ཞལ་གདམས་སྣ་ཚོགས། 教言汇聚

2025-01-30 15:03   山东  

ཞལ་གདམས་སྣ་ཚོགས། 

教言汇聚

ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི། འདུས་བྱས་ཐམས་ཅད་མི་རྟག་པ་དང་། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བ་བཅས་བཞིའོ། 

四法印:诸行无常、有漏皆苦、诸法无我、涅槃寂静。


ང་ཚོས་ནམ་རྒྱུན་ཅི་ཞིག་གྲ་སྒྲིག་བྱེད་ཀྱིན་ཡོད།
འོན་ཀྱང་གྲ་སྒྲིག་གི་ནང་ནས་མི་ཚེ་མཇུག་རྫོགས་འགྲོ་གིན་འདུག
—- རྫོང་སར་རིན་པོ་ཆེས། 


我们一直都在准备什么 
但是在准备的当中一生就结束了 。
—- 宗萨钦哲仁波切 


རང་ཉིད་ཀྱི་ཞན་ཆ་དང་སྐྱོན་ཆ་མི་མཐོང་བར།

གཞན་ཁོ་ནའི་ཞན་ཆ་དང་སྐྱོན་ཆ་མཐོང་བ་དེ་ནི་ཁེངས་སེམས་ཏེ།

སྡུག་བསྔལ་ཐམས་ཅད་ཀྱི་རྩ་བའོ།།
看不见自己的缺点和毛病,

只能看见别人的缺点和毛病,

这就是傲慢心。

这是一切痛苦的根源。 


མི་ཚེའི་ནང་དུ་ཆེས་གལ་ཆེ་བའི་དོན་བཞི་ཡོད་པ་ནི། 
བརྩེ་བ། དྲང་པོ། བདེན་དོན། གུས་ཞབས་སམ་བརྩི་འཇོག་བཅས་རེད། 
དེ་དག་མེད་ན་ཁྱོད་ཀྱི་མི་ཚེའི་ནང་དུ་ཅི་ཡང་མེད། 


人生中有四个非常重要的事、 

爱、 诚实、真理、尊重、
没有这些你的人生当中就什么都没有了。

མི་དང་མིའི་བར་གྱི་འབྲེལ་བ་ལ་གུ་ཡངས་དགོས།
བྱ་བ་དང་རྩིས་སྤྲོད་ཀྱི་ལག་ལེན་ལ་གུ་དོག་དགོས། 


人与人之间的关系需要宽容,

工作和交付的实践要狭隘。


མདོ་ལས། 

འགྲོ་འདི་ཐམས་ཅད་ལས་ལས་བྱུང་།། 

ལས་རྣམས་ཀུན་ལ་མཐུ་ཡོད་པས།།

ལུས་ཅན་ཀུན་གྱི་སྐྱིད་སྡུག་འདི།། 

 ལས་རྣམས་ཡིན་པར་ཤེས་པར་བྱ།།

佛经:

众生依业生,诸业具威力,

众生诸苦乐,当知皆由业。


མདོ་ཏིང་འཛིན་རྒྱལ་པོ་ལས། 
ལས་བྱས་བསགས་པ་ནམ་ཡང་མེད་མི་འགྱུར།། 
འཁོར་བ་ན་ཡང་དཀར་ནག་འབྲས་བུ་སྨིན།། 


《三摩地王经》 
造作积业永不无、
轮回成熟黑白果。


ཆོས་རྣམས་ཀུན་ནས་སྟོང་གྱུར་ཀྱང་།།

རྒྱུ་འབྲས་མེད་པར་མི་འགྱུར་རོ།།


万法皆空,

因果不空。


བདེ་སྐྱིད་ནི་བྱ་དགའ་ཞིག་མ་ཡིན་ལ།

དེ་ནི་འབྲས་བུ་ཞིག 

 སྡུག་བསྔལ་ནི་ཉེས་ཆད་ཅིག་མ་ཡིན་ལ།

དེ་ནི་རྣམ་སྨིན་ནོ།།


幸福不是奖赏,而是结果;

苦难不是惩罚,而是报应。


ལས་ཀྱི་དགེ་སྡིག་རྣམ་སྨིན་ནི།།

གཟུགས་དང་གྲིབ་མ་བཞིན་དུ་འབྱུང་།།


善恶之报,

如影随形。


གཤིས་ཀ་བཟང་བོ་ནི་མི་ཚེའི་རྒྱུ་ནོར་ཡིན།


好脾气是人生的一笔财富


ཐམས་ཅད་ཀྱིས་མི་བཟང་པོ་ཟེར་བ་དེ་གོ་རུ་ཆུག མི་བཟང་པོ་ཟེར་བ་དེ་ཕལ་ཆེར་གོ་མེད་པ་འདྲ། ལ་ལས་དཔའ་བོ་ཞིག་དང་། ལ་ལས་མཁས་པ་ཞིག་དང་། ལ་ལས་ཚོང་པ་ཞིག་ལ་ཟེར་གྱིན་ཡོད་པ་འདྲ་མོད། དེ་དག་སུལའང་ཟེར་བ་མ་རེད། གཡོ་སྒྱུ་ཁྲམ་གསུམ་མེད་པ་ཀུན་ལ་བསམ་པ་བཟང་པོ་འཆང་མཁན་ཞིག་ལ་མི་བཟང་པོ་ཟེར་བ་རེད།


让我们来理解一下什么叫“好人”。对于所谓的好人,似乎大多数人都不懂。有人说英雄是好人,有人说智者是好人,有人说商人是好人•••但其实这些都不叫好人。没有谄诳奸诈、对一切众生都有善心,这样的人才是好人。


མདོར་ན། ང་ཚོས་ཤེས་དགོས་པ་དེ་ནི་མཆོག་དམན་རབ་འབྲིང་སུ་ཡིན་ཡང་བསམ་པ་བཟང་པོ་འཆང་ན་མི་བཟང་པོ་ཟེར་བ་རེད། གཞན་ཕན་ཁོ་ན་བསྒྲུབས་ན་དཔལ་ཡང་འདུ་ལ་འབྱོར་བ་ཡང་འདུ། ཆོས་ཀྱི་ནང་གི་ཆོས་མཐར་ཐུག་པའང་དེ་རེད།


总之,我们要知道,不管是上上下下什么人,谁有一颗善良的心,谁就是个好人。如果唯一行持利他,这种人既能积福,也能积财。在一切法中,最究竞的法就是它 

བདེན་པ། 真道进

འགལ་བའི་སྐད་ཆ་མ་བཤད།

འགལ་བའི་བྱ་བ་མ་སྒྲུབ།


不说违心话,

不做违心事。

ཡོད་ཚད་ཀྱི་བྱུང་བ་ནི་རྒྱུ་རྐྱེན་རྟེན་འབྲེལ་ལས་འཚོགས་པ་ཞིག་ཡིན་པས་ཁྱོད་ཀྱིས་དེ་ལ་ཨུ་ཚུགས་བྱ་མི་དགོས། སླེབས་རྒྱུ་ཞིག་ཡིན་ན་སླེབས་འོངས་ལ། འགྲོ་རྒྱུ་ཞིག་ཡིན་ན་དེ་བཞིན་དུ་བུད་འགྲོ།



所有一切的发生,均因为因缘聚合,所以你不必太执着。该来的会来,该走的会走。


མིག་སྔར་གྱི་ཆུ་ཚོད་སྐར་ཆ་རེ་རེ་དམ་འཛིན་དང་ལོངས་སུ་སྤྱོད་དགོས།
མི་ཚེའི་དར་རྒུད་རེ་རེ་ནི། གོ་སྐབས་དང་རེ་བ་རེ་རེ་ཡིན།


珍惜和欣赏当下的每一分、
每一秒,人生的起起落落,
都是机会和希望。 

འབད་བརྩོན་ནི་ཤེས་རབ་ཀྱི་མཚེ་མ་དང་།

སྒྱིད་ལུག་ནི་བླུན་པོའི་ནུ་བོ་ཡིན།


勤奋是智慧的双胞胎,

懒惰是愚蠢的亲兄弟。


ཤེས་རབ་མེད་པའི་ཀླད་པ་ནི།

ཞག་སྒྲོན་མེད་པའི་འོད་ཁང་དང་འདྲ།


没有智慧的头脑,

就像没有蜡烛的灯笼。


མིག་ནང་ན་མཆི་མ་མེད་ན།།

སེམས་ནང་དུ་འཇའ་ཚོན་ཡོད་མི་སྲིད།།

སྡུག་བསྔལ་གྱི་ཚོར་བ་མེད་ན།།

དོན་དངོས་ཀྱི་སྤྲོ་སྐྱིད་ཡོང་མི་ཐུབ།།


眼中无泪,

心灵中不会有彩虹;

不经痛苦,

不会产生真快乐。


 དུས་ཀྱི་འགྱུར་བ་དང་བསྟུན་ནས་མི་ནི་རང་འགུལ་གྱིས་འགྱུར་བཞིན་ཡོད།

སྐབས་ལན་རེ་ང་ཚོ་ནི་ཟློས་གར་བ་དང་འདྲ་སྟེ། གཞན་གྱི་གཏམ་རྒྱུད་ཀྱི་ཁྲོད་དུ།རང་ཉིད་ཀྱི་མིག་ཆུ་བཞུར་གྱིན་ཡོད།



时间在变,人就自然也在变。有时我们就像戏子,在别人的故事里,流着自己的眼泪。


ལོ་བརྒྱ་ཡི་ནང་། ཁྱོད་རང་ཆེས་བརྩེ་བའི་ཕ་མ་དང་། ཁྱིམ་མི་དང་བཅས་འཇིག་རྟེན་སྟེང་གི་མི་རྣམས་རེ་རེ་བཞིན་དུ་མི་ཡུལ་དང་བྲལ་འགྲོ་ལ། བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་བ་ནི་ནམ་ཡང་རྟག་བརྟན་ཡིན་མི་སྲིད། དེའི་ཕྱིར་ན། མི་རྟག་པའི་དོན་རྐྱེན་མ་བྱུང་སྔོན་དུ། ང་ཚོས་རང་ཉིད་ཀྱི་སྐྱེ་འཆིའི་དོན་ཆེན་ལ་གྲ་སྒྲིག་ཐུབ་དགོས། 


一百年之内,世界上的每个人,包括你最爱的父母、家人,都将一一离开世问,幸福美满的生活不可能永远存在,因此 在无常来临前,我们就要为自己的生死大事做好准备。


བསྟོད་ན་གཞན་ལ་བསྟོད། 

要赞扬,赞他人的优点

སྨྲ་ན་རང་སྐྱོན་སྨྲོས། བསྟོད་ན་གཞན་ལ་བསྟོད།

འདུལ་ན་རང་རྒྱུད་ཐུལ། གསོག་ན་འཕགས་པའི་ནོར་གཉིས་གསོག།

སྤེལ་ན་ཉམས་མྱོང་དང་རྟོགས་པ་སྤེལ།

 སྐྱོང་ན་བླ་མ་དམ་པའི་གདམས་ངག་སྐྱོང་།

གྲུབ་ཆེན་གླིང་རས་པའི་༼རང་སྐྱོན་ལྟ་བའི་མེ་ལོང་༽ལས།

要说,说自己的缺点。

要赞扬,赞他人的优点。

要教化,化自己的本性。

要蓄积,积圣者的二宝资粮。

要增进,增自己的修为和领悟。

要继承,继承上师所传的窍诀。

——林钦日巴《己过自省之镜》

摘选翻译者:塔生  


གནོད་མེད་བཟོད་པས་ཕན་མི་ཐོགས།།བཟོད་པ་ཚིག་ངན་འབྱུང་དུས་སྒོམས།།

无害安忍无利益,安忍恶语来时修。

རྒྱུ་ཟས་མེད་དུས་ཅི་སྦྱིན་ཏེ།།སྦྱིན་པ་ཟས་ནོར་ཡོད་དུས་ཐོངས།།

无财谈何布施耶,有才舍得去布施。

ཟུང་ཟད་ནད་ཐེབས་དཀའ་བའི་གནས།།ཕྱག་སྐོར་སྒྱུ་ལུས་བདེ་དུས་གྱིས།།

虚弱多病不适作,转经顶礼安康时。

ན་རྒས་ཤེས་པ་འཆལ་མཐོང་ན།།གདམས་ངག་བློ་རིགས་གསལ་དུས་སྒོམས།།

看见病老智弱时,教言智慧明时修。


སྟོང་ཉིད་ནི་སྟོང་པ་སྟོང་རྐྱང་ཅི་ཡང་མེད་ཟེར་བ་མ་ཡིན་པར། ང་རང་ཚོའི་རང་སེམས་འཁྲུལ་པའི་ངོར་ཁྲ་ཁྲ་ཟིང་ཟིང་གི་བྱ་དངོས་འདི་དག་ཡོད་པ་ཙམ་ལས། དངོས་པོ་ཁོ་རང་གི་གནས་ལུགས་ངོ་མ་སྟེ། ཡོད་པ་དང་། མེད་པ། ཡོད་ལ་མ་ཡོད་སོགས་གང་ཡང་མ་ཡིན་པར་གཤིས་ཀྱི་གནས་ལུགས་གང་ཡིན་པ་དེ་ལ་ཟེར་ཞིང་། དེ་ནི་ང་ཚོའི་བློ་འཁྲུལ་པ་འདི་ལས་ཡོངས་སུ་འདས་པ་ཞིག་ལ་ཟེར་རོ།།

 空性不是指单空一无所有的意思,而是我们心思错乱的幻觉认为,所显现的一切花花绿绿的物质是实有的。但从万法本来的究竟自性上而言,远离有、无、亦有亦无、非有非无的自性就是所谓的空性的本体,它已经远离了我们心思幻觉的概念了。


ཅི་ཞིག་གི་ཆེད་དུ། 

为了什么?


 ཤེས་རྒྱ་ཆེ་བ་ནི་གཞན་ཞིག་དབང་དུ་བསྡུ་བའི་ཆེད་མ་ཡིན་པར། 

རང་ཉིད་ཉམ་ཆུང་ཞིག་ཡིན་པ་གསལ་པོ་མཐོང་བའི་ཕྱིར་དུ་ཡིན།

学识的渊博    

 不是为了征服别人

而是为了看清自己的渺小

རྒྱུ་ནོར་ཕུན་སུམ་ཚོགས་པ་ནི་ཕྱུག་ཉམས་རྒྱས་སྤྲོས་ངོམ་པའི་ཆེད་དུ་མ་ཡིན་པར། 

དགེ་སྤེལ་གྱི་འགན་ཁུར་ཇེ་མང་དུ་གཏོང་བའི་ཆེད་དུ་ཡིན།

财富的丰厚   

不是为了炫耀奢华,而是增加扬善的担当

གོ་གནས་ཀྱི་དབང་གྲགས་ནི་རང་ཉིད་ཁེར་རུ་སྐྱིད་འདུག་ཆེད་དུ་མ་ཡིན་པར།

མང་ཚོགས་ཀྱི་སྣེ་ཁྲིད་དེ་མདུན་དུ་བསྐྱོད་པའི་ཆེད་དུ་ཡིན།

地位的显赫   

不是为了孤芳自赏,而是为了率众前行

སྟོབས་ཤུགས་ཆེ་བ་ནི་ཉམ་ཆུང་ལ་བརྙས་བཅོས་བྱེད་པའི་ཆེད་དུ་མ་ཡིན་པར།

རང་དབང་གི་དབུགས་འབྱིན་རྔུབ་བྱེད་པའི་ཆེད་དུ་ཡིན།

力量的强悍   

不是为了欺压弱小,而是为了自由的呼吸

མི་ཞིག་ལ་ནུས་ཚད་ཡོད་པ་ནི་སྒེར་སེམས་སྐོང་བའི་ཆེད་དུ་མ་ཡིན་པར།

འགན་འཁྲི་མང་པོ་ཞིག་འཁུར་བའི་ཆེད་དུ་ཡིན།

一个人有了能量   

不是为了满足私欲,而是为了承担更多的使命。

གུས་འཁྱམ་པོ་བྱང་ཆུབ་ཀུན་དགའ་བསྟན་པས་སྤེལ་བ་དགེ །

流浪僧向秋贡嘎丹贝合文


དཔེ་ཝར་

ས་སྐྱ་གོང་མ།

རྫོང་སར་མཁྱེན་བརྩེ།

མཁན་ཆེན་ཕུན་རྣམ།

མཁན་ཆེན་འཇམ་སེང་།མཁན་ཆེན་ཚེ་བརྟན།མཁན་ཆེན་བསམ་འགྲུབ།སློབ་དཔོན

དཔེ་ཝར་རིན་པོ་མྱུར་བྱོན་གྱི་གསོལ་འདེབས།白雅仁波切速速转世祈请文

࿐དཔེ་ཝར་རྡོ་རྗེ་འཆང་གི་ཞལ་གསུང་བྱིན་ལྡན།白雅仁波切亲述祈请加持

སྐྱེས་ཆེན་དམ་པ་ཁྱེད་ཕེབས་པར་མྱ་ངན་ཞུ།
དཔེ་ཝར་མཆོག་སྤྲུལ་མྱུར་བྱོན། གསེར་མདོག་མཆོག་སྤྲུལ།
དཔེ་ཝར་རིན་པོ་ཆེ་རྗེས་དྲན། ཀཿ ཐོག་རིག་འཛིན་ཆེན་པོ།
དཔེ་ཝར་རིན་པོ་མྱུར་བྱོན་གསོལ་འདེབས། གཟན་དཀར་རིན་པོ་ཆེ།

རིན་པོ་ཆེ་འཁྲུངས་རབས་གསོལ་འདེབས། རབ་བརྟན་མཁན་དགེ་ལེགས།

སྐྱེས་ཆེན་དམ་པ་ཁྱེད་སྐུ་གཤེཊ་པའི་གཏམ་ངན་ཧ་ཅང་བློ་འགྱོད་ཆེ་བ་ལ།

སྐྱབས་རྗེ་དཔེ་ཝར་རིན་པོ་ཆེའི་སྐུ་པར་རྩ་ཆེན་འགའ།

དཔེ་ཝར་མཆོག་སྤྲུལ་རྡོ་རྗེ་འཆང་གི་རྣམ་བསྡུས་བཞུགས། བླ་མ་མཁྱེན།


ཁྱེད་ཉིད་༼བྱང་སེམས་ཡེ་ཤེས་གླིང་གི་དྲྭ་༽སྟེགས་སུ་ཕེབས་པར་དགའ་བ་འབུམ་གྱིས་བསུ། འདི་ནས་དུས་ཚོད་ཀྱི་བར་སྟོང་ཡོད་ཚད་བེད་སྤྱོད་དེ་མུ་མཐུད་དུ་༼བྱང་སེམས་ཡེ་ཤེས་གླིང་གི་དྲྭ་༽སྟེགས་དུ་དཔལ་ས་སྐྱའི་སྐྱབས་མགོན་༸གོང་ཡབ་སྲས་དང་། ངོར་ཀླུ་ལྡིང་མཁན་ཆེན། རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་གཙོས་རིས་མེད་བསྟན་འཛིན་སྐྱེས་ཆེན་དག་གི་བཀའ་སློབ་དང་མཛད་ཕྲིན་སོགས་དམིགས་སུ་བཟུང་ནས་རང་གཞན་གཉིས་ལ་ཕན་པའི་བསླབ་བྱ་འཆད་ཁྲིད་དང་།  མཛད་རིམ་ལོ་རྒྱུས་སོགས་སྟབས་བདེའི་འཕྲིན་ལམ་འདི་ནས་སྤེལ་འཆར་ཡོད་པས། 
  གལ་སྲིད་སྤྱི་སྟེགས་འདི་ལས་སྤྱི་སྒེར་གང་རུང་གི་བདག་དབང་ལ་གཏོར་བཤིག་བྱུང་ཚེ་དོ་དམ་པར་འབྲེལ་ནས་གསར་བཤད་བྱེད་རོགས་དང་། འཕྲིན་སྟེགས་འདི་ནས་བསུབ་ཆོག །མཇུག་ཏུ། བདག་ནི་ཤེས་འཇོན་གང་ཡང་མེད་པའི་གྲྭ་འཁྱམ་དཀྱུས་མ་ཞིག་ཡིན་སྟབས་འདི་ཡི་ཐད་ཕྱོགས་ནས་མ་འགྲིག་པའི་གནས་འདུག་ན་ཆོས་གྲོགས་དང་། ཤེས་ལྡན་ཡོངས་ཀྱིས་ལམ་སྟོན་གནང་བའི་རེ་བ་ཡོད་པས་དེ་ལུགས་ཞུ་མཁྱེན། །

菩提智慧洲
若执著此生,则非修行者。 若执著世间,则无出离心。 执著己目的,不具菩提心。 当执著生起,正见已丧失。
 推荐账号,扫码关注
推荐账号二维码
 最新文章