༈ གནམ་ས་བསྣོལ་མར་འདྲེས་པའི་བསིལ་ལྡན་གྱི་ལྗོངས་ན།།
གཞན་ཕན་འོད་མདངས་གསལ་བའི་དྲིན་ཅན་གྱི་བཤེས་གཉེན།།
སྲས་བརྒྱད་གྲོགས་སུ་རྩེན་པའི་ཟློས་གར་དང་བཅས་ཏེ།།
སྡུག་བསྔལ་མིང་ཡང་མེད་པའི་ཞིང་ཁམས་ལ་ཕེབས་ན།།
ལྷག་བསམ་གསེར་འོད་འབར་བའི་སྙིང་དབུས་ཀྱི་མཆོད་པ།།
བྱམས་ལྡན་སློབ་དཔོན་མཆོག་གིས་ལེགས་སྐྱེས་སུ་བཞེས་རོགས།།
རྨད་བྱུང་ཐུགས་སྟོབས་རྐང་སྟེགས་ལ་འཛེགས་ནས།།
ཡང་དར་བསྟན་པའི་ཀ་ཆེན་མཁའ་ལ་སྒྲེངས།།
ལུགས་གཉིས་གསེར་གྱི་ཁྲི་ལ་ལྷུན་ཆགས་པའི།།
སྐྱབས་མགོན་ཆོས་ཀྱི་རྒྱལ་མཚན་རྒྱལ་གྱུར་ཅིག །
མགོན་ཁྱེད་ཏིང་འཛིན་འཕྲུལ་གྱི་སྤྲོ་བསྡུ་རེས།།
སྲིད་པ་ཧྲུལ་པོར་བྱེད་པའི་མཛད་འཕྲིན་རེ།།
ཅི་ཞིག་མཛད་ཀྱང་རླབས་ཆེན་དགོངས་དོན་རེ།།
གང་དུ་བཞུད་ཀྱང་བསྟན་འགྲོའི་དོན་ཆེན་ཉིད།།
ཨོ་རྒྱན་གུ་རུ་མཚོ་སྐྱེས་རྡོ་རྗེ་ཡིས།།
གངས་ཅན་སྐྱེ་འགྲོ་སྡུག་གི་མནར་བའི་སྐབས།།
མགོན་པོ་ཁྱེད་ཀྱི་འཕྲིན་ལས་ཉི་མའི་འོད།།
ཆེས་ཆེར་གསལ་བ་རྡོ་རྗེ་ལུང་གིས་བསྟན།།
ཆོས་ཀྱི་དབྱིངས་ལ་བཞུགས་ཡུན་མ་རིང་རོགས།།
གདུལ་བྱའི་ལྷག་མ་ཐུགས་རྗེས་མ་འདོར་རོགས།།
མཛད་པའི་འཕྲིན་ལས་དུས་ལས་མི་ཡོལ་རོགས།།
འགྲོ་བའི་མགོན་ལ་ཕྱིར་འགྱང་མ་གནང་རོགས།།
ཉིན་ཡང་ཁྱེད་དྲན་མཚན་ཡང་ཁྱེད་ཉིད་དྲན།།
གཞན་ཡང་ཁྱེད་དྲན་ང་ཡང་དེ་བཞིན་ཏེ།།
གཏམ་ཡང་ཁྱེད་སྨྲ་སྒུག་ཡང་ཁྱེད་ཉིད་སྒུག །
ཡང་ཡང་དྲན་བཞིན་ཡང་ཡང་འོ་དོད་ཤོར།།
དཔེ་ཝར་
མཁན་ཆེན་འཇམ་སེང་། མཁན་ཆེན་ཚེ་བརྟན། མཁན་ཆེན་བསམ་འགྲུབ། སློབ་དཔོན
སྐྱེས་ཆེན་དམ་པ་ཁྱེད་ཕེབས་པར་མྱ་ངན་ཞུ།དཔེ་ཝར་མཆོག་སྤྲུལ་མྱུར་བྱོན། གསེར་མདོག་མཆོག་སྤྲུལ།དཔེ་ཝར་རིན་པོ་ཆེ་རྗེས་དྲན། ཀཿ ཐོག་རིག་འཛིན་ཆེན་པོ།དཔེ་ཝར་རིན་པོ་མྱུར་བྱོན་གསོལ་འདེབས། གཟན་དཀར་རིན་པོ་ཆེ།རིན་པོ་ཆེ་འཁྲུངས་རབས་གསོལ་འདེབས། རབ་བརྟན་མཁན་དགེ་ལེགས།
སྐྱེས་ཆེན་དམ་པ་ཁྱེད་སྐུ་གཤེཊ་པའི་གཏམ་ངན་ཧ་ཅང་བློ་འགྱོད་ཆེ་བ་ལ།
སྐྱབས་རྗེ་དཔེ་ཝར་རིན་པོ་ཆེའི་སྐུ་པར་རྩ་ཆེན་འགའ།
དཔེ་ཝར་མཆོག་སྤྲུལ་རྡོ་རྗེ་འཆང་གི་རྣམ་བསྡུས་བཞུགས། བླ་མ་མཁྱེན།
ཁྱེད་ཉིད་༼བྱང་སེམས་ཡེ་ཤེས་གླིང་གི་དྲྭ་༽སྟེགས་སུ་ཕེབས་པར་དགའ་བ་འབུམ་གྱིས་བསུ། འདི་ནས་དུས་ཚོད་ཀྱི་བར་སྟོང་ཡོད་ཚད་བེད་སྤྱོད་དེ་མུ་མཐུད་དུ་༼བྱང་སེམས་ཡེ་ཤེས་གླིང་གི་དྲྭ་༽སྟེགས་དུ་དཔལ་ས་སྐྱའི་སྐྱབས་མགོན་༸གོང་ཡབ་སྲས་དང་། ངོར་ཀླུ་ལྡིང་མཁན་ཆེན། རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་གཙོས་རིས་མེད་བསྟན་འཛིན་སྐྱེས་ཆེན་དག་གི་བཀའ་སློབ་དང་མཛད་ཕྲིན་སོགས་དམིགས་སུ་བཟུང་ནས་རང་གཞན་གཉིས་ལ་ཕན་པའི་བསླབ་བྱ་འཆད་ཁྲིད་དང་། མཛད་རིམ་ལོ་རྒྱུས་སོགས་སྟབས་བདེའི་འཕྲིན་ལམ་འདི་ནས་སྤེལ་འཆར་ཡོད་པས།
གལ་སྲིད་སྤྱི་སྟེགས་འདི་ལས་སྤྱི་སྒེར་གང་རུང་གི་བདག་དབང་ལ་གཏོར་བཤིག་བྱུང་ཚེ་དོ་དམ་པར་འབྲེལ་ནས་གསར་བཤད་བྱེད་རོགས་དང་། འཕྲིན་སྟེགས་འདི་ནས་བསུབ་ཆོག །མཇུག་ཏུ། བདག་ནི་ཤེས་འཇོན་གང་ཡང་མེད་པའི་གྲྭ་འཁྱམ་དཀྱུས་མ་ཞིག་ཡིན་སྟབས་འདི་ཡི་ཐད་ཕྱོགས་ནས་མ་འགྲིག་པའི་གནས་འདུག་ན་ཆོས་གྲོགས་དང་། ཤེས་ལྡན་ཡོངས་ཀྱིས་ལམ་སྟོན་གནང་བའི་རེ་བ་ཡོད་པས་དེ་ལུགས་ཞུ་མཁྱེན། །