广大群众:
མཚོ་བྱང་ཁུལ་བོད་སྨན་ཁང་གི་༢༠༢༤ལོའི་བོད་ལུགས་གསོ་རིག་བདེ་སྤྱོད་ལག་རྩལ་ཁྱབ་སྤེལ་བྱ་འགུལ་ཐེངས་བཅུ་གཉིས་པ་མདོ་ལ་རྫོང་མུ་རི་གྲོང་རྡལ་ནས་སྤེལ་རྒྱུའི་བརྡ་སྦྱོར།
རྒྱ་ཆེའི་མང་ཚོགས་རྣམ་པ།
རྒྱ་ཆེའི་མང་ཚོགས་ཀུན་གྱི་འཕྲོད་བསྟེན་དང་སྨན་བཅོས་བདེ་སྲུང་གི་འདུ་ཤེས་མཐོར་འདེགས་གཏོང་ཆེད་དང་། གཞི་རིམ་མང་ཚོགས་ལ་བོད་ལུགས་གསོ་རིག་བདེ་སྤྱོད་ལག་རྩལ་ཀྱིས་ཞབས་ཞུ་གང་ལེགས་ཞུས་སླད། ངེད་མཚོ་བྱང་ཁུལ་བོད་སྨན་ཁང་ཁོང་ནད་ཚན་ཁག་གིས་༢༠༢༤ལོའི་ཟླ་༡༡བའི་ཚེས་༥ཉིན་བོད་ལུགས་གསོ་རིག་བདེ་སྤྱོད་ལག་རྩལ་ཁྱབ་སྤེལ་བྱ་འགུལ་ཐེངས་བཅུ་གཉིས་པ་མདོ་ལ་རྫོང་མུ་རི་གྲོང་རྡལ་ནས་སྤེལ་འཆར་ཡིན་ལགས། བྱ་འགུལ་གྱི་འབྲེལ་ཡོད་དོན་ཚན་གཤམ་གསལ་ལྟར།
༢༠༢༤ལོའི་ཟླ་༡༡བའི་ཚེས་༤ཉིན།
ཁྲིན་ཞོ་ཕེན།
སྨན་པ་འབུམ་རམས་པ་གཞོན་པ། ཀྲུང་གུང་ཏང་ཡོན། ནད་ཐོག་བྱ་བ་གཉེར་ནས་ལོ་༡༦ལྷག་འདས། སྔ་རྗེས་སུ་ཀོང་ཀྲོའུ་གྲོང་ཁྱེར་ཧྭ་ཏོ་ཁུལ་ཀྲུང་ལུགས་སྨན་ཁང་དང་ཧྲན་ཏུང་ཞིང་ཆེན་ཆིན་ཁྲིན་གྲོང་ཁྱེར་མི་དམངས་སྨན་ཁང་། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དང་པོ་སོགས་སུ་ནད་ཐོག་ལག་ལེན་ཐད་ལ་ཟབ་སྦྱོང་མི་དམན་པ་བྱས་མྱོང་། དེ་བས་ཁོ་མོར་ནད་ཐོག་ལག་ལེན་གྱིས་ཕྱུག་ཞིང་ཉེན་ཚབས་ཆེ་བའི་ནད་པ་མྱུར་སྐྱོབ་བྱེད་པར་དེ་བས་ཀྱང་མཁས། སྤྱིར་ནད་ཐོག་ཏུ་གློ་སྙིང་དང་ཕོ་རྒྱུ། ཁྲག་རྩར་བབ་པའི་རྒྱུན་མཐོང་གི་ནད་དང་འབྱུང་མང་བའི་ནད་རིགས་གསོ་བཅོས་བྱེད་པར་མྱོང་བྱང་ལྡན། སྒོས་སུ་གློ་ནད་ཐང་པོ་དང་དབུགས་མི་བདེ་བ། གློ་སྙིང་འདོམས་པའི་ནད། སྙིང་གཟེར། སྙིང་འཕྱོས། ཕོ་སྨུག ཕོ་རུབ། ཁྲག་ཤེད་མཐོ་བའི་ནད་སོགས་གསོ་བར་དམིགས་བསལ་གྱི་ལག་ལེན་ཡོད། ཁ་པར་ཨང་གྲངས། ༡༣༨༩༧༡༠༡༧༣༠
ཀླུ་རྒྱལ་འབུམ།
李加本
གཡང་ཐེན་ཞང་། ཕོ། རྒྱ་རིགས། དངོས་གཞི་མཐར་ཕྱིན།ཚན་ཁག་ཀྲུའུ་རིན།སྨན་པ་བཀའ་བཅུ་བ།སྒྲ་བརྒལ་དང་སྙིང་འཕར་རླབས་རིས་ཀྱི་ལས་དོན་གཉེར་ནས་མི་ལོ་༢༠ལྷག་འགོར་ཡོད།བརྟག་བཅོས་ཀྱི་ཁྱབ་ཁོངས་ནི།མཆིན་མཁྲིས་མཆེར་གཤེར་གཅིན་ཟགས་མ་ལག མོ་ནད།སྙིང་ཁམས།དབང་བོ་ཆུང་ངུའི་ནད་ཀྱི་སྒྲ་བརྒལ་བརྟག་དཔྱད་དང་སྙིང་རིས་བརྟག་དཔྱད་སོགས་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད། ཁ་པར་ཨང་གྲངས། ༡༣༦༡༩༧༠༠༦༩༤
本科学历,超声副主任医师,从事超声及心电图诊断20年,擅长肝胆脾胰、泌尿系、妇科、心脏、浅表器官的超声诊断及心律失常等心电图诊断。联系方式:13619700694
དབང་ཕྱུག་ཚེ་རིང།
昂秀才让(活动领队)
དབང་ཕྱུག་ཚེ་རིང། སློབ་ཆེན་དངོས་གཞི།ཁོང་ནད་ཚན་ཁག་སྨན་པ་བཀའ་བཅུ་བ། ནད་ཐོག་ལག་ལེན་གྱི་བྱ་བར་ཞུགས་ནས་ལོ་བཅུ་ལྷག་འགོར་ཡོད།སྔོན་ཆད་མདའ་བཞི་རྫོང་མི་དམངས་སྨན་ཁང་ཁོང་ནད་ཚན་ཁག་དང་རྒྱ་གྲམ་དམར་པོའི་སྨན་ཁང་གི་སྦྲིད་སྨན་ཚན་ཁག།ཧྲན་ཏུང་ཞིང་ཆེན་ཀྲུང་ལུགས་སྨན་ཁང་སྦྲིད་སྨན་ཚན་ཁག་སོགས་ནས་ཟབ་སྦྱོང་བྱས།བོད་ལུགས་གསོ་རིག་གི་ཁྱད་ལྡན་གསོ་ཐབས་ལག་ལེན་གྱི་ཁོང་ནད་རྒྱུན་མཐོང་ནད་རིགས་དང་གྲུམ་བུ། རྩ་དཀར། མཁལ་འགྲམས།མགོ་གཟེར་སོགས་ལ་གསོ་བཅོས་བྱེད་བཞིན་ཡོད། ཁ་པར་ཨང་གྲངས། ༡༥༥༠༩༧༠༡༡༠༥
昂秀才让,海北州藏医院内科副主任,内科藏医医师、本科学历从事临床工作10年,曾在红十字医院麻醉科、山东省中医院麻醉科进修学习。擅长应用藏医特色疗法、针灸、艾灸、拔罐、放血等疗法治疗内科病及关节病、腰椎病、坐骨神经痛、神经性头痛等疾病。联系方式:15509701105
གཡང་སྐྱབས་རྒྱལ།
杨什杰加
སྨན་པ་བཀའ་བཅུ་བ། དངོས་གཞི་མཐར་ཕྱིན། ནད་ཐོག་ལག་ལེན་གྱི་བྱ་བར་ཞུགས་ནས་ལོ་བཅུ་ལྷག་འགོར། ནད་ཐོག་ཏུ་ཁྲག་རླུང་སྟོད་འཚངས། ངན་ཁྲག་འཕེལ་བ། ཕོ་ཚད། མེ་མཉམ། གྲང་མཁྲིས། དབུགས་འཚངས། གྲུམ་བུ། རུས་ལྷག་གི་ནད་སོགས་རྒྱུན་མཐོང་གི་ནད་རིགས་སྣ་ཚོགས་ལ་བོད་ཕྱི་ཟུང་འབྲེལ་སྒོས་གསོ་བཅོས་བྱེད་བཞིན་ཡོད།
ཀུན་བཟང་ཚེ་རིང་།
更布藏才让
海北州藏医院内科藏医师,藏西医结合科住院医师,本科学历,从事临床工作7年,擅长应用藏西医结合的方法诊治冠心病、高血压、腰椎间盘突出、关节炎、神经性头痛、糖尿病等疾病。联系电话:18397002486
བསོད་ནམས་རྡོ་རྗེ།
索南多杰
བསོད་ནམས་རྡོ་རྗེ། སྨན་སྦྱོར་སྨན་པ། ནད་ཐོག་སྨན་སྦྱོར་བྱ་བ་གཉེར་ནས་ལོ་༧ལྷག་འགོར། བོད་སྨན་གྱི་རིག་པའི་གཞུང་ལུགས་དང་རྨང་གཞིའི་ཤེས་བྱ། བོད་སྨན་གྱི་སྡེབ་སྦྱོར་སོགས་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པ་མ་ཟད། ཁྱད་པར་དུ་བོད་ལུགས་གསོ་རིག་བོད་སྨན་བསྟེན་ཐབས་ཕྱོགས་ལ་རྒྱུད་ཀྱི་དགོངས་པ་མཐུན་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད།
ཚེ་དབང་མཚོ།
才恒措
སངས་རྒྱས་མཚོ།
桑杰措
དཔའ་མོ་སྐྱིད།
བོད་རིགས། ཁོང་ནད་ཚན་ཁག་གི་སྨན་ཞབས། སྨན་ཞབས་ཀྱི་རྨང་གཞིའི་བྱ་བ་དང་གཞི་རྩའི་བཀོལ་སྤྱོད་ནུས་པ་བརྟན་པོ་ཡོད། བོད་ལུགས་དཔྱད་བཅོས་ནད་སྐྱོང་དང་། ཚྭ་དུགས་དང་མེ་དུགས། བདུད་རྩི་ཞབས་ཁྲུས་དང་སྣུམ་བྱུག ཧོར་མེ་དང་བྱུག་པ། བསྐུ་མཉེ་སོགས་ལ་ཡང་ནད་སྐྱོང་བྱེད་པར་མཁས། དེ་མིན་ཕྱི་ལུགས་སྨན་ཞབས་ཕྱོགས་ཡོངས་ཀྱི་རྒྱུན་སྤྱོད་སྨན་ཞབས་བཀོལ་སྤྱོད་བརྒྱུད་རིམ་ཁག་དང་། སྙིང་འཕར་རླབས་རིས་འཕྲུལ་ཆས་སོགས་དེང་རབས་འཕྲུལ་ཆས་ནད་ཐོག་མྱུར་སྐྱོབ་ཐད་ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན། ཁ་པར་ཨང་གྲངས།༡༨༡༩༧༢༠༣༨༡༤
免责声明:本公众号所发表内容、图片、文字、字体等版权信息注明来源的,版权归原出处所有,无法查证版权的或未注明出处的均来源于网络搜集。如任何单位或个人认为其中的内容与图文等可能涉嫌侵犯其知识产权,请在发现之日及时与本平台(联系方式:1210350425@qq.com)联系,我们将在第一时间删除相关内容。