རྒྱ་བོད་སྐད་གཉིས།​2024年居民医保最新缴费标准公布ད་ལོའི་སྨན་བཅོས་འགན་བཅོལ་

政务   2024-08-26 18:14   西藏  

2024年居民医保最新缴费标准公布

根据国家医保局等部门26日公布的《关于做好2024年城乡居民基本医疗保障有关工作的通知》,2024年城乡居民基本医疗保险财政补助和个人缴费标准分别较上年增加30元和20元,达到每人每年不低于670元和400元。

这是自2016年以来居民医保财政补助新增首超个人缴费新增,居民个人缴费增幅也适当降低。

通知明确,中央财政继续按规定对地方实施分档补助,对西部、中部地区分别按照人均财政补助标准80%、60%的比例给予补助,对东部地区各省份分别按一定比例补助。对于持居住证参加当地居民医保的,各级财政要按当地居民相同标准给予补助。

通知要求,增强大病保险精准保障能力,大病保险起付标准原则上不高于当地上年城乡居民人均可支配收入,居民医保叠加大病保险的最高支付限额原则上达到当地上年城乡居民人均可支配收入的6倍左右,报销比例向高额医疗费用倾斜。

通知提出,将参保居民在门诊发生的符合规定的产前检查相关医疗费用纳入门诊保障,享受普通门诊统筹待遇,合理提高住院分娩生育医疗费用保障水平,进一步减轻参保居民生育医疗费用负担。

国家医保局有关负责人强调,在人均预期寿命不断增长、医疗消费水平持续提升的背景下,合理提高个人缴费和财政补助标准是巩固提升待遇水平、确保制度平稳运行的客观需要。

此前,国家已出台文件激励居民连续参保。此次通知进一步要求各省份对连续参保人员和中断缴费人员分别设置相应的激励和约束措施,并严格执行。


       སྤྱི་ཚེས་༢༦ཉིན། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུད་སོགས་ཚན་པས་ཁྱབ་བསྒྲགས་བྱས་པའི་༼ ༢༠༢༤ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་ལེན་གྱི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ ༽གཞིར་བཟུང་སྟེ། ༢༠༢༤ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ནོར་སྲིད་ཁ་གསབ་དང་། མི་སྒེར་གྱི་གྲོན་དངུལ་འཇལ་བའི་ཚད་གཞི་ལོ་གོང་མ་ལས་སྒོར་༣༠དང་༢༠སོ་སོར་འཕར་ནས། མི་རེར་ལོ་རེར་སྒོར་༦༧༠དང་༤༠༠ལས་མི་ཉུང་བ་ཟིན་རྒྱུ་རེད། 

       དེ་ཡང་། ༢༠༡༦ལོ་ནས་བཟུང་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་ནོར་སྲིད་ཁ་གསབ་གསར་པ་འཕར་ཚད་མི་སྒེར་གྱི་གྲོན་དངུལ་གསར་པ་འཕར་བ་ལས་བརྒལ་ཐེངས་དང་པོ་ཡིན་ཞིང་། གྲོང་མིའི་མི་སྒེར་གྱི་གྲོན་དངུལ་འཕར་ཚད་ཀྱང་འོས་འཚམ་ཆག་ཡོད་པ་རེད། 

       བརྡ་ཐོའི་ནང་། ཀྲུང་དབྱང་ནོར་སྲིད་ཀྱིས་མུ་མཐུད་གཏན་འབེབས་ལྟར་ས་གནས་ལ་རིམ་པ་དབྱེ་ནས་ཁ་གསབ་སྤྲད་རྒྱུ་དང་། ནུབ་རྒྱུད་དང་དབུས་རྒྱུད་ས་ཁུལ་ལ་མི་རེའི་ཆ་སྙོམས་ནོར་སྲིད་ཁ་གསབ་ཚད་གཞིའི་༨༠%དང་༦༠%ཡི་བསྡུར་ཚད་ལྟར་ཁ་གསབ་སྤྲད་རྒྱུ་དང་། ཤར་རྒྱུད་ས་ཁུལ་གྱི་ཞིང་ཆེན་ཁག་ལ་བསྡུར་ཚད་ངེས་ཅན་ལྟར་ཁ་གསབ་སྤྲད་རྒྱུ་ཡིན་ཞེས་དང་། བརྡ་ཐོའི་ནང་གནས་སྡོད་ལག་ཁྱེར་ཁྱེར་ནས་ས་གནས་དེ་གའི་གྲོང་མིའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ལ་རིམ་ཁག་ནོར་སྲིད་ཀྱིས་ས་གནས་དེ་གའི་གྲོང་མིའི་ཚད་གཞི་གཅིག་མཚུངས་ལྟར་ཁ་གསབ་སྤྲད་དགོས་ཞེས་ཁ་གསལ་བཏོན་ཡོད་པ་རེད། 

       བརྡ་ཐོའི་ནང་། ནད་གཞི་ཚབས་ཆེན་འགན་བཅོལ་གྱི་གནད་ལ་འཕིགས་པའི་འགན་ལེན་ནུས་པ་ཆེ་རུ་གཏོང་བ་དང་། ནད་གཞི་ཚབས་ཆེན་འགན་བཅོལ་གྱི་འགོ་འཛུགས་ཚད་གཞི་དེ། རྩ་དོན་ཐོག་ས་གནས་དེ་གའི་ལོ་གོང་མའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལས་མཐོ་བ་མེད་པ་དང་། གྲོང་མིའི་སྨན་བཅོས་འགན་བཅོལ་དང་ནད་གཞི་ཚབས་ཆེན་འགན་བཅོལ་གྱི་གཏོང་སྤྲོད་བཅད་གྲངས་མཐོ་ཤོས་དེ། རྩ་དོན་ཐོག་ས་གནས་དེ་གའི་ལོ་གོང་མའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་ལྡབ་༦ཡས་མས་ཟིན་པ། འགྲོ་སོང་རྩིས་ཞུའི་བསྡུར་ཚད་དེ་སྨན་བཅོས་འགྲོ་གྲོན་མཐོ་སར་ཕྱོགས་རྒྱུ་བཅས་བྱ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

     བརྡ་ཐོའི་ནང་། འགན་བཅོལ་ནང་ཞུགས་མཁན་གྲོང་མིས་སྒོ་བསྟེན་སྨན་ཁང་དུ་ཐོན་པའི་གཏན་འབེབས་དང་མཐུན་པའི་ཕྲུ་གུ་མ་སྐྱེས་གོང་གི་བརྟག་དཔྱད་ཀྱི་འབྲེལ་ཡོད་སྨན་བཅོས་འགྲོ་གྲོན་སྒོ་བསྟེན་འགན་ལེན་ནང་བཅུག་ནས་སྤྱིར་བཏང་སྒོ་བསྟེན་གྱི་སྤྱི་འདོམས་ཐོབ་ཐང་ལོངས་སུ་སྤྱད་རྒྱུ་དང་། སྨན་ཁང་དུ་བསྡད་ནས་ཕྲུ་གུ་བཙའ་བའི་སྨན་བཅོས་འགྲོ་གྲོན་འགན་སྲུང་ཆུ་ཚད་ལུགས་མཐུན་ངང་མཐོ་རུ་བཏང་སྟེ། འགན་བཅོལ་ནང་ཞུགས་པའི་གྲོང་མིའི་ཕྲུ་གུ་བཙའ་བའི་སྨན་བཅོས་འགྲོ་གྲོན་གྱི་ཁུར་པོ་ཇེ་ཡང་དུ་གཏང་དགོས་ཞེས་བཏོན་ཡོད་པ་རེད།

      རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུད་ཀྱི་འབྲེལ་ཡོད་འགན་འཁུར་བས། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་རྒྱུན་ཆད་མེད་པར་འཕར་བ་དང་། སྨན་བཅོས་འཛད་སྤྱོད་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བའི་གནས་ཚུལ་འོག  མི་སྒེར་གྱི་གྲོན་དངུལ་དང་ནོར་སྲིད་ཁ་གསབ་ཚད་གཞི་ལུགས་མཐུན་ངང་མཐོ་རུ་གཏོང་བ་ནི་ཐོབ་ཐང་ཆུ་ཚད་སྲ་བརྟན་དང་མཐོ་རུ་གཏོང་བ་དང་། ལམ་ལུགས་བརྟན་པོའི་ངང་འཁོར་སྐྱོད་འགན་ལེན་བྱེད་པའི་དགོས་མཁོ་ཞིག་རེད། 

      དེའི་གོང་། རྒྱལ་ཁབ་ཀྱིས་ཡིག་ཆ་བཏོན་ནས་གྲོང་མིར་བསྟུད་མར་འགན་བཅོལ་ནང་ཞུགས་རྒྱུའི་ལྕག་སྐུལ་བྱས་ཡོད་པ་དང་། ད་རེས་ཀྱི་བརྡ་ཐོའི་ནང་ཞིང་ཆེན་ཁག་གིས་བསྟུད་མར་འགན་བཅོལ་ནང་ཞུགས་མཁན་དང་། གྲོན་དངུལ་འཇལ་མཚམས་བཞག་པའི་མི་སྣར་དེ་མཚུངས་ཀྱི་ལྕག་སྐུལ་དང་། ཚོད་འཛིན་བྱ་ཐབས་བཀོད་སྒྲིག་བྱེད་པ་དང་འབྲེལ་ལག་བསྟར་ནན་པོ་བྱ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།




来源:新华社、阳光西藏

编辑:次仁旺拉

城关健康人生
我们是西藏拉萨市城关区疾病预防控制中心,我们的平台通过藏汉两种文字、语言和文图等形式传播高原常见疾病防治知识,传播高原保健养生知识,传播国内外、西藏地区最新卫生健康动态,介绍拉萨市城关区医疗卫生服务机构等!
 最新文章