རྒྱ་བོད་སྐད་གཉིས།学校健康生活方式核心要点སློབ་གྲྭའི་ནང་བདེ་ཐང་གི་འཚོ་བ་སྐྱེལ

政务   2024-09-11 17:57   西藏  

不同场景健康生活方式核心要点(2024)

གནས་མི་འདྲ་སའི་བདེ་ཐང་འཚོ་བ་སྐྱེལ་སྟངས་ཀྱི་རྩ་བའི་ནང་དོན་གཙོ་བོ།(2024ལོའི་པར་གཞི།)

04

工作场所健康生活方式核心要点

ལས་ཁུངས་ནང་བདེ་ཐང་གི་འཚོ་བ་སྐྱེལ་སྟངས།

主动学习健康知识技能,提高自身健康素养,营造健康文明校园文化。

རང་འགུལ་ངང་བདེ་ཐང་གི་ཤེས་བྱ་དང་རྩལ་ནུས་སློབ་སྦྱོང་བྱེད་པ་དང་། རང་ཉིད་ཀྱི་བདེ་ཐང་བྱང་ཚད་མཐོ་རུ་གཏོང་བ། བདེ་ཐང་དང་ཡ་རབས་སྤྱོད་བཟང་ལྡན་པའི་སློབ་གྲྭའི་རིག་གནས་བསྐྲུན་དགོས།


学会选择营养均衡的食物,规律、适量、专注进餐,科学足量饮水。

འཚོ་བཅུད་དོ་མཉམ་གྱི་ཟས་རིགས་འདེམས་ཤེས་པ། ཆོས་ཉིད་ལྡན་པ་དང་། ཚད་དང་ལྡན་པ། བློ་རྩེ་གཅིག་ཏུ་གཞོལ་ནས་ལྟོ་ཆས་ཟ་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་འདང་ངེས་ཀྱི་འཐུང་ཆུ་འཐུང་དགོས།


培养运动能力,养成运动习惯,锻炼健康体魄。

ལུས་སྦྱོང་གི་ནུས་པ་གསོ་སྐྱོང་དང་། ལུས་སྦྱོང་བྱེད་པའི་གོམས་གཤིས་ཆགས་པ། ལུས་ཁམས་བདེ་ཐང་ཡོང་བའི་སྦྱོང་བརྡར་ཡག་པོ་བྱེད་དགོས།


学会科学规划学习和娱乐,规律作息,保证睡眠质量。

ཚན་རིག་དང་མཐུན་པའི་སྒོ་ནས་སློབ་སྦྱོང་དང་རོལ་རྩེད་འཆར་འགོད་བྱེད་ཤེས་པ་དང་། ལས་ཀ་དང་ངལ་གསོ་ཆོས་ཉིད་ལྡན་པ། གཉིད་ཀྱི་སྤུས་ཚད་ཡག་པོ་འགན་ལེན་བཅས་བྱེད་དགོས།


掌握学生常见病防控知识技能,科学就医。

སློབ་མར་ཕོག་མང་བའི་ནད་རིགས་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དང་རྩལ་ནུས་ཁོང་དུ་ཆུད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་སྨན་བཅོས་བྱེད་དགོས།


关注视力变化,减少近距离持续用眼,养成良好用眼习惯。

མིག་ཤེད་ཀྱི་འགྱུར་ལྡོག་ལ་དོ་ཁུར་དང་། ཐག་ཉེ་ས་ནས་རྒྱུན་མཐུད་ངང་མིག་སྤྱོད་རྒྱུ་ཉུང་དུ་བཏང་ནས་མིག་ཡག་པོ་སྤྱོད་པའི་གོམས་གཤིས་བཟང་པོ་ཞིག་ཆགས་པ་བྱེད་དགོས།


远离烟酒等各种诱惑,安全合理使用网络,避免网络成瘾。

ཐ་མག་དང་ཆང་རག་ལ་སོགས་པའི་སླུ་བྲིད་སྣ་ཚོགས་དང་བར་ཐག་རིང་ཙམ་དང་། བདེ་འཇགས་དང་ལུགས་མཐུན་གྱིས་དྲ་བ་བེད་སྤྱོད་བྱས་ནས་དྲ་བའི་དབྱིངས་སུ་མ་ཚུད་པ་བྱེད་དགོས།


学会正确认识自我,塑造健康积极心态,宽容共情,珍爱生命。

རང་ཉིད་ལ་ཡང་དག་པའི་ངོས་འཛིན་བྱེད་ཤེས་པ་དང་། བདེ་ཐང་དང་ཕན་ནུས་ལྡན་པའི་སེམས་ཁམས་གསར་བཟོ། བཟོད་སྒོམ་དང་སྙིང་རྗེའི་སེམས་ལྡན་པ། ཚེ་སྲོག་ལ་གཅེས་སྤྲས་བྱེད་ཤེས་པ་དགོས།


了解生长发育规律、正确对待身心发育变化,掌握自我保护技能。

འཚར་ལོངས་ཡོང་བའི་ཆོས་ཉིད་ཤེས་རྟོགས་དང་། ལུས་སེམས་འཚར་ལོངས་ཡོང་བའི་འགྱུར་ལྡོག་ལ་ལྟ་སྟངས་ཡང་དག་པ་འཛིན་པ། རང་གིས་རང་སྲུང་བའི་ནུས་རྩལ་ཁོང་དུ་ཆུད་པ་བཅས་བྱ་དགོས།


学会识别校园安全隐患,规范自身行为,预防伤害发生。

སློབ་གྲྭའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ངོས་འཛིན་ཤེས་པ་བྱས་ནས་རང་ངོས་ཀྱི་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ་གནོད་འཚེ་སྔོན་འགོག་བྱེད་དགོས།

全民健康生活方式行动国家行动办公室

རྒྱལ་ཁབ་ཀྱི་དམངས་ཡོངས་ཀྱི་བདེ་ཐང་འཚོ་བ་སྐྱེལ་སྟངས་ལས་འགུལ་གཞུང་ལས་ཁང་གིས།

来源:全民生活健康方式

编辑和翻译:次仁旺拉

往期推荐  //  དེ་སྔོན་གྱི་ནང་དོན།


རིན་མེད་བརྟག་དཔྱད།华西专家先心病免费筛查ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་་་

རྒྱ་བོད་སྐད་གཉིས།自治区人民医院无痛胃肠镜预约流程ཕོ་ཤེལ་དང་རྒྱུ་ཤེལ་རྒྱག་མཁན་ཚོས

རྒྱ་བོད་སྐད་གཉིས།社区健康生活方式核心要点སྡེ་ཁུལ་ནང་བདེ་ཐང་འཚོ་བ་སྐྱེལ་སྟངས།

རྒྱ་བོད་སྐད་གཉིས།社区健康生活方式核心要点སྡེ་ཁུལ་ནང་བདེ་ཐང་འཚོ་བ་སྐྱེལ་སྟངས།

城关健康人生
我们是西藏拉萨市城关区疾病预防控制中心,我们的平台通过藏汉两种文字、语言和文图等形式传播高原常见疾病防治知识,传播高原保健养生知识,传播国内外、西藏地区最新卫生健康动态,介绍拉萨市城关区医疗卫生服务机构等!
 最新文章