【藏医科普】藏医外治疗法——道斗疗法རྡོ་དུགས་ཀྱི་བཅོས་ཐབས།

文摘   2024-11-25 16:27   青海  


རྡོ་དུགས་ཀྱི་བཅོས་ཐབས།
藏医道斗疗法


      藏医道斗疗法是选用长期在高海拔地区水中浸泡的滑石经加热后沾取特制药物,采取多种治疗手法在人体特定穴位通过物理作用及按摩手法合二为一来打通经络、达到治疗目的的一种藏医特色外治疗法。道斗疗法按性质分为热性治疗和凉性治疗。

      适应症:腰椎间盘突出、颈椎病、肩周炎、坐骨神经痛、腰肌劳损、心脏神经官能症、胃寒、腰背部疼痛、胃肠寒病引起的疼痛及腹胀、静脉曲张、失眠等病症。

    禁忌症:腹水、浮肿、肥胖、皮肤病、骨折、传染病等不宜道斗治疗,另外,外伤、创伤、孕妇、饭后等不宜做道斗治疗。

     功效:对于调节和治疗寒性疾病及部分热性疾病,起到加快局部血液循环、打通经络,消热止痛等作用。具有消除风寒湿邪、气血瘀滞、痰湿凝滞、止痛治痛、养心安神等功效,同时对促进新陈代谢,增加胃肠蠕动、改变病态细胞形态及抑制神经系统敏感性疾病具有显著的疗效。道斗疗法具有天然环保、无毒副作用,应用范围广、操作简便、无危险性、经济适用、临床疗效显著等特点。

  

རྡོ་དུགས་ཀྱི་བཅོས་ཐབས།

     རྡོ་དུགས་ཀྱི་གསོ་ཐབས།ཕན་ཡོན་ནི་རླུང་དང་རྩ་དཀར་གྱིས་ཡན་ལག་རེངས་པ་དང་། བད་རླུང་གྲང་བས་ཕོ་བ་སྦོས་པ། གླང་ཐབས་ན་བ་སོགས་ལ་དྲོད་དུགས་ཕན་ལ། ཚ་བའི་མགོ་གནོན་པ་དང་ཚ་གཟེར་གཅོག་པ་སོགས་ལ་བསིལ་དུགས་བསྔགས་པར་མ་ཟད། མཁལ་མའི་ཁྲག་ཚབས། སྙིང་གི་རླུང་ཚབས། ཤ་སྐྲན་བེམ་པོ། ནུ་ཚབས། རླུང་ཤས་ཆེ་བའི་སྟོད་འཚངས་སོགས་ལའང་ཕན་པར་གསུངས་ཤིང་། གཞན་ཡང་བསིལ་དུགས་དང་དྲོད་དུགས་ཀྱི་ཕན་ཡོན་ནི་ཨ་ན་ཨ་ཚའི་ཟུག་གཟེར་ལྷང་ལྷང་དུ་ཡོད་པ་རྣམས་འཕྲལ་མ་ཉིད་དུ་གཅོག་པས་ན་དཔྱད་ཀྱི་མཆོག་ནི་དུགས་སུ་བཤད་པ་ཡིན།   

རྡོ་དུགས་ནི་ཆུ་རྡོ་ནར་མོའམ་འཇོང་རིལ་ལག་མཐིལ་དུ་ཤོང་ཙམ་ཅན་དང་། མགོ་ལེབ་ཅིང་མཇུག་རིལ་ལག་ཏུ་འཕྲོད་པ་སོགས་རྡོ་རིགས་མི་འདྲ་བ་བཞུར་ཆུ་དང་མཚེའུ། རྒྱ་མཚོ་སོགས་ལས་ཐོན་པ་རབ་ཡིན་ན་ཉི་འོད་མ་ཕོག་པ་ཤིན་ཏུ་འཇམ་ཞིང་གས་ཆག་མེད་པ།ལག་ཏུ་བཟུང་བདེ་བ་སོགས་མེར་བསྲོས་ཤིང་སྣུམ་བྱུག་རྗེས་ལུས་ཀྱི་གཟེར་དམིགས་དང་ནད་དམིགས་ཀྱི་སྟེང་དུ་འཕུར་ཅིང་མཉེད་ནས་གཟེར་བ་གཅོག་ཅིང་རླུང་ཁྲག་གི་རྒྱུ་བ་སྙོམས་པར་བྱེད་པའི་དྲོད་དུགས་དང་མེ་ཉི་སོགས་སུ་མ་བསྲོས་པར་ཆུ་རྡོ་གྲང་མོས་ཐད་ཀར་དུགས་བྱེད་པའི་བསིལ་དུགས་བཅས་ངོ་བོས་དབྱེ་ན་རིགས་གཉིས་ཡོད།

རྡོ་དུགས་རུང་བའི་ནད་གཞི་ནི།མཁལ་འགྲམས་ནད། སྐེའི་རྩ་དཀར་ནད། རླུང་ནད་དཔུང་འཇའ། དཔྱིའི་རྩ་དཀར་ནད། སྙིང་རླུང་། གཉིད་ཡེར་བ།  ཁྲག་རླུང་གིས་རོ་སྟོད་གཟེར་བ།  བད་རླུང་གི་ནད་དང་མ་ཞུ་བ། མ་ཞུ་གླང་ཐབས་ཀྱིས་ན་བ།  ཆུ་སེར་ནད་ཀྱིས་ཟ་གཡའ་བྱེད་པ། ཁྲག་འཁྱགས་ཀྱིས་ན་བ། ཚད་པའི་ གཟེར་ཟུག་ལྡང་བ་སོགས་ལ་བསྟེན་རུང་བ་ཡིན།

རྡོ་དུགས་མི་རུང་བའི་ནད་གཞི་ནི།བད་ཀན་སྐྱ་རྦབ་དང་། མཁྲིས་པ་ཀྵ་ཡ་ནག་པོ་དང་། བལ་ནད་དང་མཛེ་དུག  དམུ་ཆུ་ནག་པོ། ལུས་པོ་ཚོ་ཆེས་པ། འབྲུམ་ཐོར་དང་ཟས་ཟོས་མ་ཐག་པའི་རྗེས་རྣམས་ལ་སྤང་བར་བྱའོ།། གཞན་རུས་ཆག་དང་། དབང་རྩ་བསྣད་པ། འགོས་ནད། མཚོན་རྨ་དང་རྨ་ཤུལ་ཡོད་པ་སོགས་ལ་མཉེ་འཕུར་དུགས་བཅོས་ཀྱི་རིགས་སྤངས་དགོས།གཞན་རུས་ཆག་དང་། དབང་རྩ་བསྣད་པ།འགོས་ནད། མཚོན་རྨ་དང་རྨ་ཤུལ་ཡོད་པ་སོགས་ལ་མཉེ་འཕུར་དུགས་བཅོས་ཀྱི་རིགས་སྤངས་དགོས་ཤིང་། ཞིབ་པར་བསིལ་དུགས་དྲོད་དུགས་ཀྱི་རུང་མིན་ནི་གཞུང་ལྟར་ཤེས་པར་བྱའོ།

ཕན་ཡོན་ནིརླུང་དང་རྩ་དཀར་གྱིས་ཡན་ལག་རེངས་པ་དང་། བད་རླུང་གྲང་བས་ཕོ་བ་སྦོས་པ། གླང་ཐབས་ན་བ་སོགས་ལ་དྲོད་དུགས་ཕན་ལ།ཚ་བའི་མགོ་གནོན་པ་དང་ཚ་གཟེར་གཅོག་པ་སོགས་ལ་བསིལ་དུགས་བསྔགས་པར་མ་ཟད། མཁལ་འགྲམས་དང་སྙིང་རླུང་།རླུང་གྲིབ།རླུང་ཤས་ཆེ་བའི་སྟོད་འཚངས་སོགས་ལའང་ཕན་པར་གསུངས་ཤིང་། གཞན་ཡང་བསིལ་དུགས་དང་དྲོད་དུགས་ཀྱི་ཕན་ཡོན་ནི་ཨ་ན་ཨ་ཚའི་ཟུག་གཟེར་ལྷང་ལྷང་དུ་ཡོད་པ་རྣམས་འཕྲལ་མ་ཉིད་དུ་གཅོག་པས་ན་དཔྱད་ཀྱི་མཆོག་ནི་དུགས་སུ་བཤད་པ་ཡིན།


供稿:泽周   编辑:泽周  一审一校:扎西卓玛 
 二审二校:华旦    三审三校:杨尕藏三智

免责声明:本公众号所发表内容、图片、文字、字体等版权信息注明来源的,版权归原出处所有,无法查证版权的或未注明出处的均来源于网络搜集。如任何单位或个人认为其中的内容与图文等可能涉嫌侵犯其知识产权,请在发现之日及时与本平台(联系方式:1210350425@qq.com)联系,我们将在第一时间删除相关内容。

海北藏族自治州藏医院
集藏医医疗、教学、科研、藏药制剂、预防保健为一体的二级甲等藏医院
 最新文章