རིན་མེད་བརྟག་དཔྱད།华西专家先心病免费筛查ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་་་

政务   2024-09-08 20:04   西藏  

       出生缺陷影响着无数家庭。特别是儿童先天性心脏病是一种严重威胁儿童健康的出生缺陷疾病。它犹如一颗隐匿的炸弹,随时可能影响孩子的成长与未来。

      为更好地向公众宣传普及出生缺陷防治知识,进一步推进综合防治,预防和控制出生缺陷。9月12日预防出生缺陷日,西藏自治区妇产儿童医院邀请四川大学华西二医院先心病权威专家,在医院北门举办出生缺陷系列之——“儿童先天性心脏病免费筛查活动”,于13 日、14 日、15 日由专家团队为筛查确诊的先心病患儿提供免费救治服务。

      届时诚邀各位儿童家长协儿童到我院进行免费咨询与筛查。


西藏自治区妇产儿童医院

2024年9月7日


   ལྷན་སྐྱེས་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་མང་པོར་ཤུགས་རྐྱེན་ཐེབས་ཀྱིན་ཡོད། ལྷག་པར་དུ་བྱིས་པའི་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་དེ་ནི་བྱིས་པའི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོ་བའི་ལྷན་སྐྱེས་དབང་སྐྱོན་གྱི་ནད་གཞི་ཞིག་ཡིན། དེ་ནི་སྦས་གསང་གི་འབར་མདེལ་ཞིག་དང་འདྲ་བར་དུས་དང་རྣམ་པ་ཀུན་ཏུ་བྱིས་པའི་འཚར་ལོངས་དང་མ་འོངས་པར་ཤུགས་རྐྱེན་ཐེབས་སྲིད། 

     སྤྱི་དམངས་ལ་ལྷན་སྐྱེས་དབང་སྐྱོན་འགོག་བཅོས་ཀྱི་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་སྔར་བས་ཡག་པ་གཏོང་ཆེད་དང་། ཕྱོགས་བསྡུས་འགོག་བཅོས་ལ་སྔར་བས་སྐུལ་འདེད་བཏང་ནས་ལྷན་སྐྱེས་དབང་སྐྱོན་སྔོན་འགོག་དང་ཚོད་འཛིན་བྱ་ཆེད། སྤྱི་ཟླ་9ཚེས་12ཉིན་ཏེ་ལྷན་སྐྱེས་དབང་སྐྱོན་སྔོན་འགོག་བྱེད་པའི་ཉིན་མོར་བོད་རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་སྨན་ཁང་གིས་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་གཉིས་པའི་ལྷན་སྐྱེས་སྙིང་ནད་ཀྱི་གྲགས་ཆེན་མཁས་དབང་གདན་འདྲེན་ཞུས་ནས་སྨན་ཁང་གི་བྱང་སྒོར་ལྷན་སྐྱེས་དབང་སྐྱོན་འགོག་བཅོས་ཀྱི་བྱེད་སྒོའི་ནང་གསེས་རིན་མེད་ཀྱི་བྱིས་པའི་ལྷན་སྐྱེས་སྙིང་ནད་བརྟག་དཔྱད་བྱེད་སྒོ་སྤེལ་རྒྱུ་དང་། སྤྱི་ཚེས་13ནས་15བར་ཉིན་གསུམ་རིང་གྲགས་ཆེན་མཁས་དབང་ཚོས་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་རིན་མེད་ཀྱི་སྨན་བཅོས་ཞབས་ཞུ་བྱེད་རྒྱུ་ཡིན་པས། 

     རྒྱ་ཆེའི་ཁྱིམ་བདག་ཚོས་གོ་སྐབས་བཟང་པོ་འདི་དམ་འཛིན་གནང་ནས་རང་ཉིད་ཀྱི་བྱིས་པ་འཁྲིད་ནས་ང་ཚོའི་སྨན་ཁང་དུ་རིན་མེད་ཀྱི་བློ་འདྲི་དང་བརྟག་དཔྱད་བྱེད་པར་ཕེབས་རྒྱུའི་དྲན་སྐུལ་ཞུ་རྒྱུ་ཡིན།


བོད་རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་སྨན་ཁང་གིས།

2024ལོའི་ཟླ་བ་9པའི་ཚེས་7ཉིན།



原文请点击下方链接:

【义诊活动】自治区妇产儿童医院开展“预防出生缺陷日”儿童义诊暨先天性心脏病免费筛查与救治活动

来源:西藏自治区妇产儿童医院

编辑:次仁旺拉

城关健康人生
我们是西藏拉萨市城关区疾病预防控制中心,我们的平台通过藏汉两种文字、语言和文图等形式传播高原常见疾病防治知识,传播高原保健养生知识,传播国内外、西藏地区最新卫生健康动态,介绍拉萨市城关区医疗卫生服务机构等!
 最新文章