མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་ས་སྐྱ་པ་རྣམས་ལ་ཆེད་དུ་གདམས་པ།

民生   2024-11-14 09:40   河北  

༄༅། །ཀྱེ་རྡོར་རྒྱུད་ཀྱི་བཀླག་ཐབས་ཟུང་འཇུག་གྲུབ་སྟེར་ཞེས་བྱ་བའི་མཇུག་གཏམ། ཀུན་གཟིགས་ མཁྱེན་བརྩེ་རིན་པོ་ཆེས་ཡོངས་རྫོགས་བསྟན་པའི་མངའ་བདག་ས་སྐྱ་པ་ཀུན་དགའ་སྙིང་པོའི་དུས་ཆེན་ ས་སྐོར་ཞེས་གྲགས་པ་འདི་ལ་ཇ་ཡུན་ཙམ་ཚོགས་འདོན་ལས།བླ་མཆོད་སྒྲུབ་མཆོད་སོགས་རྒྱ་ཆེ་བ་གང་ ཡང་མི་འདུག་པས། ས་ཆེན་སོགས་ཀྱི་དུས་ཆེན་ཁྱད་འཕགས་རྣམས་སུ་སྒྲུབ་མཆོད་སོགས་རྣམ་དཀར་རྒྱ་ཆེ་བ་རེ་བསྒྲུབ་རྒྱུ་ཡོད་ན། ཕྱི་ནང་དགོས་གནད་ཁྱད་པར་བརྟེན། བསྟན་འགྲོ་སྤྱི་དང་ ། ཁྱད་པར་ས་སྐྱ་པའི་བསྟན་པ་འཕེལ་རྒྱས་འོང་བའི་རྒྱུ་རྐྱེན་ཕུན་སུམ་ཚོགས་པར་ངེས་པས་ཆོས་སྡེ་ཀུན་གྱིས་ཐུགས་ལ་བཞག་གལ་ཆེ་ཞིང་། དེ་ཙམ་རྒྱ་ཆེ་བ་མ་འགྲུབ་ན་ཡང་ ། སྔར་འདོན་སྲོལ་གཞིར་བཞག་ཐོག་ཏུ་རྒྱུད་ཀྱི་བཀླག་ཐབས་ འདི་ལ་བརྟེན་ནས་རྩ་རྒྱུད་བརྟག་གཉིས་ཚོགས་པ་སྤྱི་མགོ་ནས་ཚར་རེ་ཡང་གང་འགྲུབ་འདོན་རྒྱུ་བྱུང་ན་དགོས་གནད་མི་ཆུང་བས་དེ་ལྟར་བགྱི་འོས་སོ་ཞེས་རྒྱུད་ཀྱི་བཀླག་ཐབས་རྡོ་རྗེའི་ཚིག་དོན་རབ་ཏུ་གསལ་བ་ལྗགས་ཙམ་མཛད་པ་ཆེད་གནང་བཅས་བཀའ་ལུང་སྤྱི་བོར་ཕེབས་པའི་བཀའ་དྲིན་སྙིང་བཅང་གིས་རྒྱུད་ཀྱི་བཀླག་ཐབས་སྤར་དུ་བསྒྲུབས་པ་དང་བཅས་མཆེད་དགོན་རྣམས་ལ་འཕྲོས་ཞུས་ཀྱི་མཇུག་དགེའི་ཤིས་སྨོན་རིམ་པ་ཡང་།

དུས་གསུམ་རྒྱལ་བའི་གསང་བ་སྔགས་ཀྱི་མཛོད། །

རྡོ་རྗེའི་རྒྱུད་སྡེར་འཕོས་པ་ཀུན་གྱི་མཆོག།

ཐབས་ཤེས་ཟུང་འཇུག་རྒྱ་མཚོའི་ཁྱབ་བདག་ཆེ། །

དཔལ་ལྡན་བརྟག་པ་གཉིས་པའི་བཀྲ་ཤིས་ཤོག ༡ །

རྡོ་རྗེ་ཐེག་པའི་ཉེ་ལམ་ཀུན་གྱི་ཕུལ།།

ཕུལ་བྱུང་ལམ་དང་འབྲས་བུའི་གདམས་ངག་མཆོག །

མཆོག་ཐུན་དངོས་གྲུབ་འདོད་རྒུ་འཇོ་བའི་དཔལ། །

དཔལ་ལྡན་ས་སྐྱའི་བསྟན་པ་རྒྱས་གྱུར་ཅིག ༢ །

སྣང་གྲགས་རྟོག་ཚོགས་ལྷ་ སྔགས་ཏིང་ངེ་འཛིན། །

སྨྲ་བརྗོད་སྒུལ་བསྐྱོད་རྡོ་རྗེའི་གླུ་ གར་བསྒྱུར། །

གོས་རྒྱན་བཟའ་བཏུང་འདོད་ཡོན་ཚོགས་སུ་རོལ། །

འཁོར་འདས་རིག་སྟོང་དབྱེར་མེད་མངོན་འགྱུར་ཤོག ༣ །

ཅེས་རྣམ་དཀར་སྒྲུབ་པ་པོ་གསེར་ལྗང་མཁན་མིང་འཇམ་དབྱངས་དགེ་ལེགས་ཀྱིས་གསོལ་སྨོན་བགྱིས་པའོ།། །།




ལྷ་རྒྱལ་སྲང་གི་ཆོས་སྡེའི་མཁས་དབང་སྡེ་དགེའི་ཤར་བླའི་རྣམ་བསྡུས།

འཇམ་དབྱངས་ཆོས་ཀྱི་ཉི་མ་རིན་པོ་ཆེ།

སྡེ་དགེའི་ནུབ་བླ་མ་འཇམ་དབྱངས་མཁྱེན་རབ་མཐའ་ཡས།

ལྷ་རྒྱལ་སྲང་གི་ཆོས་སྡེའི་རྡོར་འཛིན་ཨ་འཛི་ངག་དབང་བཟང་པོ

ཡིད་ལྷུང་ལྷ་རྒྱལ་དགོན་གྱི་གྲུབ་པའི་དབང་ཕྱུག་ངག་དབང་རིན་ཆེན་མཆོག

ཡིད་ལྷུང་ལྷ་རྒྱལ་དགོན་གྱི་དགུ་ཆེན་སྐབས་ཀྱི་འདྲ་པར་ཁག་གཅིག །

མ་ཧཱ་པཎྜི་ཏ་ཨ་འཛི་ནོར་བུ་དབང་རྒྱལ་རྗེས་དྲན་ཞུ། ལྷ་རྒྱལ་སྲང་།

བླ་མ་དགེ་འདུན་ཡར་འཕེལ་གྱི་རྣམ་ཐར།

མཁྱེན་རབ་མཐའ་ཡས་གསོལ་འདེབས།

མཁན་ཆེན་ཐུབ་བསྟན་མཁས་གྲུབ་མཆོག་གི་འདས་མཆོད།

གྲུབ་ཆེན་བརྒྱད་བཅུའི་སྐུ་པར་ཆ་ཚང་བཞུགས་སོ། །

མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལ་གེ་སར་གྱི་ལུང་བསྟན་བྱུང་ཚུལ།

འཇམ་མགོན་གུ་ནའི་མཛད་པའི་འཇམ་དབྱངས་མཁྱེན་བརྩེའི་རྣམ་ཐར།

ས་ཟླའི་དུས་ཆེན་ལ་ས་སྐྱ་གོང་མ། 萨噶月萨迦法王念诵 ཞལ་འདོན་སྒྲ་སྒམ།1

ས་ཟླའི་དུས་ཆེན་ལ་ས་སྐྱ་གོང་མ། 萨噶月萨迦法王念诵 ཞལ་འདོན་སྒྲ་སྒམ།2

རི་མོའི་ལམ་ནས་རྫོང་སར་རིན་པོ་ཆེའི་རྣམ་ཐར་མཇལ་བ། 宗萨仁波切传记

བཀའ་སློབ་དུས་ཐོག་ཆར་པ། འཁོན་གདུང་ཨ་བྷི་ཀིརྟ། 法王子无变金刚教言•及时甘霖

རྒྱལ་སྲས་ལག་ལེན་གྱི་དཔེ་རིས། 珍贵的佛子行三十七颂的图纸

སྐྱབས་མགོན་གོང་མ་ཁྲི་ཆེན་མཛད་རྣམ་དགུ་ཐང་། དྷཱི་ཕུ་མཁན་ཆེན།

༄༅། །གདམས་པ་རིན་ཆེན་ཕྲེང་མཛེས་ཞེས་བྱ་བ། 美丽璎珞:心之建言

༸ཀླུ་ལྡིང་མཁན་རྒན་གྱིས་ཁྲིད། སྒྲོལ་དཀར་ཚེ་སྒྲུབ་སྐོར། ཚན་པ་1-2-3

མར་མེའི་སྨོན་ལམ【供灯愿文】

སྒྲོལ་མ་ཉེར་གཅིག་གི་ཆོས་དབྱངས་གསར་པ། ལེན་མཁན་ཀུན་བཟང་རྡོ་རྗེ།
རྫོང་སར་༸མཁྱེན་བརྩེས་ཞལ་བཀོད་མཛད་པའི་སྒྲོལ་མ་ཉེར་གཅིག 二十一度母
བསྟོད་པའི་རྒྱལ་པོའི་རྒྱུད་ཕྱག་འཚལ་ཉེར་གཅིག་གི་བསྟོད། 二十一度母赞文
སངས་རྒྱས་སྨན་བླའི་དུས་ཆེན། 药师佛吉日
པཎ་ཆེན་ཤཱཀྱ་མཆོག་ལྡན་དང་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གཉིས་ཀྱི་རྩོད་པ་རྩོད་ལན་ཁག་གཅིག
གྲུབ་ཆེན་བརྒྱད་བཅུའི་སྐུ་པར་ཆ་ཚང་བཞུགས་སོ། །
བོད་ཀྱི་བཙུན་མ་ཐོག་མ་སུ་ཡིན་ནམ
སྔོ་ཚོད་དང་སིལ་ཏོག་གི་ཕན་ནུས།
སྡུག་བསྔལ་གྱི་ཡོན་ཏན་ལྔ། 痛苦具有五种功德
དཔེ་ཝར་རྡོ་རྗེ་འཆང་གི་ཞལ་གསུང་བྱིན་ལྡན།白雅仁波切亲述祈请加持

༸སྐྱབས་རྗེ་དཔེ་ཝར་མཆོག་སྤྲུལ་རིན་པོ་ཆེའི་གསོལ་འདེབས།

༄༅། །དཔེ་ཝར་དང་རྫོང་སར་གཉིས་ལ་མཉམ་དུ་ཤར་བའི་ངོ་མཚར་བའི་འཇའ་ཚོ།

དཔེ་ཝར་རིན་པོ་ཆེ་གདུང་སེམས་མཉམ་བསྐྱེད་ཀྱི་ཞུ་འཕྲིན།

དཔེ་ཝར་རིན་པོ་མྱུར་བྱོན་གསོལ་འདེབས། གཟན་དཀར་རིན་པོ་ཆེ།

དཔེ་ཝར་རིན་པོ་མྱུར་བྱོན་གྱི་གསོལ་འདེབས།白雅仁波切速速转世祈请文

དཔེ་ཝར་མཆོག་སྤྲུལ་གྱི་བཞེངས་གསོལ་བསྐུལ་བ།

དཔེ་ཝར་རྡོ་རྗེ་འཆང་གི་རྣམ་ཐར་གསོལ་འདེབས། རབ་བརྟན་མཁན་དགེ་ལེགས།

དེ་རིང་མཁན་ཆེན་ཐུབ་བསྟན་མཁས་གྲུབ་མཆོག་གི་འདས་མཆོད།

རྩོམ་ཁུངས། 

འཕྲིན་སྟེགས།

དཔལ་ས་སྐྱའི་གཞན་ཕན་ཕུན་ཚོགས་གླིང་། 

སྒྲིག་སྦྱོར།

དཔལ་ས་སྐྱའི་གཞན་ཕན་ཕུན་ཚོགས་གླིང་རྩོམ་སྒྲིག་ཁང་། 

སྤེལ་གཏོང་འགན་འཛིན་པ།

བྱང་ཆུབ་ཀུན་དགའ་བསྟན་པ།



贤翩彭措林
诸恶莫作,众善奉行。自净其意,是诸佛教。
 最新文章