尊敬的各位家长:
在2024年贡布新年来临之际,为了让学生能度过一个文明健康,安宁祥和的假期,学校希望全体家长能密切配合,担负起假期学生的安全教育管理工作,并督促子女做到以下几点:1.遵纪守法,讲文明,提倡文明卫生习惯;并且要加强各类传染病的防控工作。2.外出活动须经家长允许,家长要知道子女每天的去向,特别要注意洪水、山体滑坡、泥石流、堰塞湖等自然灾害。3.自觉遵守交通安全法律、法规,不横穿马路,不骑摩托车,骑自行车不允许飞车和骑车带人,不乘坐一切违章违规的车辆,避免交通事故发生。4.加强食品卫生安全教育,在假期期间不暴饮暴食,防止食物中毒事件的发生。5.加强家庭用火、用电、防盗、防雷电天气等安全教育,严禁带火种上山游玩,严禁燃放烟花、爆竹等。6.教育学生严禁到江河水库游玩,不要靠近危险水域,严防溺水事故发生,严格要求孩子做到“防溺水六不准”:不准独自下水游泳;不准擅自与他人一起游泳;不准在无家长带队的情况下游泳;不准到不熟悉的地方游泳;不准到无安全设施、无救护人员的水域游泳;不准擅自下水施救,汛期不到江河湖泊等地逗留,特别是强降雨后要提高防汛减灾意识。7.禁止学生进入营业性舞厅、酒吧、电子游戏室及网吧等娱乐场所,远离毒品,远离社会人员,禁止学生参与赌博及封建迷信活动,禁止饮酒,提倡参加文明健康的活动。9.请家长们熟知《未成年人保护法》等法律法规,充分认识家庭保护的责任,在抚教育孩子的实践中依法行事。10.在家请孩子们做力所能及的家务劳动,家长需督促子女做好假期各科作业,并做好假期复习工作,报到时各科老师将进行作业检查,老师会把作业情况会反馈给家长。12.学生到家后,立刻向班主任汇报学生到家情况,如在规定时间内学生未报平安,应及时跟班主任联系,确定学生去向,确保学生能安全到家。13.学生在家期间的一切安全由家长及监护人全权负责。温馨提示:公安:110 消防:119 急救:120 交通:122最后祝各位家长及孩子们身体健康、家庭幸福、扎西德勒。米林市中学学生发展中心
联系电话:18143853336(德育校长)
2024年11月28日
སྨན་གླིང་གྲོང་ཁྱེར་སློབ་འབྲིང་༢༠༢༤ནས་༢༠༢༥ལོའི་ཀོང་པོའི་ལོ་གསར་གྱི་ངལ་གསོའི་རིང་སློབ་མའི་བདེ་འཇགས་སྐོར་
གྱི་ཁྱིམ་བདག་ལ་འབུལ་བའི་འཕྲིན་ཡིག
གུས་ཤིང་བརྩེ་བའི་ཁྱིམ་བདག་མཆོག
༢༠༢༤ལོའི་ཀོང་པོའི་ལོ་གསར་གཏོང་ལ་ཉེ་བས་སློབ་མའི་གཟུགས་གཞི་བདེ་ཐང་དང་ལོ་གསར་སྤྲོ་པོ་ཡོང་ཆེད་དུ། ཁྱིམ་བདག་མཆོག་ནས་རང་རེའི་སློབ་གྲྭ་དང་འབྲེལ་བ་དམ་གཟབ་བྱ་དགོས་པ་མ་ཟད། ཀོང་པོའི་ལོ་གསར་རིང་ལ་ཕྲུ་གུའི་བདེ་འཇགས་དང་སློབ་གསོའི་དོ་དམ་ལས་ཀར་འགན་འཁྲི་ལེགས་པོ་ཞིག་འཁྱེར་དགོས། ལྷག་དོན་དུ་སྐུ་ཉིད་ཀྱིས་རང་གི་བུ་ཕྲུག་ལ་ལྟ་སྐུལ་བྱ་དགོས་པའི་གནད་དོན་འགའ་ཡོད་པ་ནི་གཤམ་གསལ་ལྟར༡. སྒྲིག་ཁྲིམས་ལ་སྲུང་བརྩི་དང་། ཤེས་དཔལ་ལ་སྣང་ཆེན། འཕྲོད་བསྟེན་ལ་དགའ་བའི་གོམས་གཤིས་ཡག་པོ་ཞིག་འཇགས་པར་བྱ་རྒྱུ་མ་ཟད། འགོས་ནད་རིགས་ལ་འགོག་བཅོས་བྱ་རྒྱུར་ཤུགས་བསྣོན་རྒྱག་དགོས།༢. ཕྲུ་གུར་རང་ཁྱིམ་དུ་ནང་ལས་ཙག་ཙིག་བྱེད་དུ་འཇུག་དགོས་པ་དང་། ཕྱི་རོལ་བྱེད་སྒོར་བཞུགས་པ་སོགས་ལ་ངེས་པར་དུ་ཁྱིམ་བདག་གིས་མོས་མཐུན་ཡོད་པ་བྱ་དགོས་ལ། ཁྱིམ་བདག་ནས་རང་གི་བུ་ཕྲུག་གར་སོང་གནས་ཚུལ་ལ་རྒྱུས་མངའ་ཡོད་པ་བྱ་དགོས། ༣. རང་འགུལ་ངང་འགྲིམ་འགྲུལ་བདེ་འཇགས་ཐད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་དགོས་ལ། རྒྱ་ལམ་འཕྲེད་བཅད་མི་བྱེད་པ། སྦག་སྦག་ལ་མི་བཞོན་པ། ལག་ཁྱེར་མེད་པའི་རླངས་འཁོར་ནང་མི་བསྡོད་པ་སོགས། འགྲིམ་འགྲུལ་ལས་འཛོལ་མི་ཐོན་པ་བྱ་དགོས།༤. བཟའ་བཅའ་འཕྲོད་བསྟེན་བདེ་འཇགས་སློབ་གསོར་ཤུགས་བསྣོན་རྒྱབ་ནས་ཟས་དུག་མི་འཕོག་པའི་གནས་ཚུལ་སྔོན་འགོག་བྱ་དགོས།༥. ཕྲུ་གུར་བདེ་འཇགས་སློབ་གསོ་སྐྱོན་གནང་ནས། གློག་དང་མེ་སོགས་གང་བྱུང་དུ་བེད་སྤྱོད་བྱ་མི་རུང་བའི་དྲན་སྐུལ་གཏོང་དགོས།༦. ཕྲུ་གུར་གཙང་འགྲམ་དང་ཆུ་མཛོད་སོགས་ཀྱི་ནང་དུ་ཆུ་རྐྱལ་རྒྱག་མི་རུང་བར་གཏན་འགོག་བྱས་ནས། ཆུ་ཉེན་གྱི་ལས་འཛོལ་མི་ལྷག་པ་བྱ་དགོས།༧. དུས་རྒྱུན་དུ་ཕྲུ་གུར་ཞབས་བྲོ་ཁང་དང་ཆང་ཁང་། གློག་རྡུལ་རོལ་རྩེད་ཁང་། དེ་བཞིན་གྱི་དྲ་ཁང་སོགས་ཀྱི་ནང་འཛུལ་དུ་མི་འཇུག་པ་དང་། རང་ཉིད་ཀྱི་ཕྲུ་གུ་དུག་རྫས་དང་རྒྱན་འཇོག་ཤོ་སྦག་སོགས་ཀྱི་ནང་དབྱིངས་སུ་མི་ཚུད་པར་བྱས་ནས། ཀུན་སྤྱོད་ལྡན་པའི་སློབ་འབྲིང་སློབ་མ་ཞིག་གམ་མི་གཤིས་གཙང་བའི་ཤེས་ཡོན་པ་ཞིག་ཡོང་བར་བརྩོན་ལེན་བྱ་དགོས།༨.སློབ་མའི་དྲ་རྒྱའི་ཡ་རབས་སློབ་གསོ་ལ་ཤུགས་སྣོན་བརྒྱབ་ནས་ཀུན་སྤྱོད་ལྡན་པའི་སློབ་འབྲིང་སློབ་མ་ཞིག་བྱེད་དགོས།༩. ཁྱིམ་བདག་རྣམས་ཀྱིས་《སྐྱེ་བོ་ནར་མ་སོན་པ་སྲུང་སྐྱོང་སྐོར་གྱི་བཅའ་ཁྲིམས་》སོགས་ཀྱི་ཁྲིམས་སྲོལ་ལ་རྒྱུས་མངའ་ཡོད་པ་དང་།ཁྱིམ་ཚང་སྲུང་སྐྱོང་བྱེད་འགན་ངོས་འཛིན་གང་ལེགས་བྱས་ཏེ་ཕྲུ་གུར་སློབ་གསོ་རྒྱག་པའི་ལག་ལེན་ཁྲོད་ཁྲིམས་ལྟར་ལས་དོན་བསྒྲུབ་ཏུ་འཇུག་དགོས།༡༠.ངལ་གསོའི་རིང་ཕྲུ་གུར་རིག་ཚན་ཁག་གི་སྦྱང་གཞི་དག་དུས་ཐོག་ཏུ་ལེགས་སྒྲུབ་བྱ་དགོས་པའི་དྲན་སྐུལ་དང་ལྟ་ཞིབ་བྱ་དགོས་ལ། སྦྱངས་ཟིན་པའི་ཤེས་བྱ་ལ་བསྐྱར་སྦྱོང་བྱ་རུ་འཇུག་དགོས། ༡༡.ཁྱིམ་བདག་ནས་ངལ་གསོའི་རིང་རང་གི་ཕྲུ་གུ་ཁྲིད་ནས་ཆོས་ལུགས་ཀྱི་བྱེད་སྒོའི་རིགས་ལ་བཞུགས་མི་ཆོག༡༢. ཕྲུ་གུ་རང་ཁྱིམ་དུ་འབྱོར་མ་ཐག་ཏུ་འཛིན་གྲྭའི་ཀྲུའུ་རེན་ལ་ཕྲུ་གུ་རང་ཁྱིམ་དུ་བདེ་བླག་ངང་འབྱོར་བའི་སྙན་གསེང་ཞུ་དགོས། གལ་སྲིད་གཏན་འཁེལ་བྱས་པའི་དུས་ཚོད་ནང་། ཕྲུ་གུ་རང་ཁྱིམ་དུ་མི་འབྱོར་པ་སོགས་ཀྱི་གནས་ཚུལ་ཡོད་ཚེ། འཛིན་གྲྭའི་ཀྲུའུ་རེན་ལ་འབྲེལ་བ་བྱས་ནས། གནས་ཚུལ་གསལ་བཤད་བྱ་དགོས། མདོར་ན། ཕྲུ་གུ་བདེ་འཇགས་ངང་རང་ཁྱིམ་དུ་ལོག་པར་འགན་སྲུང་བྱ་རྒྱུ་ནི། གཙོ་བོའི་ནང་གི་གཙོ་བོ་ཡིན།༡༣.སློབ་མའི་ཁྱིམ་དུ་སྡོད་རིང་གི་བདེ་འཇགས་ཚང་མ་ཁྱིམ་བདག་དང་ལྟ་སྐྱོང་པས་འགན་འཁུར་དགོས།མཛའ་བརྩེའི་དྲན་སྐུལ།
སྤྱི་བདེ་ཅུས། 110 མེ་སྐྱོན། 119 མྱུར་སྐྱོབ། 120 འགྲིམ་འགྲུལ། 122
མཇུག་ཏུ། ཁྱིམ་བདག་མཆོག་དང་སློམ་མ་ཡོངས། སྐུ་གཟུགས་བདེ་ཐང་དང་ཁྱིམ་ཚང་བདེ་སྐྱིད་ཡོང་བའི་བཀྲིས་སྨོན་འདུན་ཞུའོ། །
སྨན་གླིང་གྲོང་ཁྱེར་སློབ་འབྲིང་གི་སློབ་མའི་འཕེལ་རྒྱས་ལྟེ་གནས།
འབྲེལ་གཏུག་བྱ་ཡུལ། ཀུན་སྤྱོད་སློབ་གསོའི་སློབ་སྤྱི། 18143853336
༢༠༢༤ལོའི་༡༡ཚེས་༡༨ཉིན།