏུ་འབར་བའི་རལ་གྲི་དང་། །ཡེ་ཤེས་གསལ་བའི་སྐད་ཅིག་གཅིག་གིས་ཤེས་བྱ་མ་ལུས་ཇི་བཞིན་མཁྱེན་ཕྱིར་གླེགས་བམ་འཛིན། །


རང་གཞན་དོན་གྱི་ཡོན་ཏན་མ་ལུས་ཡོངས་སུ་རྫོགས་སླད་གསེར་བཟང་འབར་བའི་མདངས་ལྡན་པ། །རིན་ཆེན་གྱིས་སྤྲས་ན་བཟས་བཀླུབས་ཤིང་རྣམ་པ་སྣ་ཚོགས་སྤྲུལ་པའི་འོད་ཟེར་ཕྱོགས་བཅུར་འགྱེད། །བསོད་ནམས་ཡོངས་རྫོགས་ཉེས་པས་མ་གོས་རང་བཞིན་གྱིས་གསལ་མི་འཇིགས་བཞི་ཡིས་བསྙེངས་བྲལ་བས། །རིན་ཆེན་ཁྲི་སྟེང་ཆུ་སྐྱེས་བསིལ་ཟེར་རྣམ་པར་བསྒྱིིངས་པའི་སེངྒེ་མཆོག་ལ་རོལ་པས་བཞུགས། །


ཆོས་ཀྱི་དབྱིངས་དང་ཉིད་ཀྱི་རིགས་མཚོན་མཐོན་མཐིང་རལ་པའི་ཐོར་ཚུགས་མི་འཁྲུགས་རྒྱལ་བས་བརྒྱན། །སྤྱན་མཆོག་བཟང་པོས་འགྲོ་ལ་ལེགས་གཟིགས་འཛུམ་པའི་མདངས་ལྡན་ཞལ་གྱི་པདྨོ་རྒྱས་པ་ལས། །དམ་པའི་ཆོས་སྒྲ་བསྒྲགས་པའི་དྲིས་བསྡུས་རྒྱལ་སྲས་རང་རྒྱལ་དགྲ་བཅོམ་བུང་བ་ཉེར་འཁྲིགས་པས། །ཉེ་བར་བསྔགས་པའི་དར་དིར་སྒྲ་སྒྲོགས་ལྷ་དང་ཀླུ་དབང་རིག་འཛིན་ཆོས་ས་ཁྱོད་ཞབས་མཆོད། །


བཅོམ་ལྡན་ཁྱོད་ནི་ལ་ལ་དག་ན་ཟླ་བ་ཉ་ལྟར་རབ་ཏུ་ཞི་ཞིང་དེས་པ་དང་། །འགའ་ཞིག་ཏུ་ནི་རྒྱན་རྣམས་དུ་མས་རྣམ་པར་སྤྲས་ཤིང་ཉི་མ་བཞིན་དུ་རབ་ཏུ་ལྷམ། །གཞོན་ནུ་ལ་ལར་བཙུན་མོའི་འཁོར་གྱིས་རྣམ་པར་རོལ་ཞིང་བདེ་བ་ཀུན་ལ་དགྱེས་རྒུར་སྤྱོད། །གཞན་དུ་འཇིགས་བྱེད་མི་བཟད་ཚུལ་འཛིན་དུས་མཐའི་མེ་འོད་མཆེད་པ་ལྟར་འབར་ཕྲེང་བས་འཁྲིགས། །


ཁ་ཅིག་ཏུ་ནི་ཡིད་བཞིན་ནོར་བུ་དཔག་བསམ་ཤིང་དང་སྨན་སོགས་འགྲོ་བའི་ཉེར་འཚོར་འགྱུར། །ལ་ལར་གདོང་བཞི་དྲག་པོ་འཇུག་སྲེད་དབང་པོ་དང་ནི་འཁོར་ལོས་སྒྱུར་རྒྱལ་ཚུལ་སྟོན་ཞིང་། །དེ་བཞིན་གཞན་དུ་དགྲ་བཅོམ་རང་རྒྱལ་རྒྱལ་སྲས་དུ་མའི་རྣམ་པར་བསྟན་ནས་གཞན་ཡིད་སྒྱུར། །ཞིང་ཁམས་ལ་ལར་རྣམ་པར་འདྲེན་པ་ཆེན་པོར་གྱུར་ནས་རིན་ཆེན་ཆོས་ཀྱི་འཁོར་ལོ་བསྐོར། །


མགོན་པོ་ཁྱོད་ཀྱི་རྣམ་འཕྲུལ་མཐའ་ཡས་རྒྱལ་བས་ཀྱང་ནི་བརྗོད་པར་ནུས་མིན་གང་གི་ཕྱིར། །ནམ་མཁའ་དང་ནི་ཆོས་ཀྱི་དབྱིངས་དང་སེམས་ཅན་ཁམས་བཞིན་ཚད་དང་བགྲང་བ་ལས་འདས་ཕྱིར། །དབྱངས་དང་གསལ་བྱེད་ཡི་གེའི་མ་མོ་བརྒྱ་ཕྲག་ཕྱེད་རྣམས་བཅོམ་ལྡན་ཁྱོད་ཀྱིས་གསང་སྔགས་ལགས། །དེ་དག་ལས་བཏུས་སྡེབ་སྦྱོར་ཐ་དད་ལས་རྣམས་ཀུན་བྱེད་དཔག་ཏུ་མེད་མོད་ཆོས་ཀྱི་སྒོ། །


སྐྱེ་མེད་རྡུལ་བྲལ་དོན་དམ་དེ་ཉིད་འཆི་འཕོ་མེད་ཅིང་མི་འབྲལ་མཚོན་བྱེད་ཡི་གེ་ལྔ། །ཁྱོད་ཀྱི་སྔགས་ཀུན་བཟང་མོའི་དེ་ཉིད་ངེས་པར་མཚོན་ཕྱིར་ཆོས་རྣམས་ཀུན་གྱི་སྙིང་པོ་ལགས། །ཁྱོད་ཉིད་གཅིག་པུ་ས་གསུམ་དག་ན་རྨད་དུ་བྱུང་བར་ཡོངས་སུ་གྲགས་གྱུར་དེ་སླད་དུ། །སྐྱེ་བོ་གང་ཞིག་བག་ཡོད་དེ་དག་གདོན་མི་ཟ་བར་ཁྱོད་ལ་སྐྱབས་སུ་མཆི་བར་བགྱིད། །


གང་གིས་ལུགས་བཟང་དྲི་མེད་དེ་འདྲ་བླ་མའི་དྲིན་གྱིས་ལེགས་པར་ཁུམས་པས་བདག་གི་ཡིད། །དད་པའི་བློ་གྲོས་རྣམ་པར་འཕེལ་སླད་མགོན་པོ་ཁྱོད་ཀྱི་ཞབས་ཀྱི་དྲུང་དུ་ཉེ་བར་ལྷགས། །ཁྱོད་ཀྱི་རྣམ་འཕྲུལ་མཐའ་ཡས་ཇི་སྙེད་བདག་གི་ལུས་ཀྱང་དེ་སྙེད་གྱུར་ནས་ཁྱོད་བཞུགས་སྲིད། །མཆོད་པའི་སྤྲིན་ཕུང་ཉེ་བར་བཀོད་པ་དུ་མས་མཆོད་ཅིང་སྤྱི་བོའི་གཙུག་གིས་ཕྱག་འཚལ་ལོ། །


སྡུག་བསྔལ་དུ་མས་རབ་ཏུ་ཉེན་པའི་འགྲོ་ཀུན་བསྐྱབ་སླད་ངེས་པ་ཁོ་ནར་སྐྱབས་སུ་མཆི། །མ་རིག་གིས་ལྡོངས་ལས་ཀྱི་རླུང་གིས་སྡུག་བསྔལ་རྦ་འཁྲུགས་སྲིད་པའི་རྒྱ་མཚོར་རབ་འཕངས་ནས། །ཉོན་མོངས་ཆུ་སྲིན་མི་བཟད་ཁར་ཆུད་སྐྱེ་རྒུའི་འདི་དག་ཐུགས་རྗེའི་ཕྱག་གིས་ལེགས་དྲངས་ཏེ། །ཐར་པ་དམ་པའི་དགེ་ལེགས་དཔལ་གྱིས་རྣམ་པར་རོལ་ཕྱིར་རྣམ་པ་ཀུན་ཏུ་གསོལ་བ་འདེབས། །


ཐུབ་པའི་གསུང་རབ་ཤིན་ཏུ་གཅེས་ཕྱིར་ཉིད་ཀྱིས་ཀྱང་ནི་གླེགས་བམ་རྟག་ཏུ་བསྣམས་མཛད་ནའང་། །དེང་སང་འདི་ན་ཆེ་བར་ཁས་འཆེ་དེ་དག་གིས་ཀྱང་སྡེ་སྣོད་རྒྱ་མཚོ་རྒྱང་བསྲིངས་ནས། །གདམས་པའི་ཐིགས་པ་ཅུང་ཟད་ཙམ་ལ་མཆོག་ཏུ་ལྟ་ཞིང་དམ་ཆོས་སྨྲ་བ་སུན་འབྱིན་པས། །འགྲོ་བ་འདི་ཀུན་མུན་ནག་སྟུག་པོས་མངོན་པར་ཁེབས་གྱུར་འདི་ལ་མགོན་ཁྱོད་ཇི་ལྟར་དགོངས། །


སྐྱེ་རྒུ་འདི་དག་མ་རུངས་གྱུར་པ་མངོན་སུམ་མཐོང་བས་བདག་ཡིད་བཟོད་པར་མ་གྱུར་པས། །ཁྱོད་ལས་གཞན་པའི་རེ་གནས་མ་མཆིས་དེ་ཡི་སླད་དུ་བསམ་པ་ཐག་པས་གསོལ་བཏབ་ཀྱང་། །གལ་ཏེ་ཁྱོད་ཐུགས་དགོངས་མི་མཛད་ན་ཁྱོད་ཀྱི་མཐུ་དང་ཐུགས་རྗེའི་བྱ་བ་གང་ཞིག་ལགས། །དེ་སླད་དེ་ལྟར་གསོལ་བའི་དོན་འདི་ད་ལྟ་ཉིད་དུ་འབྲས་བུ་མཆོག་དང་ལྡན་པར་མཛོད། །


མགོན་པོ་འཇམ་དབྱངས་ཡེ་ཤེས་རྒྱ་མཚོར་བསྟོད་དབྱངས་ཚིག་གིས་ས་བོན་རྣམ་པར་བཏབ་པ་ལས། །བདག་བློའི་ཉེས་པའི་འདམ་གྱིས་མ་གོས་བསོད་ནམས་པདྨོ་བདེ་ལེགས་བཅུད་ལྡན་གང་བསྐྲུན་པ། །ནམ་མཁའི་མཐས་གཏུགས་སྐྱེ་རྒུའི་བུང་བས་དགའ་མགུར་སྤྱད་པས་ཉོན་མོངས་ཀྱིས་གཟིར་རྒུད་བྲལ་ནས། །བསོད་ནམས་ལུས་རྒྱས་ཡེ་ཤེས་ལྔ་ཡི་བདེ་བ་མཆོག་དང་རྣམ་པ་ཀུན་ཏུ་ལྡན་གྱུར་ཅིག །


བློ་མཆོག་འཇམ་དབྱངས་ནམ་མཁའ་བཞིན་དུ་ལུས་ཅན་ཀུན་ལ་ཁྱབ་པར་བཞུགས་མོད་དེ་ལྟ་ནའང་། །རང་གི་ཉེས་སྤྱད་དབང་དུ་གྱུར་པས་སྡུག་བསྔལ་ཁུང་ཞུགས་བློ་གྲོས་མིག་བྲལ་སྟོབས་ཞན་པས། །བཅོམ་ལྡན་མཐོང་དང་ཐོས་པའི་སྐལ་མེད་རྣམ་པར་འཐོམས་པ་དེ་འདྲའི་དྲུང་དུ་བདག་མཆིས་ནས། །རྣམ་འཕྲུལ་བྱེ་བ་ཕྲག་བརྒྱ་བསྟན་ནས་ཁྱོད་ཀྱི་ལེགས་བཤད་བདུད་རྩིའི་དགའ་སྟོན་ཐོབ་བྱེད་ཤོག །


ཆོས་ཀྱི་རྒྱལ་པོ་ས་སྐྱ་པ་ཞེས་གྲགས་པའི་འོད་ཀྱིས་ས་གསུམ་རབ་གསལ་བླ་མ་དེའི། །ཞབས་ཀྱི་པདྨོ་ཅོད་པན་དུ་བྱེད་འཕགས་པའི་མིང་ཅན་བློ་གྲོས་གསལ་བའི་མིག་ལྡན་པས། །བསྟོད་ཚིག་མེ་ཏོག་སྡེབ་སྦྱོར་མདངས་བཀྲ་ཀུན་ནས་སྤེལ་ལེགས་སྙན་པའི་དྲི་བསུང་དང་ལྡན་པས། །བློ་གསལ་བུང་བའི་ཡིད་རབ་འཕྲོག་བྱེད་མེ་ཏོག་ཕྲེང་འདིས་མགོན་པོ་འཇམ་དབྱངས་ལེགས་མཆོད་དོ། །


འདི་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་རིང་དུ་སྦྱངས་པས་བསྟན་པའི་བྱ་བ་དང་། གཞན་གྱི་དོན་ལ་རབ་ཏུ་བརྩོན་པའི་གོ་བགོས་པ། རྒྱལ་པོ་གོ་པེ་ལ་ཞེས་བྱ་བའི་བསོད་ནམས་ཀྱི་དཔལ་ལ་མངོན་པར་བརྟེན་ནས་ཆོས་སྨྲ་བ་འཕགས་པ་ཞེས་བྱ་བས། རི་བོ་རྩེ་ལྔར་མཆིས་ནས་འཇམ་པའི་དབྱངས་ལ་གསོལ་བ་བཏབ་པའི་ཚེ། བཅོམ་ལྡན་འདས་ཀྱིས་རྣམ་པར་འཕྲུལ་པ་དུ་མ་བསྟན་པས་བསྟོད་པར་འདོད་པའི་བློ་གྲོས་རྣམ་པར་འཕེལ་བ་དང་། གཞན་ཡང་ཐར་པ་ཆེན་པོའི་རྒྱལ་མཚན་རབ་ཏུ་བསྒྲེང་ཞིང་། མངོན་པར་མཐོ་བའི་དཔལ་འབྱོར་བཟང་པོས་སྐྱེ་རྒུའི་ཚོགས་བདེ་ལེགས་སུ་བྱ་བའི་ཕྱིར། རི་བོ་རྩེ་ལྔ་དེ་ཉིད་དུ་མེ་མོ་སྦྲུལ་གྱི་ལོ། ཟླ་བ་བདུན་པའི་ཚེས་བརྒྱད་ལ་ཉེ་བར་བསྔགས་པ་མེ་ཏོག་གི་ཕྲེང་བ་ཞེས་བྱ་བ་སྦྱར་བ་འདི་ཡོངས་སུ་རྫོགས་སོ།། །།




ལྷ་རྒྱལ་སྲང་གི་ཆོས་སྡེའི་མཁས་དབང་སྡེ་དགེའི་ཤར་བླའི་རྣམ་བསྡུས།

འཇམ་དབྱངས་ཆོས་ཀྱི་ཉི་མ་རིན་པོ་ཆེ།

སྡེ་དགེའི་ནུབ་བླ་མ་འཇམ་དབྱངས་མཁྱེན་རབ་མཐའ་ཡས།

ལྷ་རྒྱལ་སྲང་གི་ཆོས་སྡེའི་རྡོར་འཛིན་ཨ་འཛི་ངག་དབང་བཟང་པོ

ཡིད་ལྷུང་ལྷ་རྒྱལ་དགོན་གྱི་གྲུབ་པའི་དབང་ཕྱུག་ངག་དབང་རིན་ཆེན་མཆོག

ཡིད་ལྷུང་ལྷ་རྒྱལ་དགོན་གྱི་དགུ་ཆེན་སྐབས་ཀྱི་འདྲ་པར་ཁག་གཅིག །

མ་ཧཱ་པཎྜི་ཏ་ཨ་འཛི་ནོར་བུ་དབང་རྒྱལ་རྗེས་དྲན་ཞུ། ལྷ་རྒྱལ་སྲང་།

བླ་མ་དགེ་འདུན་ཡར་འཕེལ་གྱི་རྣམ་ཐར།

མཁྱེན་རབ་མཐའ་ཡས་གསོལ་འདེབས།

མཁན་ཆེན་ཐུབ་བསྟན་མཁས་གྲུབ་མཆོག་གི་འདས་མཆོད།

གྲུབ་ཆེན་བརྒྱད་བཅུའི་སྐུ་པར་ཆ་ཚང་བཞུགས་སོ། །

མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལ་གེ་སར་གྱི་ལུང་བསྟན་བྱུང་ཚུལ།

འཇམ་མགོན་གུ་ནའི་མཛད་པའི་འཇམ་དབྱངས་མཁྱེན་བརྩེའི་རྣམ་ཐར།

ས་ཟླའི་དུས་ཆེན་ལ་ས་སྐྱ་གོང་མ། 萨噶月萨迦法王念诵 ཞལ་འདོན་སྒྲ་སྒམ།1

ས་ཟླའི་དུས་ཆེན་ལ་ས་སྐྱ་གོང་མ། 萨噶月萨迦法王念诵 ཞལ་འདོན་སྒྲ་སྒམ།2

རི་མོའི་ལམ་ནས་རྫོང་སར་རིན་པོ་ཆེའི་རྣམ་ཐར་མཇལ་བ། 宗萨仁波切传记

བཀའ་སློབ་དུས་ཐོག་ཆར་པ། འཁོན་གདུང་ཨ་བྷི་ཀིརྟ། 法王子无变金刚教言•及时甘霖

རྒྱལ་སྲས་ལག་ལེན་གྱི་དཔེ་རིས། 珍贵的佛子行三十七颂的图纸

སྐྱབས་མགོན་གོང་མ་ཁྲི་ཆེན་མཛད་རྣམ་དགུ་ཐང་། དྷཱི་ཕུ་མཁན་ཆེན།

༄༅། །གདམས་པ་རིན་ཆེན་ཕྲེང་མཛེས་ཞེས་བྱ་བ། 美丽璎珞:心之建言

༸ཀླུ་ལྡིང་མཁན་རྒན་གྱིས་ཁྲིད། སྒྲོལ་དཀར་ཚེ་སྒྲུབ་སྐོར། ཚན་པ་1-2-3

མར་མེའི་སྨོན་ལམ【供灯愿文】

སྒྲོལ་མ་ཉེར་གཅིག་གི་ཆོས་དབྱངས་གསར་པ། ལེན་མཁན་ཀུན་བཟང་རྡོ་རྗེ།
རྫོང་སར་༸མཁྱེན་བརྩེས་ཞལ་བཀོད་མཛད་པའི་སྒྲོལ་མ་ཉེར་གཅིག 二十一度母
བསྟོད་པའི་རྒྱལ་པོའི་རྒྱུད་ཕྱག་འཚལ་ཉེར་གཅིག་གི་བསྟོད། 二十一度母赞文
སངས་རྒྱས་སྨན་བླའི་དུས་ཆེན། 药师佛吉日
པཎ་ཆེན་ཤཱཀྱ་མཆོག་ལྡན་དང་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གཉིས་ཀྱི་རྩོད་པ་རྩོད་ལན་ཁག་གཅིག
གྲུབ་ཆེན་བརྒྱད་བཅུའི་སྐུ་པར་ཆ་ཚང་བཞུགས་སོ། །
བོད་ཀྱི་བཙུན་མ་ཐོག་མ་སུ་ཡིན་ནམ
སྔོ་ཚོད་དང་སིལ་ཏོག་གི་ཕན་ནུས།
སྡུག་བསྔལ་གྱི་ཡོན་ཏན་ལྔ། 痛苦具有五种功德
དཔེ་ཝར་རྡོ་རྗེ་འཆང་གི་ཞལ་གསུང་བྱིན་ལྡན།白雅仁波切亲述祈请加持

༸སྐྱབས་རྗེ་དཔེ་ཝར་མཆོག་སྤྲུལ་རིན་པོ་ཆེའི་གསོལ་འདེབས།

༄༅། །དཔེ་ཝར་དང་རྫོང་སར་གཉིས་ལ་མཉམ་དུ་ཤར་བའི་ངོ་མཚར་བའི་འཇའ་ཚོ།

དཔེ་ཝར་རིན་པོ་ཆེ་གདུང་སེམས་མཉམ་བསྐྱེད་ཀྱི་ཞུ་འཕྲིན།

དཔེ་ཝར་རིན་པོ་མྱུར་བྱོན་གསོལ་འདེབས། གཟན་དཀར་རིན་པོ་ཆེ།

དཔེ་ཝར་རིན་པོ་མྱུར་བྱོན་གྱི་གསོལ་འདེབས།白雅仁波切速速转世祈请文

དཔེ་ཝར་མཆོག་སྤྲུལ་གྱི་བཞེངས་གསོལ་བསྐུལ་བ།

དཔེ་ཝར་རྡོ་རྗེ་འཆང་གི་རྣམ་ཐར་གསོལ་འདེབས། རབ་བརྟན་མཁན་དགེ་ལེགས།

དེ་རིང་མཁན་ཆེན་ཐུབ་བསྟན་མཁས་གྲུབ་མཆོག་གི་འདས་མཆོད།

རྩོམ་ཁུངས། 

འཕྲིན་སྟེགས།

དཔལ་ས་སྐྱའི་གཞན་ཕན་ཕུན་ཚོགས་གླིང་། 

སྒྲིག་སྦྱོར།

དཔལ་ས་སྐྱའི་གཞན་ཕན་ཕུན་ཚོགས་གླིང་རྩོམ་སྒྲིག་ཁང་། 

སྤེལ་གཏོང་འགན་འཛིན་པ།

བྱང་ཆུབ་ཀུན་དགའ་བསྟན་པ།


贤翩彭措林
诸恶莫作,众善奉行。自净其意,是诸佛教。
 最新文章