མེ་དགྲའི་འོག་གི་ངོ་མཚར་ཅན་གྱི་ཁང་པ་དང་དེའི་རྒྱུ་རྐྱེན་ཡང་དག

2025-01-15 20:42   山东  


མེ་དགྲའི་འོག་གི་ངོ་མཚར་ཅན་གྱི་ཁང་པ་དང་དེའི་རྒྱུ་རྐྱེན་ཡང་དག  

སྒྱུར་འགོད་པ།  བེ་དུང་།


     ཉེ་ལམ་ཨ་རིའི་ཧཱ་ཝེ(Hawai,夏威夷州)ཁུལ་གྱི་མཱ་ཝེས(Maui,茂宜岛 )གླིང་ཕྲན་ལ་གནོད་འཚེ་རང་བཞིན་ཅན་གྱི་མེ་སྐྱོན་ཆེན་པོ་བྱུང་བ་དང་།   ལཱ་ཧེ་ན་གྲོང་བརྡལ(LahainaTown,拉海纳镇)གྱི་མཚོ་འགྲམ་ས་ཁུལ་ཕལ་ཆེར་ལ་མེ་དགྲས་གཏོར་བརླག་ཐེབས་པ་དང་སྡོད་དམངས་མི་ཉུང་བ་ཞིག་ཀྱང་མེ་སྐྱོན་འོག་སོལ་བར་གྱུར་པ་རེད།    ཡིན་ཡང་བསྲེག་བརླགས་སུ་སོང་བའི་མཚོ་འགྲམ་གྱི་གྲོང་བརྡལ་དེ་རུ་ཐོག་ཁེབ་དམར་པོ་ཅན་གྱི་ཁང་པ་ཞིག་ལ་གནོད་པ་སྤུ་ཙམ་ཡང་བྱུང་མེད་པ་དང་།   

      དེ་ནི་མཐའ་འཁོར་གྱི་གནས་ཚུལ་ཡ་ང་བ་དང་བསྡུར་ན་བློས་མི་དཔོག་པའི་ཧེ་བག་ཅན་དུ་ཡོད་པས་ཐ་ན་ས་གནས་དེ་གའི་མི་རྣམས་ཀྱིས་ཀྱང་དེ་ལ“ངོ་མཚར་ཅན་གྱི་ཁང་པ”(miraclehouse,奇迹之屋)ཞེས་འབོད་ཀྱིན་ཡོད་ཅིང་།    མི་མི་ཉུང་བ་ཞིག་གིས་ཁང་ཆུང་དེ་སྟབས་ལེགས་ནས་སྲོག་ཉེན་ལས་ཐར་བའི་རྒྱུ་རྐྱེན་ལ་ཡ་མཚན་ཆེན་པོ་བྱེད་ཀྱི་ཡོད།    དེ་ལས་ཁང་ཀླད་དམར་པོ་ཅན་གྱི་ཤིང་ཁང་དེ་བསྲེག་བཅོམ་གྱི་ཉེན་ཁ་ལས་ལས་ཐར་བའི་རྒྱུ་རྐྱེན་ནི་མཛེས་བཟོའི་ལས་གྲྭ་ཞིག་དང་འབྲེལ་བ་ཡོད་པ་དང་།     དབྱིན་ཇིའི་ཕྱོགས་བསྡུས་རྒྱང་སྒྲོག་སྤྱི་གཉེར་ཁང(BBC)དང་།     ནེ་ཡོར་ཁི་སྦྲག་སྲིད་ཚགས་པར》(New York Post)དང་ས་གནས་དེ་གའི་ ཧཱ་ཝེ་སྨྱན་སྦྱོར (Honolulu CivilBeat,夏威夷当地媒体)བཅས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན།  

ཁང་བདག་ལྕམ་སྒྲོ་རཱ་ལགས།


       མེ་སྐྱོན་གྱི་འཇིགས་པ་ལས་ཐར་བའི་ཁྱད་མཚར་ཅན་གྱི་ཁང་བ་དེ་ཧཱ་ཝེ་གྲོང་རྡལ་ཧྥི་རོན་སྒྲི(Front Street,临海街) སྲང་ལམ་དུ་ཡོད་ཅིང་ཁང་པ་དེ་ལ་ལོ་བརྒྱ་ཡི་ལོ་རྒྱུས་ཡོད་པ་དང་།      མེ་དགྲའི་གནོད་འཚེ་བྱུང་སྐབས་སུ་ཁང་བདག་མེ་ལེ་ཁིན(Milikin,米利金)བཟའ་ཟླ་གཉིས་ཨ་རིའི་བྱང་ཤར་གྱི་མཱ་སི་ཐྲོའུ་སེ་སི(Massachusetts,麻州)མངའ་སྡེ་རུ་ཡུལ་སྐོར་ལ་འགྲོ་བཞིན་ཡོད་ལ།    ཁོང་གཉིས་ཀྱིས་སྡེ་ཁུལ་ཧྲིལ་པོ་མེ་སྐྱོན་གྱི་གནས་སུ་གྱར་བ་ཤེས་རྗེས་རང་ཁྱིམ་གྱི་ཁང་པ་ཡང་མེས་བསྲེགས་ཡོད་ངེས་རེད་སྙམ་ཡོད།   ཡིན་ཡང་བསམ་ཡུལ་ལས་འདས་པ་ཞིག་ལ་ཉིན་འགའི་རྗེས་ཀྱི་ཞོགས་པ་ཞིག་ལ་དྲྭ་ལམ་ནས་མཐོང་བའི་པར་རིས་ཤིག་ལས་ཁོ་ཚོའི་མཚོན་རྟགས་རང་བཞིན་ཅན་གྱི་ཁང་ཀླད་དམར་པོ་ཡིན་པའི་སྡོད་ཁང་དེ་ལ་སྐྱོན་ཅི་ཡང་མེད་པ་རེད།   

。   སྐུ་ཞབས་ཐྲི་རེ(Trip,崔普)ཡིས་བཤད་ན་འདྲ་པར་དེ་ནི་བལྟས་ཚོད་ཀྱིས་རྫུན་བཟོ་བྱས་པའི་རི་མོ་ཞིག་དང་འདྲ་ཟེར།    མེ་ལེ་ཁིན་དང་ལྕམ་མོ་སྒྲོ་རཱ(Dora,多拉)གཉིས་ཀྱིས་ཁོང་ཚོའི་ཁྱིམ་མཚེས་ཀྱི་ཁང་པ་ཚང་མར་བསྲེགས་བརླགས་ཐེབས་ཡོད་པ་མཐོང་སྐབས་རང་ཁྱིམ་ཁོ་ནར་སྐྱོན་མེད་པས་མིག་ཆུ་ཤོར་ནས“ངའི་སེམས་ནང་ན་གནོང་འགྱོད་ཆེན་པོ་ཞིག་འདུག”ཅེས་བཤད་པ་རེད།    དེ་ལས་སྒྲོ་རཱ་ནི་རི་མོ་བ་ཞིག་ཡིན་པ་དང་མོའི་ཁྱོ་ག་ནི་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་དངུལ་འཛིན་སྤྱི་གཉེར་བ་ཞིག་རེད།    ལོ་འགའི་སྔོན་ལ་ཁོ་ཚོས་རྩིས་གཉེར་བ་རྒན་པ་ཞིག་གི་ལག་ནས་ལོ་ངོ་བརྒྱ་ཡི་ལོ་རྒྱུས་ལྡན་པའི་སྡོད་ཁང་འདི་དངོས་ཉོས་པ་དང་།    ཁོང་ཚོས་མ་ཉོས་གོང་ཁང་པ་ལ་ལོ་མང་པོའི་རིང་ཞིག་གསོ་བྱས་མེད་པས་ཁོ་ཚོས་ཞིག་གསོ་བྱེད་བྱས་ཤིང་།   སྣུམ་སྙིགས་ཀྱིས་ཁེངས་པའི་ཁང་པའི་ཀླད་ཁེབ་དེ་ལྕགས་རིགས་ཀྱི་རྒྱུ་ཆར་བརྗེས་པར་མ་ཟད་ཆུ་རྡོ་ཡིས་ཁང་བ་བསྐོར་བ་རེད།    

    གཞན་ཡང་གྲོག་མ་དཀར་པོ(白蚁)འགོག་ཆེད་ཁོང་ཚོས་ཁང་ཀླད་དུ་ལྷུང་བའི་ཤིང་ལོ་ཚང་མ་གཙང་སེལ་བྱས་པ་དང་ཁང་པའི་མཐའ་འཁོར་དུ་ཡོད་པའི་རྩི་ཤིང་དང་ཤིང་སྡོང་སོགས་ཀྱང་རྩ་བ་ནས་མེད་པར་བཟོས་པ་རེད།     བྱེད་ཐབས་དེ་དག་གིས་ཁང་བ་མེ་སྐྱོན་ལས་གཡོལ་ཐུབ་པ་བྱུང་རེད།     ལྕམ་མོ་སྒྲོ་ཡིས་བཤད་རྒྱུར་མེ་ཆེན་པོ་འབར་བའི་སྐབས་སུ་མེ་ལྕེ་ཐོགས་པའི་ཤིང་དག་ཁང་ཀླད་ལ་ཕོག་སྲིད་ཅིང་།    གལ་ཏེ་སྣུམ་སྙིགས་ཅན་གྱི་ཁང་ཀླད་ཡིན་ན་མེ་འབར་ངེས་ཡིན་པ་རེད།    དེ་བཞིན་ཁང་བའི་མཐའ་འཁོར་གྱི་སྡོང་ལོ་དེ་ལས་ཀྱང་མེ་དགྲ་འབྱུང་ངེས་པ་རེད་ཅེས་དང་།    མོས་ད་དུང་བཤད་རྒྱུར་ཁོ་ཚོའི་ཁང་བ་དང་ཁྱིམ་མཚེས་ཀྱི་ཁང་པའི་བར་བར་ཐག་རིང་པོ་ཡོད་པས་ཀྱང་མེ་འགོག་གི་ནུས་པ་ཐོན་ཡོད་ཟེར།   

    བྱས་རྗེས་ངོ་མཚར་ཅན་གྱི་ཁང་ཆུང་དེའི་གཞོགས་གཅིག་ཁྱིམ་མཚེས་ཚང་དང་ས་མཚམས་འབྲེལ་ཡོད་པ་ཕུད་གཞོགས་གཞན་གསུམ་སོ་སོར་རྒྱ་མཚོ་དང་འགྲོ་ལམ་དང་ས་སྟོང་ལ་ཁ་ཁ་གཏད་ཡོད་པས་དེས་ཀྱང་མེ་འགོག་གི་ནུས་པ་ཐོན་ཡོད་ངེས་ཡིན་པ་རེད།   སི་ཐྲན་ཧྥོར(Stanford,斯坦福) སློབ་ཆེན་གྱི་རང་བྱུང་མེ་དགྲའི་ཆེད་མཁས་པ་ཝེ་རཱ(Wara,瓦拉) ཡིས་བསྟན་དོན་ཁང་པའི་ཀླད་ཁེབས་ལྕགས་རིགས་ཡིན་པ་ལས་ཀྱང་མེ་ལེ་ཁིན་བཟའ་ཚོ་གཉིས་ཀྱིས་ཤིང་ཁང་གི་མཐའ་འཁོར་གྱི་མཛེས་ལྗོངས་ལ་འགྱུར་ལྡོག་བཏང་བ་དང་རྡོ་ཡིས་བསྐོར་བ་དེ་མེ་དགྲའི་སྐབས་ཤིང་ཁང་ཉར་སྲུང་ཐུབ་པའི་འགག་རྩ་ཆེ་ཤོས་ཤིག་ཡིན་ངེས་རེད་ཅེས་དང་།    རང་བྱུང་མེ་འགོག་ཆེད་མཁས་པ་ཁོ་ཁིར(Kocher,柯切尔) གྱིས་ཀྱང་གལ་ཏེ་ཁང་བའི་འགྲམ་དུ་ནགས་ཚལ་དང་ལྷུང་ཟིན་པའི་སྡོང་ཕྲན་དང་ཤིང་གི་ལོ་མ་མང་པོ་ཡོད་ན་དེ་དག་ལ་མེ་མཆེད་དེ་ཚ་གདུག་ཆེ་བའི་དྲོད་ཚད་ཀྱིས་ཁང་པའི་སྒེའུ་ཁུང་གས་ནས་མེ་ཁྱིམ་དུ་འབར་དུ་འཇུག་སྲིད་ཟེར།    

    དེ་ལས་མེ་ལེ་ཁིན་བཟའ་ཚོ་གཉིས་ ལཱ་ཧེ་ན་གྲོང་རྡལ་དུ་བདེ་འཇགས་ངང་ཕྱིར་ལོག་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་དང་དེ་རྗེས་ཁང་པ་དེ་ཁྱིམ་གཞིས་ཤོར་བའི་མི་རྣམས་ལ་མཁོ་འདོན་བྱ་རྒྱུའི་འཆར་གཞི་ཡོད་ཅེས་བཤད་པ་དང་ལྷག་ཏུ་ལྕམ་སྒྲོ་ལགས་ཀྱིས“ད་ཐེངས་མེ་དགྲའི་གནོད་འཚེའི་འོག་མི་མང་པོ་ཞིག་ཤི་བ་དང་།   ད་དུང་མི་མང་པོ་ཞིག་གི་ཡོད་ཚད་ཤོར་ཡོད་པས་ང་ཚོས་ཕན་ཚུན་ལ་ལྟ་རྟོག་དང་བསྐྱར་སྐྲུན་བྱེད་དགོས”ཞེས་བཤད་འདུག 



དཔེ་ཝར་

ས་སྐྱ་གོང་མ།

རྫོང་སར་མཁྱེན་བརྩེ།

མཁན་ཆེན་ཕུན་རྣམ།

མཁན་ཆེན་འཇམ་སེང་།མཁན་ཆེན་ཚེ་བརྟན།མཁན་ཆེན་བསམ་འགྲུབ།སློབ་དཔོན

དཔེ་ཝར་རིན་པོ་མྱུར་བྱོན་གྱི་གསོལ་འདེབས།白雅仁波切速速转世祈请文

࿐དཔེ་ཝར་རྡོ་རྗེ་འཆང་གི་ཞལ་གསུང་བྱིན་ལྡན།白雅仁波切亲述祈请加持

སྐྱེས་ཆེན་དམ་པ་ཁྱེད་ཕེབས་པར་མྱ་ངན་ཞུ།
དཔེ་ཝར་མཆོག་སྤྲུལ་མྱུར་བྱོན། གསེར་མདོག་མཆོག་སྤྲུལ།
དཔེ་ཝར་རིན་པོ་ཆེ་རྗེས་དྲན། ཀཿ ཐོག་རིག་འཛིན་ཆེན་པོ།
དཔེ་ཝར་རིན་པོ་མྱུར་བྱོན་གསོལ་འདེབས། གཟན་དཀར་རིན་པོ་ཆེ།

རིན་པོ་ཆེ་འཁྲུངས་རབས་གསོལ་འདེབས། རབ་བརྟན་མཁན་དགེ་ལེགས།

སྐྱེས་ཆེན་དམ་པ་ཁྱེད་སྐུ་གཤེཊ་པའི་གཏམ་ངན་ཧ་ཅང་བློ་འགྱོད་ཆེ་བ་ལ།

སྐྱབས་རྗེ་དཔེ་ཝར་རིན་པོ་ཆེའི་སྐུ་པར་རྩ་ཆེན་འགའ།

དཔེ་ཝར་མཆོག་སྤྲུལ་རྡོ་རྗེ་འཆང་གི་རྣམ་བསྡུས་བཞུགས། བླ་མ་མཁྱེན།


ཁྱེད་ཉིད་༼བྱང་སེམས་ཡེ་ཤེས་གླིང་གི་དྲྭ་༽སྟེགས་སུ་ཕེབས་པར་དགའ་བ་འབུམ་གྱིས་བསུ། འདི་ནས་དུས་ཚོད་ཀྱི་བར་སྟོང་ཡོད་ཚད་བེད་སྤྱོད་དེ་མུ་མཐུད་དུ་༼བྱང་སེམས་ཡེ་ཤེས་གླིང་གི་དྲྭ་༽སྟེགས་དུ་དཔལ་ས་སྐྱའི་སྐྱབས་མགོན་༸གོང་ཡབ་སྲས་དང་། ངོར་ཀླུ་ལྡིང་མཁན་ཆེན། རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་གཙོས་རིས་མེད་བསྟན་འཛིན་སྐྱེས་ཆེན་དག་གི་བཀའ་སློབ་དང་མཛད་ཕྲིན་སོགས་དམིགས་སུ་བཟུང་ནས་རང་གཞན་གཉིས་ལ་ཕན་པའི་བསླབ་བྱ་འཆད་ཁྲིད་དང་།  མཛད་རིམ་ལོ་རྒྱུས་སོགས་སྟབས་བདེའི་འཕྲིན་ལམ་འདི་ནས་སྤེལ་འཆར་ཡོད་པས། 
  གལ་སྲིད་སྤྱི་སྟེགས་འདི་ལས་སྤྱི་སྒེར་གང་རུང་གི་བདག་དབང་ལ་གཏོར་བཤིག་བྱུང་ཚེ་དོ་དམ་པར་འབྲེལ་ནས་གསར་བཤད་བྱེད་རོགས་དང་། འཕྲིན་སྟེགས་འདི་ནས་བསུབ་ཆོག །མཇུག་ཏུ། བདག་ནི་ཤེས་འཇོན་གང་ཡང་མེད་པའི་གྲྭ་འཁྱམ་དཀྱུས་མ་ཞིག་ཡིན་སྟབས་འདི་ཡི་ཐད་ཕྱོགས་ནས་མ་འགྲིག་པའི་གནས་འདུག་ན་ཆོས་གྲོགས་དང་། ཤེས་ལྡན་ཡོངས་ཀྱིས་ལམ་སྟོན་གནང་བའི་རེ་བ་ཡོད་པས་དེ་ལུགས་ཞུ་མཁྱེན། །

菩提智慧洲
若执著此生,则非修行者。 若执著世间,则无出离心。 执著己目的,不具菩提心。 当执著生起,正见已丧失。
 推荐账号,扫码关注
推荐账号二维码
 最新文章