༄༅། །ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་རྟོགས་པ་བརྗོད་པ་དྲི་ཟའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ། ། མཛད་པ་པོ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན།
ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ།
རབ་མཛེས་ལི་ཁྲིའི་རྡུལ་མང་མཐོར་བརྩེགས་ཨིནྡྲ་ནཱི་ལའི་ཅོད་པན་ཅན། །
དམར་ལྗང་མགྱོགས་འགྲོའི་བདག་པོ་བྱེ་བའི་འོད་ཀྱིས་ལང་ཚོ་རྒྱས་བྱས་ཤིང་། །
སྤེལ་ལེགས་རྒྱུ་སྐར་དོ་ཤལ་རྣམ་བཀྲ་འདྲེན་བྱེད་རབ་དགའ་སྤུངས་འདྲ་བའི། །
འཇམ་པའི་དབྱངས་ཞེས་སྙན་པའི་གྲགས་པ་སྲིད་ན་གསོལ་བ་དེ་ལ་འདུད། །
འཇམ་དབྱངས་གཞོན་ནུ་མཐོན་མཐིང་གི །
རལ་ཁུར་རིན་ཆེན་རྒྱན་སྤངས་ཏེ། །
ངུར་སྨིག་གར་གྱིས་རྣམ་རོལ་པ། །
པཎ་ཆེན་ཆོས་རྗེའི་རྟོགས་བརྗོད་འབྲི། །
སྐལ་བཟང་ཐུབ་པའི་ཉི་མ་རྣམས། །
བདུད་རྩིས་མགྲོན་དུ་གཉེར་བའི་གནས། །
ཤྲཱི་ཛམྦུ་དཱི་བའི་སྙིང་། །
བོ་དྷ་བྲྀ་ཀྵའི་མཱུ་ལ་ནས། །
གསང་འཛིན་གཞལ་ཡས་ཁང་གི་ངོས། །
དཔག་ཚད་བརྒྱ་ནི་འདས་པའི་ས། །
དགེ་མཚན་སྐྱ་བོའི་འོད་ཟེར་གྱི། །
རི་མོ་རྣམ་པར་བཀྲ་བའི་ཀློང་། །
གདེངས་ཅན་དབང་པོས་བསྲུང་བ་ཡི། །
རིགས་ཀྱི་པད་ཚལ་བཞད་པའི་དབུས། །
དཔལ་ཆེན་འོད་ལྡན་ནམ་མཁའི་ནོར། །
ཉི་ཁྲི་ལྕམ་ཞེས་ཤར་ཕྱོགས་ཀྱི། །
ས་འཛིན་བརྒྱན་པའི་འཇོ་སྒེག་ལས། །
ཆུ་སྟག་དཔའ་བོ་དཔྱིད་དུས་ཀྱི། །
གྲ་འཛུམ་རྒྱས་པའི་ཉེར་དྲུག་ལ། །
ཡོན་ཏན་འདབ་མ་སྟོང་ལྡན་པའི། །
རྒྱལ་སྲས་པདྨ་དཀར་པོ་འཁྲུངས། །
དེའི་ཚེ་བྱིས་པ་ཐ་མལ་པའི། །
སྤྱོད་ཚུལ་མངལ་གྱི་འདབ་མ་ཡི། །
འཆིང་བའི་རྒྱ་དང་ལྷན་ཅིག་གྲོལ། །
མཚན་དཔེ་བཀྲ་བའི་གཟི་བྱིན་དང་། །
ལྟས་བཟང་འཇའ་ཚོན་དྲ་བས་ཁེབས། །
བལྟམས་མ་ཐག་ཏུ་སཾ་སྐྲྀ་ཏའི། །
མགྲིན་པའི་སིལ་སྙན་འཁྲོལ་བ་ནི། །
སྒྱུ་འཕྲུལ་ཆེན་པོའི་རྩིབ་ལོགས་ཀྱི། །
ཆུ་འཛིན་གོ་དབར་ལས་ཐོན་པའི། །
རྒྱལ་སྲས་ཉིན་བྱེད་གཞོན་ནུ་བཞིན། །
ཀུན་གཟིགས་ཞིང་གི་འདྲེན་པ་ཡི། །
བསོད་ནམས་ཡེ་ཤེས་དཔལ་ལྡན་ཞིང་། །
དོན་ཀུན་གྲུབ་ཕྱིར་དོན་མཐུན་པའི། །
མཚན་གྱི་ཨུཏྤལ་གེ་སར་རྒོད། །
སྐྱེ་བ་དུ་མར་རྣམ་དཔྱོད་ཀྱི། །
གྲུ་རྫིངས་བརྩོན་པའི་རླུང་གི་དར། །
ཕྱར་བས་ཤེས་བྱའི་ས་མུ་དྲ། །
རྣམ་མང་ཡང་ཡང་བརྒལ་བའི་མཐུས། །
དེང་འདིར་ལན་རེ་ཟུང་རེས་ཀྱང་། །
གནས་ལྔ་ལ་སོགས་ཐུན་མོང་དང་། །
ཐུན་མོང་མིན་པའི་རིག་གནས་ཀུན། །
མཁྱེན་པའི་འདྲེན་བྱེད་སྟོང་རྒྱས་པས། །
ཀུན་མཁྱེན་ལྷ་ཡི་དབང་པོར་འགྲན། །
ལོ་ནི་གཅིག་དམན་བཅུ་ཕྲག་གི །
ལང་ཚོ་ལྡན་པའི་ཐུགས་ཀྱི་མཚོ། །
ཀྱེ་རྡོར་ལ་སོགས་གསང་སྔགས་ཀྱི། །
སྒྲུབ་ཐབས་མང་པོའི་ནོར་ལྡན་ཅིང་། །
གཞན་ལ་འདོམས་པའི་སློབ་དཔོན་གྱུར། །
དེ་ནས་ཟླ་དང་བཅས་པའི་ལོར། །
བརྟག་གཉིས་སངས་རྒྱས་མཉམ་པར་སྦྱོར། །
བསམ་འཕེལ་ཡིད་བཞིན་དབང་གི་རྒྱལ། །
ལེགས་བཤད་སྲད་བུ་ལ་བརྒྱུས་ཏེ། །
སྐལ་བཟང་མགུལ་བའི་རྒྱན་དག་ཏུ། །
རིན་ཆེན་དོ་ཤལ་གཞན་བཞིན་བཀོད། །
བཅུ་བཞིའི་དུས་སུ་གུར་སཾ་གྱི། །
ལེགས་བཤད་གསར་པའི་མེ་ཏོག་གིས། །
ཐུབ་བསྟན་དགའ་ཚལ་མཛེས་བྱས་པའི། །
མཆིལ་པ་རྣོན་པོས་མཁས་རྣམས་ཀྱི། །
ཡིད་ནི་ཞགས་པ་མེད་པར་བཟུང་། །
ཕྱི་ལོ་དཔལ་ཆེན་འོད་བཟང་པོ། །
འཕྲོ་དང་བསོད་ནམས་པིར་རྩེ་མོས། །
བྲིས་པ་གྲགས་པའི་རྒྱལ་མཚན་ནི། །
གཡོ་བ་རང་རིགས་དམ་པ་ཡི། །
ཞལ་སྐྱིན་ཆུ་སྐྱེས་གསར་པ་ལ། །
རབ་ཆགས་མདོ་རྒྱུད་མན་ངག་གི །
ལུང་བཤད་དབང་དང་རྗེས་གནང་སོགས། །
འཕགས་ཡུལ་མ་དྲོས་མཚོ་ཆེན་ལས། །
ཆད་མེད་ཛ་ཧུའི་བུ་མོའི་རྒྱུན། །
མ་ལུས་བདག་ཉིད་ཆེན་པོ་དེའི། །
ཟབ་ཡངས་ཐུགས་ཀྱི་རྒྱ་མཚོར་འཁྱིལ། །
དེ་ནས་ལོ་གསུམ་འདས་པའི་དུས། །
མནལ་ལམ་ཨ་ཕྱིའི་མཆོད་རྟེན་དྲུང་། །
འཛམ་གླིང་མཁས་པའི་གཙུག་གི་རྒྱན། །
ངུར་སྨྲིག་གིས་ཀླུབས་དབྱིག་གི་གཉེན། །
ཆོས་ཀྱི་མ་མོ་མངོན་པའི་མཛོད། །
ཕྱེ་ནས་ལེགས་བཤད་ནོར་བུ་འགྱེད། །
དེར་ནི་སྒོ་གསུམ་གུས་པ་ཡིས། །
འདོད་དགུའི་རིན་ཆེན་ཅི་ཡང་བླངས། །
སད་ཚེ་ཚིག་དོན་མ་ལུས་པ། །
མ་འདྲེས་འཇའ་ཚོན་བཀྲ་བ་ཡི། །
རི་མོ་མཛེས་པས་མགོན་པོ་དེའི། །
ཡིད་ཀྱི་གཞལ་མེད་ཁང་ཆེན་བརྒྱན། །
དེ་བཞིན་རྒྱ་གར་དབང་པོའི་ཕྱོགས། །
རྣམ་པར་རྒྱལ་བའི་ཞིང་དག་གི །
འཁོར་ལོ་ཅན་ཞེས་བྱ་བའི་ཡུལ། །
སློབ་དཔོན་ཕྱོགས་གྱི་གླང་པོ་ཡི། །
བྲག་ཕུག་ཡིན་ཞེས་ཉམས་དགའ་བར། །
སྡེ་བདུན་མདོ་དང་བཅས་པ་ཡི། །
གླེགས་བམ་ལྡེའུ་མིག་ལྡན་པ་གཏད། །
སད་ཚེ་རྒྱལ་སྲས་གཞོན་ནུ་དེའི། །
ཡིད་ཀྱི་ལྷ་ལམ་རབ་དགའ་ཡི། །
མཚམས་སྤྲིན་ལི་ཁྲིའི་མདངས་འདྲས་མཛེས། །
དེ་ནས་འཕྲང་བུ་དགེ་བའི་བཤེས། །
ཞུ་སྟོན་རིན་ཆེན་བཻ་ཌཱུརྱའི། །
རྒྱུད་མང་བསྐུལ་བའི་སྒྲ་དབྱངས་ལས། །
དྲངས་པའི་མ་ཕམ་ཆོས་ལྔ་དང་། །
ཆོས་མངོན་ཀུན་བཏུས་གླུ་དབྱངས་ཀྱིས། །
རྣམ་དཔྱོད་སྒྲ་འཛིན་དབང་པོར་བཅས། །
བདུད་རྩིས་བྲན་ཅིང་ཚིམ་པ་ཐོབ། །
གང་ཚེ་བཅུ་ཟུང་ལང་ཚོ་ཡི། །
ཐིག་ལེ་གསལ་བར་ཤར་བའི་ཚེ། །
མཚུར་སྟོན་གཞོན་སེང་ཞེས་བྱ་བའི། །
ལེགས་བཤད་འོད་རྣོའི་ཐུར་མ་ཡིས། །
སེམས་དཔའ་མཆོག་དེའི་བློ་གྲོས་ཀྱི། །
འདབ་བརྒྱ་ཕྱེ་ནས་རྣམ་ངེས་པའི། །
སྦྲང་རྩིའི་ཟིལ་དངར་བཅུད་ཆགས་པས། །
རྐྱང་ཐུར་ཆོས་ཀྱི་སྐྱེད་ཚལ་དུ། །
བློ་གསལ་བུང་བའི་ཚོགས་བསྡུས་ཏེ། །
བྱ་རྒོད་ཕུང་པོའི་རི་བོ་བཞིན། །
འཆད་རྩོད་རྩོམ་པའི་འཕུར་ལྡིང་གིས། །
རྣམ་རོལ་ཆོས་ཀྱི་འཁོར་ལོ་བསྐོར། །
ཕྱིར་ཡང་ཆུ་ལྷའི་ནོར་འཛིན་ངོས། །
ཞབས་སྐྱེས་འཁོར་ལོས་མཚན་པ་ཡི། །
ཕུན་ཚོགས་རི་མོ་འབྲི་བའི་བར། །
ཆུ་མིག་ཅེས་བྱའི་ཆོས་ཀྱི་གྲྭར། །
བསྐལ་བཟང་འགྲོ་བའི་རྨོངས་མུན་ཚོགས། །
སེལ་བྱེད་སྒྲོན་མེ་བདུན་པ་ཞེས། །
སྒྲ་བརྒྱ་དལ་གྱིས་རྒོད་པ་ཡི། །
ཞབས་སེན་རལ་པའི་རྒྱན་དུ་བཀོད། །
དེ་ལས་བྱུང་བའི་ཆོས་མཆོག་སོགས། །
བཀའ་དྲིན་གསེར་གྱི་རྡོ་རྗེ་ནི། །
ལྕི་བས་ནོན་ཀྱང་ངལ་བ་སྤངས། །
གཞན་ཡང་མ་ཧཱ་པཎྜི་ཏའི། །
ཕྱག་བརྙན་ད་ན་ཤཱི་ལ་དང་། །
སངྒྷ་ཤཱི་ལ་སོགས་ལས་ཀྱང་། །
ལེགས་བཤད་འོ་མའི་རྒྱུན་བབས་པ། །
མགོན་འདིའི་ཐུགས་ཀྱི་རྫིང་ཡངས་པོར། །
ཟླ་ཤེལ་ཞུན་མ་བཞིན་དུ་འཁྱིལ། །
དེ་ནས་བདག་ཉིད་བསྟི་བའི་གནས། །
དམ་པར་མཁས་པ་སུ་ག་ཏ། །
ཤྲཱི་སྤྱན་དྲངས་ཐུན་མོང་དང་། །
ཐུན་མོང་མིན་པ་མདོ་རྒྱུད་ཀྱི། །
ལེགས་བཤད་མུ་ཏིག་ཆར་ཕབ་པས། །
མགོན་འདིའི་མང་ཐོས་གསན་པ་ཡི། །
ཡངས་པའི་སྙིམ་པ་ཡོངས་སུ་གང་། །
ནམ་ཞིག་ལང་ཚོ་མརྒ་ཏའི། །
ཕྲེང་བ་ཉེར་བདུན་ལྡན་པའི་ཚེ། །
ཤཱཀྱ་སེང་གེའི་ཚོགས་གཉིས་ཀྱི། །
དཔལ་ལ་འགྲན་ངེས་མཁན་པོ་དང་། །
བྱང་སེམས་ཀུན་གྱི་སྤྱི་བོར་ནི། །
ཡོན་ཏན་ནོར་བུའི་ལྷས་མ་ཡིས། །
མཛེས་པས་ལས་མཛད་དོན་མོ་རིས། །
གསང་སྟོན་ཚོགས་མཆོག་འདུས་པའི་དབུས། །
རྫོགས་པར་བསྙེན་ཏེ་གངས་ཁྲོད་ཀྱི། །
ཟས་གཙང་སྲས་པོ་ལྟ་བུར་གྱུར། །
མཁན་སློབ་དབང་ཕྱུག་སེང་གེ་སོགས། །
ཕུན་ཚོགས་གཡས་སུ་འཁྱིལ་བ་ཡི། །
མགྲིན་པའི་སྦུབས་ལས་འཁྲུངས་གྱུར་པའི། །
རིགས་གཞུང་འདུལ་མངོན་ཕ་རོལ་ཕྱིན། །
རིགས་ཚོགས་དུས་གསང་བདེ་དགྱེས་དང་། །
ལམ་འབྲས་ཆོས་དྲུག་བཀའ་གདམས་སྐོར། །
ཕྱག་རྫོགས་ཞི་སོགས་རྒྱ་བོད་ཀྱི། །
མདོ་རྒྱུད་མན་ངག་སྙན་བརྒྱུད་ཚོགས། །
ཡང་དག་ཡང་དག་ལྟར་སྣང་སོགས། །
སྒྲ་དབྱངས་དབྱར་སྐྱེས་རྔ་གསང་ལྟར། །
སྒྲོག་པ་མང་ཐོས་མཐར་སོན་ཅིང་། །
ཚིག་དོན་ཇི་བཞིན་ཐུགས་སུ་ཆུད། །
ལེགས་བཤད་རིན་ཆེན་མ་ལུས་པས། །
བདག་ཉིད་གཅིག་པུ་རྒྱན་འདོད་པའི། །
ཨིནྡྲ་ནཱི་ལའི་ལྷུང་བཟེད་ནི། །
འབྲས་བུ་བཟང་པོའི་སྙེ་མས་གང་། །
ཟབ་རྒྱས་ཆོས་ཀྱི་བང་མཛོད་དེ། །
འཆད་པའི་རིན་ཆེན་ཁྲིར་བཞུགས་ནས། །
ལེགས་བཤད་འོད་དཀར་འབུམ་སྤྲོས་ཏེ། །
མཁས་མང་ཀུན་དའི་ཚལ་རབ་སྤེལ། །
མདོ་རྒྱུད་ལུས་སྟོབས་རབ་རྒྱས་ཤིང་། །
རིགས་པའི་མཆེ་སྡེར་མི་བཟད་པས། །
རྒོལ་ངན་གླང་ཆེན་མ་ལུས་པའི། །
སྤོབས་པའི་མྱོས་བུམ་ཅིག་ཅར་དྲལ། །
རྣམ་དཔྱོད་ལག་པའི་སོར་མོ་ཡིས། །
མཐོ་རིས་བྱང་གྲོལ་ལམ་མཚོན་པའི། །
རྣམ་མང་ལེགས་བཤད་ཕྲེང་སྤེལ་ཏེ། །
བློ་གསལ་མགུལ་པའི་རྒྱན་དུ་སྩལ། །
ཆོས་དབྱིངས་ལས་འོངས་སྒྱུ་མ་ཡི། །
སྲིན་བུ་ཁྲོས་པ་ལྟར་བརྫུ་བ། །
དམ་ཅན་སྲུང་མའི་ཚོགས་ཀྱིས་ཀྱང་། །
སྲོག་སྙིང་ཕུལ་ཞིང་བཀའ་བཞིན་བསྒྲུབས། །
དེ་ཕྱིར་སྙན་གྲགས་གསར་པ་ཡིས། །
བ་དན་སྲིད་གསུམ་ཁོངས་ལས་བརྒལ། །
ཁྱད་པར་འཕགས་པའི་ཡུལ་ཀུན་ཏུ། །
ཡོངས་རྫོགས་གནས་ལྔ་མཁྱེན་པ་ཡི། །
པཎ་ཆེན་ཆོས་རྗེ་རང་ཉིད་ཀྱིས། །
མཛད་པའི་བསྟན་བཅོས་མཆོད་བརྗོད་དུ། །
ཤེས་བྱ་ཀུན་ལ་བལྟ་བའི་སྤྱན་ཡངས་པ། །
འགྲོ་ཀུན་དགེ་ལེགས་བསྒྲུབ་པའི་ཐུགས་རྗེ་ཅན། །
བསམ་ཡས་འཕྲིན་ལས་མཛད་པའི་སྟོབས་མངའ་བ། །
འཇམ་མགོན་བླ་མའི་ཞབས་ལ་མགོས་ཕྱག་འཚལ། །
ཞེས་པའི་ཨུཏྤལ་གསར་པ་ཡིས། །
གཟུར་གནས་འབྱུང་བ་མཐའ་དག་གི །
རྣ་ལུང་མཛེས་པའི་རྒྱན་གྱུར་ཀྱང་། །
སྐྱོན་བྲལ་ལུགས་ལས་ཕྱིར་ཕྱོགས་པ། །
ཀུན་གྱི་སྙིང་གི་ཚེར་མར་གྱུར། །
དེ་ཚེ་ཚངས་དང་དབང་ཕྱུག་གི །
རྗེས་ཞུགས་རྟོག་གེའི་དུག་ཆུ་ཡིས། །
ཆེར་མྱོས་ང་རྒྱལ་རི་བོ་མཐོ། །
ཞེ་སྡང་དུས་མཐའི་མེ་འབར་ཞིང་། །
ཕྲག་དོག་རླུང་དམར་འཚུབས་པ་ཡི། །
འཕྲོག་བྱེད་དགའ་བོ་གཙོར་གྱུར་པའི། །
རལ་པ་འཆང་བ་དྲུག་ཕྲག་གཅིག །
རྩོད་པར་འདོད་པའི་བསམ་པ་ཡིས། །
བདག་ཉིད་ཆེན་པོའི་དྲུང་ལྷགས་ཏེ། །
དབང་ཕྱུག་ཚངས་པའི་ཡོན་ཏན་གྱི། །
མཆིང་བུའི་རིན་ཆེན་མང་བཀྲམ་ནས། །
རྩོད་པའི་གཡུལ་གྱི་སྦྱོར་བ་བཤམས། །
བཅུ་གསུམ་གདུགས་ལ་བསྟན་པ་དག །
དཔང་བཙུགས་བཅུ་གཉིས་ཉི་མའི་བར། །
ཆོས་ཀྱི་རྗེ་ཕམ་ཞབས་འབྲིང་པ། །
འོད་ཡུག་བཟང་རིང་ལ་སོགས་པའི། །
སྨྲ་བའི་སེང་གེ་དེ་དག་ཀྱང་། །
འཕྲོག་བྱེད་འབར་བའི་མེ་མཐོང་བས། །
སྐྲག་པའི་ཡིད་ཀྱིས་བྲོས་ཤིང་བྱེར། །
སེམས་དཔའ་མཆོག་དེས་བླ་མ་དང་། །
ལྷག་པའི་ལྷ་ལ་ཡིད་ཆེས་ཀྱི། །
གདུང་བས་རྩེ་གཅིག་གསོལ་བཏབ་པས། །
འཕྲིན་ལས་ལྷ་མོས་ལུང་བསྟན་ཅིང་། །
འཇམ་པའི་དབྱངས་ཀྱིས་གྲོགས་མཛད་པས། །
མཁྱེན་བརྩེའི་དབྱར་སྐྱེས་ཁང་བཟང་ལས། །
རིགས་ཚུལ་རྡོ་རྗེའི་མེ་ཆར་གྱིས། །
མུ་སྟེགས་བྲག་རི་རབ་མཐོ་བ། །
རྡུལ་ཕྲན་ལྟ་བུར་ཕྱེར་བརླག་སྟེ། །
བཅུ་གསུམ་ཉི་མར་རྒྱལ་རྔ་བརྡུངས། །
འཁོར་གྱི་རལ་པ་ཅན་དག་ཀྱང་། །
འཇིགས་པས་སྙིང་དང་ཚ་བའི་དབུགས། །
ལྷན་ཅིག་མགྲིན་པའི་གནས་སོང་སྟེ། །
འདར་འདར་འཁྱོར་བའི་འགྲོས་ཀྱིས་བྲོས། །
འཕྲོག་བྱེད་དགའ་བོས་འདི་སྐད་སྨྲས། །
ཁྱོད་མིན་ཁྱོད་ཀྱི་ཕྲག་པ་གཡས་པ་ན། །
དམར་སེར་རལ་གྲི་ཅན་དེ་ངས་མ་ཐུབ། །
དེ་སླད་ཁྱོད་རྒྱལ་ང་ནི་ཕམ་པར་གྱུར། །
དེ་སྐད་སྨྲས་ནས་ཆོས་རྗེའི་ཞབས་ལ་བཏུད། །
འོན་ཀྱང་རྟགས་མཚན་མ་སྤངས་པས། །
རིག་འཛིན་པདྨ་སཾ་བྷ་ཝའི། །
བཀའ་བཞིན་བརྟན་མ་བཅུ་གཉིས་ཀྱིས། །
དམ་ལས་འདའ་བ་མེད་པར་བྱས། །
དེ་ལྟར་འཆད་རྩོད་རྩོམ་པ་ཡི། །
ཡན་ལག་བཞི་པའི་དཔུང་ཚོགས་ཀྱིས། །
ཐུབ་བསྟན་ནོར་གྱི་བློ་གྲོས་མ། །
ཡངས་པའི་ཁྱོན་ལ་འདོད་དགུར་སྤྱོད། །
སྔོན་ཚེ་རྗེ་བཙུན་ཆེན་པོ་ཡིས། །
འབྱུང་བར་འགྱུར་བ་ནམ་ཞིག་ན། །
སྐད་དང་མི་རིགས་གཞན་གྱུར་པ། །
གནས་ཀྱིས་བསྐལ་པའི་རྒྱལ་ཁམས་ནས། །
ཞྭ་ཁྲ་མཆིལ་ལྷམ་ཕག་སྣ་འདྲའི། །
འདྲེན་བྱེད་མངོན་དུ་གྱུར་པ་ན། །
སོམ་ཉིའི་འཆིང་བ་ཁྲོལ་ལ་སོང་། །
བདེ་གཤེགས་བསྟན་པའི་སྒྲོན་མེར་འགྱུར། །
དེ་སྐད་ཇི་ལྟར་ལུང་བསྟན་བཞིན། །
འཛིན་མར་གནས་པ་གནམ་བསྐོས་ཀྱི། །
ལྟ་བྱེད་གསུམ་ལྡན་ལྷ་ཆེན་པོས། །
གནས་ལྔ་རིག་པའི་པཎྜི་ཏ། །
ཀུན་མཁྱེན་གཉིས་པའི་འོད་དཀར་ཅན། །
རལ་པའི་རྒྱན་དུ་འདོད་པའི་ཕྱིར། །
ཕོ་ཉ་དོར་རྟ་ལ་སོགས་པ། །
པཎ་ཆེན་ཆོས་རྗེའི་དྲུང་དུ་ལྷགས། །
རིགས་བདག་བཀའ་ཡི་གསེར་སྦྱངས་ཀྱི། །
སྲད་བུ་སྲ་བས་ཡིད་བཅིངས་ཤིང་། །
བསྟན་དང་འགྲོ་ལ་བརྩེ་བ་ཡིས། །
དགུང་ལོ་རེ་གསུམ་བཞེས་པའི་ཚེ། །
ཞབས་རྟེན་པདྨོ་བཀྲ་ཤིས་པའི། །
གུར་ཀུམ་དོག་པ་འགོད་བཞིན་དུ། །
རེ་ལྔ་རྫོགས་པར་ཉེ་བའི་ཚེ། །
སྤྲུལ་པ་སྡེ་ཡི་ལིང་ཆུ་རྩེ། །
རྒྱལ་པོའི་ཕོ་བྲང་ཆེན་པོར་ཕེབས། །
མེ་ལུག་ཟླ་བ་དང་པོ་ལ། །
འགྲོ་བའི་བླ་མ་ཆོས་རྗེ་དང་། །
གོ་དན་མི་ཡི་དབང་པོ་གཉིས། །
དགེ་ལེགས་གཟུགས་ཅན་བཞིན་གྱུར་པའི། །
ཞལ་བཟང་ལྷན་ཅིག་མངོན་གྱུར་པས། །
ལུགས་གཉིས་དགའ་སྟོན་དཔྱིད་ཀྱི་དཔལ། །
ལང་ཚོ་དར་བའི་མཛེས་སྡུག་རྒྱས། །
ཡུ་གུར་བནྡྷེ་གྲངས་མང་གིས། །
མཚམས་སྦྱར་རྒྱལ་པོའི་མཆོད་གནས་དང་། །
བླ་མ་རྣམས་ཀྱི་གཙུག་རྒྱན་དུ། །
པཎ་ཆེན་ཡིད་བཞིན་ནོར་བུ་བཀོད། །
ཡངས་པའི་ཧོར་གྱི་རྒྱལ་ཁམས་དེ། །
མདོ་རྒྱུད་སྐྱེད་ཚལ་ལས་འོངས་པའི། །
དབང་ལུང་གསར་པའི་མེ་ཏོག་ཚོགས། །
ཕང་ཕུང་ཆགས་པས་མཛེས་བྱས་ཏེ། །
འཕགས་ཡུལ་ཆོས་ཀྱི་དགའ་བའི་ཚལ། །
ཕམ་ཕྱིར་བྱེད་པོས་སྤྲུལ་པ་བཞིན། །
གང་ཚེ་བདུན་ཅུ་རྡོ་ཡི་སྣ་ཅན་ལོའི། །
ཐ་སྐར་ཟླ་བར་ཆོས་རྗེ་ཞིང་གཞན་དུ། །
ཕྱོགས་པའི་གདུང་བས་འདར་ཞིང་ནོར་འཛིན་གཡོས། །
སེམས་དཔའ་མཆོག་རྣམས་ཞི་བར་གཞོལ་བ་ན། །
འདི་ནི་ཆོས་ཉིད་ང་ཡང་དེ་མཚུངས་གསུངས། །
དེ་ནས་འབྱུང་བ་ཕན་ཚུན་འཁྲུགས་པ་ཡི། །
ཚེར་མས་རེག་ཚེ་ཀླུ་སྒྲུབ་ཞི་བ་ལྷ། །
བྱམས་མགོན་མཁྱེན་རབ་དབང་ཕྱུག་ཐུགས་རྗེའི་གཏེར། །
མི་གཡོ་རྒྱལ་ཡུམ་སྒྲོལ་མ་ལ་སོགས་པས། །
དབུགས་དབྱུང་ལུང་བསྟན་ཉེར་དགུའི་མཚན་ཕྱེད་དུས། །
བདེ་གཤེགས་སྒྲ་དབྱངས་མི་ཟད་པར་སྒྲོག་པའི། །
ཞལ་གཟིགས་རྒྱས་འབྲིང་བསྡུས་གསུམ་སྦས་དོན་ཞུས། །
ཐོ་རངས་སྤྱན་རས་གཟིགས་ཀྱིས་ཐུགས་བསྐྱེད་སྩལ། །
ཉི་ཤར་མཁྱེན་པའི་གཏེར་གྱིས་ཐེ་ཚོམ་བསལ། །
སྨིན་དྲུག་ཟླ་བའི་ཚེས་དྲུག་བཅུད་ལྡན་གྱི། །
མཆོད་པའི་སྤྲིན་འཁྲིགས་བཅུ་གསུམ་གཟིམས་ཁང་གི །
ཕྱི་རོལ་བསྟན་པའི་བདག་པོས་བདེན་པ་བཞིའི། །
འཁོར་ལོ་བསྐོར་ལ་མཆོད་དང་བདེན་ཚིག་བསྒྲུབས། །
ཕྱི་ཉིན་བདེ་མཆོག་དགྱེས་རྡོར་གྱི། །
ཞལ་གཟིགས་རིག་འཛིན་སྡོམ་པ་ཞུས། །
བཅོ་ལྔའི་ཟླ་ཤར་འཇའ་ཚོན་དབུས། །
རྒྱལ་ཡུམ་རྗེ་བཙུན་སྒྲོལ་མ་གཟིགས། །
གཟིམས་ཁྲི་ལས་བཞེངས་ཐལ་མོ་སྦྱར། །
ཏཱ་རེ་གསུང་ཞིང་མཆོད་ཚོགས་སྤྲོས། །
ཐོ་རེངས་བཟོད་དཀའི་སྡུག་བསྔལ་གྱིས། །
མནར་བའི་འགྲོ་ལ་ཐུགས་བརྩེ་བས། །
རྒྱལ་ལ་ཡི་ཆད་འཁྲུངས་པའི་ཚེ། །
རྗེ་བཙུན་ཆེན་པོ་བིཪྺ་པ། །
ཤར་ཕྱོགས་ཀྲིཥྞ་པ་བྱོན་ནས། །
ཡི་ཆད་མ་བྱེད་ཇི་སྲིད་ན། །
ཉེར་ལེན་ཕུང་པོ་ཡོད་རིང་དུ། །
སྐྱེ་རྒ་ན་འཆི་རྒྱུན་མི་ཆད། །
ཁྱོད་ཀྱང་མི་ཡི་སྐྱེ་བ་ནི། །
བརྒྱུད་མར་ཉི་ཤུ་ལྔ་ཡི་རྗེས། །
འཇམ་པའི་དབྱངས་ཀྱིས་རྗེས་བཟུང་བས། །
ལྔ་རིག་ས་ལམ་མཐར་ཕྱིན་ཅིང་། །
རྣམ་མང་ཞིང་མང་བརྒྱུད་བརྒྱུད་ནས། །
རྒྱ་གར་ཤར་ཕྱོགས་མུ་མུ་ནིར། །
མི་དབང་ཉི་མའི་སྟོབས་འཕེལ་སྲས། །
བསྟན་ལ་རབ་བྱུང་དེ་ཡི་ཕྱིས། །
རྐང་གཉིས་གཙོ་བོ་དེ་བཞིན་གཤེགས། །
དྲི་མ་མེད་པའི་དཔལ་ཞེས་པའི། །
སངས་རྒྱས་འགྱུར་ཞེས་ཆེད་དུ་བརྗོད། །
སྨལ་བོ་ཟླ་བའི་ཚེས་བརྒྱད་ལ། །
དམ་ཚིག་ཉམས་པ་ལེགས་པར་གསོས། །
ལྷ་ཡིས་མཆོད་པའི་ཚོགས་སྦྱར་བའི། །
སྒྲ་སྙན་ཐོས་པས་ཉེ་བར་གནས། །
བི་ཅི་རིན་ཆེན་གྲགས་པ་ཡིས། །
ཅི་ལགས་ཞུས་པས་ཁོ་བོ་ཅག །
གཞན་དུ་འགྲོ་བའི་ལྟས་ཡིན་གསུངས། །
དེའི་ཚེ་གསུང་ལས་སྐྱེས་པའི་སྲས། །
འཕགས་པའི་སྤྱི་བོར་ཕྱག་བཞག་ནས། །
བུ་གཅིག་མདོ་རྒྱུད་ཀུན་གྱི་སྙིང་། །
དུས་གསུམ་བདེ་གཤེགས་གཤེགས་པའི་བཤུལ། །
ཟབ་ལམ་བླ་མའི་རྣལ་འབྱོར་ལ། །
ཉམས་ལེན་སྙིང་པོར་གྱིས་ཤིག་དང་། །
གནས་སྐབས་མཐར་ཐུག་དགེའོ་གསུངས། །
བཅུ་བཞིའི་སྐྱ་རེངས་ཤར་བའི་ཚེ། །
དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ཀྱིས། །
མཆོད་སྤྲིན་སྤྲོ་བའི་བསུ་མར་བཅས། །
ཆོས་དབྱིངས་དག་པའི་ཞིང་དུ་གཤེགས། །
བཅུ་བདུན་དྲི་བཟང་ལྷ་རྫས་ཀྱིས། །
ཀླུབས་ཏེ་སྤུར་སྒྲོམ་ནང་བཞུགས་ནས། །
ཁྲིར་བཀོད་རྒྱན་གསོལ་མཆོད་པས་མཆོད། །
ཉེར་ལྔ་གེ་སར་ཡུ་གུར་རྒྱ། །
གཉིས་གཉིས་བོད་བཞི་མི་བཅུ་ཡིས། །
སྒྲོམ་བཏེག་ཙནྡན་དཀར་དམར་སོགས། །
སྤུངས་དབུས་ལྷ་རྣམས་ཞལ་དུ་མཆོད། །
དེ་ལས་བྱུང་བའི་ཡ་མཚན་གྱི། །
བཀྲ་ཤིས་རྟགས་ཀྱི་རི་མོས་གང་། །
ཁྱད་པར་བདེ་དགྱེས་ཤཱཀྱའི་གཙོ། །
འཇམ་དབྱངས་བྱམས་མགོན་སྤྱན་རས་གཟིགས། །
མི་གཡོ་རྗེ་བཙུན་སྒྲོལ་མ་སོགས། །
མངོན་སུམ་བྱོན་འདྲའི་སྐུ་བརྙན་དང་། །
ཨ་ཡིག་ཤ་རཱི་རཾ་སོགས་ཀྱི། །
ངོ་མཚར་བདུད་རྩིའི་ཆར་ཕབ་པས། །
མཐའ་ཡས་གདུལ་བྱའི་ས་གཞི་ལ། །
ཕན་བདེའི་ལོ་ཏོག་ཅི་ཡང་བསྐྲུན། །
ནོར་རྒྱས་ངལ་བར་མ་བྱས་ཤིང་། །
རི་རབ་ཀྱིས་ནི་བསྲུབས་མིན་ཡང་། །
ཆོས་རྗེའི་རྣམ་ཐར་རྒྱ་མཚོ་ཆེ། །
བསྲུབས་པའི་སྙིང་པོ་འོད་དཀར་ཅན། །
གང་འདི་དམ་པའི་མཛད་པ་ལ། །
རྨོངས་པའི་མུན་སྟུག་སེལ་བྱེད་ཅིང་། །
བློ་གསལ་མཁས་པའི་ཚོགས་རྣམས་ཀྱི། །
རྣམ་དཔྱོད་ཀུ་མུ་ད་ཀའི་གཉེན། །
དེ་ལྟའི་དགེ་ཚོགས་རལ་པའི་ཆུ། །
དུས་གསུམ་རྣམ་དཀར་དལ་འགྲོ་ཡི། །
རྒྱུན་ཚོགས་རྣམས་དང་ལྷན་ཅིག་ཏུ། །
ཀུན་མཁྱེན་རྒྱ་མཚོར་འཇུག་གྱུར་ཅིག །
ཅེས་པ་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏའི་རྟོགས་པ་བརྗོད་པ་དྲི་ཟའི་གླུ་དབྱངས་ཞེས་བྱ་བ་འདི་ཡང་། དགེ་བའི་བཤེས་གཉེན་ཆེན་པོ་དུ་མས་ཡང་ཡང་བསྐུལ་བ་ལ་བརྟེན་ནས། ཤཱཀྱའི་དགེ་སློང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། ཆོས་གྲྭ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་གཟིམས་ཆུང་ཉི་འོད་འཁྱིལ་བར་སྦྱར་བའི་ཡི་གེ་པ་ནི་བློ་བཟང་དར་རྒྱས་སོ།། །།
ལྷ་རྒྱལ་སྲང་གི་ཆོས་སྡེའི་མཁས་དབང་སྡེ་དགེའི་ཤར་བླའི་རྣམ་བསྡུས།
འཇམ་དབྱངས་ཆོས་ཀྱི་ཉི་མ་རིན་པོ་ཆེ།
སྡེ་དགེའི་ནུབ་བླ་མ་འཇམ་དབྱངས་མཁྱེན་རབ་མཐའ་ཡས།
ལྷ་རྒྱལ་སྲང་གི་ཆོས་སྡེའི་རྡོར་འཛིན་ཨ་འཛི་ངག་དབང་བཟང་པོ
ཡིད་ལྷུང་ལྷ་རྒྱལ་དགོན་གྱི་གྲུབ་པའི་དབང་ཕྱུག་ངག་དབང་རིན་ཆེན་མཆོག
ཡིད་ལྷུང་ལྷ་རྒྱལ་དགོན་གྱི་དགུ་ཆེན་སྐབས་ཀྱི་འདྲ་པར་ཁག་གཅིག །
མ་ཧཱ་པཎྜི་ཏ་ཨ་འཛི་ནོར་བུ་དབང་རྒྱལ་རྗེས་དྲན་ཞུ། ལྷ་རྒྱལ་སྲང་།
བླ་མ་དགེ་འདུན་ཡར་འཕེལ་གྱི་རྣམ་ཐར།
མཁྱེན་རབ་མཐའ་ཡས་གསོལ་འདེབས།
གྲུབ་ཆེན་བརྒྱད་བཅུའི་སྐུ་པར་ཆ་ཚང་བཞུགས་སོ། །
མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལ་གེ་སར་གྱི་ལུང་བསྟན་བྱུང་ཚུལ།
འཇམ་མགོན་གུ་ནའི་མཛད་པའི་འཇམ་དབྱངས་མཁྱེན་བརྩེའི་རྣམ་ཐར།
ས་ཟླའི་དུས་ཆེན་ལ་ས་སྐྱ་གོང་མ། 萨噶月萨迦法王念诵 ཞལ་འདོན་སྒྲ་སྒམ།1
ས་ཟླའི་དུས་ཆེན་ལ་ས་སྐྱ་གོང་མ། 萨噶月萨迦法王念诵 ཞལ་འདོན་སྒྲ་སྒམ།2
རི་མོའི་ལམ་ནས་རྫོང་སར་རིན་པོ་ཆེའི་རྣམ་ཐར་མཇལ་བ། 宗萨仁波切传记
བཀའ་སློབ་དུས་ཐོག་ཆར་པ། འཁོན་གདུང་ཨ་བྷི་ཀིརྟ། 法王子无变金刚教言•及时甘霖
རྒྱལ་སྲས་ལག་ལེན་གྱི་དཔེ་རིས། 珍贵的佛子行三十七颂的图纸
སྐྱབས་མགོན་གོང་མ་ཁྲི་ཆེན་མཛད་རྣམ་དགུ་ཐང་། དྷཱི་ཕུ་མཁན་ཆེན།
༄༅། །གདམས་པ་རིན་ཆེན་ཕྲེང་མཛེས་ཞེས་བྱ་བ། 美丽璎珞:心之建言
༸ཀླུ་ལྡིང་མཁན་རྒན་གྱིས་ཁྲིད། སྒྲོལ་དཀར་ཚེ་སྒྲུབ་སྐོར། ཚན་པ་1-2-3
མར་མེའི་སྨོན་ལམ【供灯愿文】
སྒྲོལ་མ་ཉེར་གཅིག་གི་ཆོས་དབྱངས་གསར་པ། ལེན་མཁན་ཀུན་བཟང་རྡོ་རྗེ།
རྫོང་སར་༸མཁྱེན་བརྩེས་ཞལ་བཀོད་མཛད་པའི་སྒྲོལ་མ་ཉེར་གཅིག 二十一度母
བསྟོད་པའི་རྒྱལ་པོའི་རྒྱུད་ཕྱག་འཚལ་ཉེར་གཅིག་གི་བསྟོད། 二十一度母赞文
སངས་རྒྱས་སྨན་བླའི་དུས་ཆེན། 药师佛吉日
པཎ་ཆེན་ཤཱཀྱ་མཆོག་ལྡན་དང་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གཉིས་ཀྱི་རྩོད་པ་རྩོད་ལན་ཁག་གཅིག
གྲུབ་ཆེན་བརྒྱད་བཅུའི་སྐུ་པར་ཆ་ཚང་བཞུགས་སོ། །
བོད་ཀྱི་བཙུན་མ་ཐོག་མ་སུ་ཡིན་ནམ
སྔོ་ཚོད་དང་སིལ་ཏོག་གི་ཕན་ནུས།
སྡུག་བསྔལ་གྱི་ཡོན་ཏན་ལྔ། 痛苦具有五种功德
དཔེ་ཝར་རྡོ་རྗེ་འཆང་གི་ཞལ་གསུང་བྱིན་ལྡན།白雅仁波切亲述祈请加持
༸སྐྱབས་རྗེ་དཔེ་ཝར་མཆོག་སྤྲུལ་རིན་པོ་ཆེའི་གསོལ་འདེབས།
༄༅། །དཔེ་ཝར་དང་རྫོང་སར་གཉིས་ལ་མཉམ་དུ་ཤར་བའི་ངོ་མཚར་བའི་འཇའ་ཚོ།
དཔེ་ཝར་རིན་པོ་ཆེ་གདུང་སེམས་མཉམ་བསྐྱེད་ཀྱི་ཞུ་འཕྲིན།
དཔེ་ཝར་རིན་པོ་མྱུར་བྱོན་གསོལ་འདེབས། གཟན་དཀར་རིན་པོ་ཆེ།
དཔེ་ཝར་རིན་པོ་མྱུར་བྱོན་གྱི་གསོལ་འདེབས།白雅仁波切速速转世祈请文 དཔེ་ཝར་མཆོག་སྤྲུལ་གྱི་བཞེངས་གསོལ་བསྐུལ་བ།
དཔེ་ཝར་རྡོ་རྗེ་འཆང་གི་རྣམ་ཐར་གསོལ་འདེབས། རབ་བརྟན་མཁན་དགེ་ལེགས།
ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ།
རབ་མཛེས་ལི་ཁྲིའི་རྡུལ་མང་མཐོར་བརྩེགས་ཨིནྡྲ་ནཱི་ལའི་ཅོད་པན་ཅན། །
དམར་ལྗང་མགྱོགས་འགྲོའི་བདག་པོ་བྱེ་བའི་འོད་ཀྱིས་ལང་ཚོ་རྒྱས་བྱས་ཤིང་། །
སྤེལ་ལེགས་རྒྱུ་སྐར་དོ་ཤལ་རྣམ་བཀྲ་འདྲེན་བྱེད་རབ་དགའ་སྤུངས་འདྲ་བའི། །
འཇམ་པའི་དབྱངས་ཞེས་སྙན་པའི་གྲགས་པ་སྲིད་ན་གསོལ་བ་དེ་ལ་འདུད། །
འཇམ་དབྱངས་གཞོན་ནུ་མཐོན་མཐིང་གི །
རལ་ཁུར་རིན་ཆེན་རྒྱན་སྤངས་ཏེ། །
ངུར་སྨིག་གར་གྱིས་རྣམ་རོལ་པ། །
པཎ་ཆེན་ཆོས་རྗེའི་རྟོགས་བརྗོད་འབྲི། །
སྐལ་བཟང་ཐུབ་པའི་ཉི་མ་རྣམས། །
བདུད་རྩིས་མགྲོན་དུ་གཉེར་བའི་གནས། །
ཤྲཱི་ཛམྦུ་དཱི་བའི་སྙིང་། །
བོ་དྷ་བྲྀ་ཀྵའི་མཱུ་ལ་ནས། །
གསང་འཛིན་གཞལ་ཡས་ཁང་གི་ངོས། །
དཔག་ཚད་བརྒྱ་ནི་འདས་པའི་ས། །
དགེ་མཚན་སྐྱ་བོའི་འོད་ཟེར་གྱི། །
རི་མོ་རྣམ་པར་བཀྲ་བའི་ཀློང་། །
གདེངས་ཅན་དབང་པོས་བསྲུང་བ་ཡི། །
རིགས་ཀྱི་པད་ཚལ་བཞད་པའི་དབུས། །
དཔལ་ཆེན་འོད་ལྡན་ནམ་མཁའི་ནོར། །
ཉི་ཁྲི་ལྕམ་ཞེས་ཤར་ཕྱོགས་ཀྱི། །
ས་འཛིན་བརྒྱན་པའི་འཇོ་སྒེག་ལས། །
ཆུ་སྟག་དཔའ་བོ་དཔྱིད་དུས་ཀྱི། །
གྲ་འཛུམ་རྒྱས་པའི་ཉེར་དྲུག་ལ། །
ཡོན་ཏན་འདབ་མ་སྟོང་ལྡན་པའི། །
རྒྱལ་སྲས་པདྨ་དཀར་པོ་འཁྲུངས། །
དེའི་ཚེ་བྱིས་པ་ཐ་མལ་པའི། །
སྤྱོད་ཚུལ་མངལ་གྱི་འདབ་མ་ཡི། །
འཆིང་བའི་རྒྱ་དང་ལྷན་ཅིག་གྲོལ། །
མཚན་དཔེ་བཀྲ་བའི་གཟི་བྱིན་དང་། །
ལྟས་བཟང་འཇའ་ཚོན་དྲ་བས་ཁེབས། །
བལྟམས་མ་ཐག་ཏུ་སཾ་སྐྲྀ་ཏའི། །
མགྲིན་པའི་སིལ་སྙན་འཁྲོལ་བ་ནི། །
སྒྱུ་འཕྲུལ་ཆེན་པོའི་རྩིབ་ལོགས་ཀྱི། །
ཆུ་འཛིན་གོ་དབར་ལས་ཐོན་པའི། །
རྒྱལ་སྲས་ཉིན་བྱེད་གཞོན་ནུ་བཞིན། །
ཀུན་གཟིགས་ཞིང་གི་འདྲེན་པ་ཡི། །
བསོད་ནམས་ཡེ་ཤེས་དཔལ་ལྡན་ཞིང་། །
དོན་ཀུན་གྲུབ་ཕྱིར་དོན་མཐུན་པའི། །
མཚན་གྱི་ཨུཏྤལ་གེ་སར་རྒོད། །
སྐྱེ་བ་དུ་མར་རྣམ་དཔྱོད་ཀྱི། །
གྲུ་རྫིངས་བརྩོན་པའི་རླུང་གི་དར། །
ཕྱར་བས་ཤེས་བྱའི་ས་མུ་དྲ། །
རྣམ་མང་ཡང་ཡང་བརྒལ་བའི་མཐུས། །
དེང་འདིར་ལན་རེ་ཟུང་རེས་ཀྱང་། །
གནས་ལྔ་ལ་སོགས་ཐུན་མོང་དང་། །
ཐུན་མོང་མིན་པའི་རིག་གནས་ཀུན། །
མཁྱེན་པའི་འདྲེན་བྱེད་སྟོང་རྒྱས་པས། །
ཀུན་མཁྱེན་ལྷ་ཡི་དབང་པོར་འགྲན། །
ལོ་ནི་གཅིག་དམན་བཅུ་ཕྲག་གི །
ལང་ཚོ་ལྡན་པའི་ཐུགས་ཀྱི་མཚོ། །
ཀྱེ་རྡོར་ལ་སོགས་གསང་སྔགས་ཀྱི། །
སྒྲུབ་ཐབས་མང་པོའི་ནོར་ལྡན་ཅིང་། །
གཞན་ལ་འདོམས་པའི་སློབ་དཔོན་གྱུར། །
དེ་ནས་ཟླ་དང་བཅས་པའི་ལོར། །
བརྟག་གཉིས་སངས་རྒྱས་མཉམ་པར་སྦྱོར། །
བསམ་འཕེལ་ཡིད་བཞིན་དབང་གི་རྒྱལ། །
ལེགས་བཤད་སྲད་བུ་ལ་བརྒྱུས་ཏེ། །
སྐལ་བཟང་མགུལ་བའི་རྒྱན་དག་ཏུ། །
རིན་ཆེན་དོ་ཤལ་གཞན་བཞིན་བཀོད། །
བཅུ་བཞིའི་དུས་སུ་གུར་སཾ་གྱི། །
ལེགས་བཤད་གསར་པའི་མེ་ཏོག་གིས། །
ཐུབ་བསྟན་དགའ་ཚལ་མཛེས་བྱས་པའི། །
མཆིལ་པ་རྣོན་པོས་མཁས་རྣམས་ཀྱི། །
ཡིད་ནི་ཞགས་པ་མེད་པར་བཟུང་། །
ཕྱི་ལོ་དཔལ་ཆེན་འོད་བཟང་པོ། །
འཕྲོ་དང་བསོད་ནམས་པིར་རྩེ་མོས། །
བྲིས་པ་གྲགས་པའི་རྒྱལ་མཚན་ནི། །
གཡོ་བ་རང་རིགས་དམ་པ་ཡི། །
ཞལ་སྐྱིན་ཆུ་སྐྱེས་གསར་པ་ལ། །
རབ་ཆགས་མདོ་རྒྱུད་མན་ངག་གི །
ལུང་བཤད་དབང་དང་རྗེས་གནང་སོགས། །
འཕགས་ཡུལ་མ་དྲོས་མཚོ་ཆེན་ལས། །
ཆད་མེད་ཛ་ཧུའི་བུ་མོའི་རྒྱུན། །
མ་ལུས་བདག་ཉིད་ཆེན་པོ་དེའི། །
ཟབ་ཡངས་ཐུགས་ཀྱི་རྒྱ་མཚོར་འཁྱིལ། །
དེ་ནས་ལོ་གསུམ་འདས་པའི་དུས། །
མནལ་ལམ་ཨ་ཕྱིའི་མཆོད་རྟེན་དྲུང་། །
འཛམ་གླིང་མཁས་པའི་གཙུག་གི་རྒྱན། །
ངུར་སྨྲིག་གིས་ཀླུབས་དབྱིག་གི་གཉེན། །
ཆོས་ཀྱི་མ་མོ་མངོན་པའི་མཛོད། །
ཕྱེ་ནས་ལེགས་བཤད་ནོར་བུ་འགྱེད། །
དེར་ནི་སྒོ་གསུམ་གུས་པ་ཡིས། །
འདོད་དགུའི་རིན་ཆེན་ཅི་ཡང་བླངས། །
སད་ཚེ་ཚིག་དོན་མ་ལུས་པ། །
མ་འདྲེས་འཇའ་ཚོན་བཀྲ་བ་ཡི། །
རི་མོ་མཛེས་པས་མགོན་པོ་དེའི། །
ཡིད་ཀྱི་གཞལ་མེད་ཁང་ཆེན་བརྒྱན། །
དེ་བཞིན་རྒྱ་གར་དབང་པོའི་ཕྱོགས། །
རྣམ་པར་རྒྱལ་བའི་ཞིང་དག་གི །
འཁོར་ལོ་ཅན་ཞེས་བྱ་བའི་ཡུལ། །
སློབ་དཔོན་ཕྱོགས་གྱི་གླང་པོ་ཡི། །
བྲག་ཕུག་ཡིན་ཞེས་ཉམས་དགའ་བར། །
སྡེ་བདུན་མདོ་དང་བཅས་པ་ཡི། །
གླེགས་བམ་ལྡེའུ་མིག་ལྡན་པ་གཏད། །
སད་ཚེ་རྒྱལ་སྲས་གཞོན་ནུ་དེའི། །
ཡིད་ཀྱི་ལྷ་ལམ་རབ་དགའ་ཡི། །
མཚམས་སྤྲིན་ལི་ཁྲིའི་མདངས་འདྲས་མཛེས། །
དེ་ནས་འཕྲང་བུ་དགེ་བའི་བཤེས། །
ཞུ་སྟོན་རིན་ཆེན་བཻ་ཌཱུརྱའི། །
རྒྱུད་མང་བསྐུལ་བའི་སྒྲ་དབྱངས་ལས། །
དྲངས་པའི་མ་ཕམ་ཆོས་ལྔ་དང་། །
ཆོས་མངོན་ཀུན་བཏུས་གླུ་དབྱངས་ཀྱིས། །
རྣམ་དཔྱོད་སྒྲ་འཛིན་དབང་པོར་བཅས། །
བདུད་རྩིས་བྲན་ཅིང་ཚིམ་པ་ཐོབ། །
གང་ཚེ་བཅུ་ཟུང་ལང་ཚོ་ཡི། །
ཐིག་ལེ་གསལ་བར་ཤར་བའི་ཚེ། །
མཚུར་སྟོན་གཞོན་སེང་ཞེས་བྱ་བའི། །
ལེགས་བཤད་འོད་རྣོའི་ཐུར་མ་ཡིས། །
སེམས་དཔའ་མཆོག་དེའི་བློ་གྲོས་ཀྱི། །
འདབ་བརྒྱ་ཕྱེ་ནས་རྣམ་ངེས་པའི། །
སྦྲང་རྩིའི་ཟིལ་དངར་བཅུད་ཆགས་པས། །
རྐྱང་ཐུར་ཆོས་ཀྱི་སྐྱེད་ཚལ་དུ། །
བློ་གསལ་བུང་བའི་ཚོགས་བསྡུས་ཏེ། །
བྱ་རྒོད་ཕུང་པོའི་རི་བོ་བཞིན། །
འཆད་རྩོད་རྩོམ་པའི་འཕུར་ལྡིང་གིས། །
རྣམ་རོལ་ཆོས་ཀྱི་འཁོར་ལོ་བསྐོར། །
ཕྱིར་ཡང་ཆུ་ལྷའི་ནོར་འཛིན་ངོས། །
ཞབས་སྐྱེས་འཁོར་ལོས་མཚན་པ་ཡི། །
ཕུན་ཚོགས་རི་མོ་འབྲི་བའི་བར། །
ཆུ་མིག་ཅེས་བྱའི་ཆོས་ཀྱི་གྲྭར། །
བསྐལ་བཟང་འགྲོ་བའི་རྨོངས་མུན་ཚོགས། །
སེལ་བྱེད་སྒྲོན་མེ་བདུན་པ་ཞེས། །
སྒྲ་བརྒྱ་དལ་གྱིས་རྒོད་པ་ཡི། །
ཞབས་སེན་རལ་པའི་རྒྱན་དུ་བཀོད། །
དེ་ལས་བྱུང་བའི་ཆོས་མཆོག་སོགས། །
བཀའ་དྲིན་གསེར་གྱི་རྡོ་རྗེ་ནི། །
ལྕི་བས་ནོན་ཀྱང་ངལ་བ་སྤངས། །
གཞན་ཡང་མ་ཧཱ་པཎྜི་ཏའི། །
ཕྱག་བརྙན་ད་ན་ཤཱི་ལ་དང་། །
སངྒྷ་ཤཱི་ལ་སོགས་ལས་ཀྱང་། །
ལེགས་བཤད་འོ་མའི་རྒྱུན་བབས་པ། །
མགོན་འདིའི་ཐུགས་ཀྱི་རྫིང་ཡངས་པོར། །
ཟླ་ཤེལ་ཞུན་མ་བཞིན་དུ་འཁྱིལ། །
དེ་ནས་བདག་ཉིད་བསྟི་བའི་གནས། །
དམ་པར་མཁས་པ་སུ་ག་ཏ། །
ཤྲཱི་སྤྱན་དྲངས་ཐུན་མོང་དང་། །
ཐུན་མོང་མིན་པ་མདོ་རྒྱུད་ཀྱི། །
ལེགས་བཤད་མུ་ཏིག་ཆར་ཕབ་པས། །
མགོན་འདིའི་མང་ཐོས་གསན་པ་ཡི། །
ཡངས་པའི་སྙིམ་པ་ཡོངས་སུ་གང་། །
ནམ་ཞིག་ལང་ཚོ་མརྒ་ཏའི། །
ཕྲེང་བ་ཉེར་བདུན་ལྡན་པའི་ཚེ། །
ཤཱཀྱ་སེང་གེའི་ཚོགས་གཉིས་ཀྱི། །
དཔལ་ལ་འགྲན་ངེས་མཁན་པོ་དང་། །
བྱང་སེམས་ཀུན་གྱི་སྤྱི་བོར་ནི། །
ཡོན་ཏན་ནོར་བུའི་ལྷས་མ་ཡིས། །
མཛེས་པས་ལས་མཛད་དོན་མོ་རིས། །
གསང་སྟོན་ཚོགས་མཆོག་འདུས་པའི་དབུས། །
རྫོགས་པར་བསྙེན་ཏེ་གངས་ཁྲོད་ཀྱི། །
ཟས་གཙང་སྲས་པོ་ལྟ་བུར་གྱུར། །
མཁན་སློབ་དབང་ཕྱུག་སེང་གེ་སོགས། །
ཕུན་ཚོགས་གཡས་སུ་འཁྱིལ་བ་ཡི། །
མགྲིན་པའི་སྦུབས་ལས་འཁྲུངས་གྱུར་པའི། །
རིགས་གཞུང་འདུལ་མངོན་ཕ་རོལ་ཕྱིན། །
རིགས་ཚོགས་དུས་གསང་བདེ་དགྱེས་དང་། །
ལམ་འབྲས་ཆོས་དྲུག་བཀའ་གདམས་སྐོར། །
ཕྱག་རྫོགས་ཞི་སོགས་རྒྱ་བོད་ཀྱི། །
མདོ་རྒྱུད་མན་ངག་སྙན་བརྒྱུད་ཚོགས། །
ཡང་དག་ཡང་དག་ལྟར་སྣང་སོགས། །
སྒྲ་དབྱངས་དབྱར་སྐྱེས་རྔ་གསང་ལྟར། །
སྒྲོག་པ་མང་ཐོས་མཐར་སོན་ཅིང་། །
ཚིག་དོན་ཇི་བཞིན་ཐུགས་སུ་ཆུད། །
ལེགས་བཤད་རིན་ཆེན་མ་ལུས་པས། །
བདག་ཉིད་གཅིག་པུ་རྒྱན་འདོད་པའི། །
ཨིནྡྲ་ནཱི་ལའི་ལྷུང་བཟེད་ནི། །
འབྲས་བུ་བཟང་པོའི་སྙེ་མས་གང་། །
ཟབ་རྒྱས་ཆོས་ཀྱི་བང་མཛོད་དེ། །
འཆད་པའི་རིན་ཆེན་ཁྲིར་བཞུགས་ནས། །
ལེགས་བཤད་འོད་དཀར་འབུམ་སྤྲོས་ཏེ། །
མཁས་མང་ཀུན་དའི་ཚལ་རབ་སྤེལ། །
མདོ་རྒྱུད་ལུས་སྟོབས་རབ་རྒྱས་ཤིང་། །
རིགས་པའི་མཆེ་སྡེར་མི་བཟད་པས། །
རྒོལ་ངན་གླང་ཆེན་མ་ལུས་པའི། །
སྤོབས་པའི་མྱོས་བུམ་ཅིག་ཅར་དྲལ། །
རྣམ་དཔྱོད་ལག་པའི་སོར་མོ་ཡིས། །
མཐོ་རིས་བྱང་གྲོལ་ལམ་མཚོན་པའི། །
རྣམ་མང་ལེགས་བཤད་ཕྲེང་སྤེལ་ཏེ། །
བློ་གསལ་མགུལ་པའི་རྒྱན་དུ་སྩལ། །
ཆོས་དབྱིངས་ལས་འོངས་སྒྱུ་མ་ཡི། །
སྲིན་བུ་ཁྲོས་པ་ལྟར་བརྫུ་བ། །
དམ་ཅན་སྲུང་མའི་ཚོགས་ཀྱིས་ཀྱང་། །
སྲོག་སྙིང་ཕུལ་ཞིང་བཀའ་བཞིན་བསྒྲུབས། །
དེ་ཕྱིར་སྙན་གྲགས་གསར་པ་ཡིས། །
བ་དན་སྲིད་གསུམ་ཁོངས་ལས་བརྒལ། །
ཁྱད་པར་འཕགས་པའི་ཡུལ་ཀུན་ཏུ། །
ཡོངས་རྫོགས་གནས་ལྔ་མཁྱེན་པ་ཡི། །
པཎ་ཆེན་ཆོས་རྗེ་རང་ཉིད་ཀྱིས། །
མཛད་པའི་བསྟན་བཅོས་མཆོད་བརྗོད་དུ། །
ཤེས་བྱ་ཀུན་ལ་བལྟ་བའི་སྤྱན་ཡངས་པ། །
འགྲོ་ཀུན་དགེ་ལེགས་བསྒྲུབ་པའི་ཐུགས་རྗེ་ཅན། །
བསམ་ཡས་འཕྲིན་ལས་མཛད་པའི་སྟོབས་མངའ་བ། །
འཇམ་མགོན་བླ་མའི་ཞབས་ལ་མགོས་ཕྱག་འཚལ། །
ཞེས་པའི་ཨུཏྤལ་གསར་པ་ཡིས། །
གཟུར་གནས་འབྱུང་བ་མཐའ་དག་གི །
རྣ་ལུང་མཛེས་པའི་རྒྱན་གྱུར་ཀྱང་། །
སྐྱོན་བྲལ་ལུགས་ལས་ཕྱིར་ཕྱོགས་པ། །
ཀུན་གྱི་སྙིང་གི་ཚེར་མར་གྱུར། །
དེ་ཚེ་ཚངས་དང་དབང་ཕྱུག་གི །
རྗེས་ཞུགས་རྟོག་གེའི་དུག་ཆུ་ཡིས། །
ཆེར་མྱོས་ང་རྒྱལ་རི་བོ་མཐོ། །
ཞེ་སྡང་དུས་མཐའི་མེ་འབར་ཞིང་། །
ཕྲག་དོག་རླུང་དམར་འཚུབས་པ་ཡི། །
འཕྲོག་བྱེད་དགའ་བོ་གཙོར་གྱུར་པའི། །
རལ་པ་འཆང་བ་དྲུག་ཕྲག་གཅིག །
རྩོད་པར་འདོད་པའི་བསམ་པ་ཡིས། །
བདག་ཉིད་ཆེན་པོའི་དྲུང་ལྷགས་ཏེ། །
དབང་ཕྱུག་ཚངས་པའི་ཡོན་ཏན་གྱི། །
མཆིང་བུའི་རིན་ཆེན་མང་བཀྲམ་ནས། །
རྩོད་པའི་གཡུལ་གྱི་སྦྱོར་བ་བཤམས། །
བཅུ་གསུམ་གདུགས་ལ་བསྟན་པ་དག །
དཔང་བཙུགས་བཅུ་གཉིས་ཉི་མའི་བར། །
ཆོས་ཀྱི་རྗེ་ཕམ་ཞབས་འབྲིང་པ། །
འོད་ཡུག་བཟང་རིང་ལ་སོགས་པའི། །
སྨྲ་བའི་སེང་གེ་དེ་དག་ཀྱང་། །
འཕྲོག་བྱེད་འབར་བའི་མེ་མཐོང་བས། །
སྐྲག་པའི་ཡིད་ཀྱིས་བྲོས་ཤིང་བྱེར། །
སེམས་དཔའ་མཆོག་དེས་བླ་མ་དང་། །
ལྷག་པའི་ལྷ་ལ་ཡིད་ཆེས་ཀྱི། །
གདུང་བས་རྩེ་གཅིག་གསོལ་བཏབ་པས། །
འཕྲིན་ལས་ལྷ་མོས་ལུང་བསྟན་ཅིང་། །
འཇམ་པའི་དབྱངས་ཀྱིས་གྲོགས་མཛད་པས། །
མཁྱེན་བརྩེའི་དབྱར་སྐྱེས་ཁང་བཟང་ལས། །
རིགས་ཚུལ་རྡོ་རྗེའི་མེ་ཆར་གྱིས། །
མུ་སྟེགས་བྲག་རི་རབ་མཐོ་བ། །
རྡུལ་ཕྲན་ལྟ་བུར་ཕྱེར་བརླག་སྟེ། །
བཅུ་གསུམ་ཉི་མར་རྒྱལ་རྔ་བརྡུངས། །
འཁོར་གྱི་རལ་པ་ཅན་དག་ཀྱང་། །
འཇིགས་པས་སྙིང་དང་ཚ་བའི་དབུགས། །
ལྷན་ཅིག་མགྲིན་པའི་གནས་སོང་སྟེ། །
འདར་འདར་འཁྱོར་བའི་འགྲོས་ཀྱིས་བྲོས། །
འཕྲོག་བྱེད་དགའ་བོས་འདི་སྐད་སྨྲས། །
ཁྱོད་མིན་ཁྱོད་ཀྱི་ཕྲག་པ་གཡས་པ་ན། །
དམར་སེར་རལ་གྲི་ཅན་དེ་ངས་མ་ཐུབ། །
དེ་སླད་ཁྱོད་རྒྱལ་ང་ནི་ཕམ་པར་གྱུར། །
དེ་སྐད་སྨྲས་ནས་ཆོས་རྗེའི་ཞབས་ལ་བཏུད། །
འོན་ཀྱང་རྟགས་མཚན་མ་སྤངས་པས། །
རིག་འཛིན་པདྨ་སཾ་བྷ་ཝའི། །
བཀའ་བཞིན་བརྟན་མ་བཅུ་གཉིས་ཀྱིས། །
དམ་ལས་འདའ་བ་མེད་པར་བྱས། །
དེ་ལྟར་འཆད་རྩོད་རྩོམ་པ་ཡི། །
ཡན་ལག་བཞི་པའི་དཔུང་ཚོགས་ཀྱིས། །
ཐུབ་བསྟན་ནོར་གྱི་བློ་གྲོས་མ། །
ཡངས་པའི་ཁྱོན་ལ་འདོད་དགུར་སྤྱོད། །
སྔོན་ཚེ་རྗེ་བཙུན་ཆེན་པོ་ཡིས། །
འབྱུང་བར་འགྱུར་བ་ནམ་ཞིག་ན། །
སྐད་དང་མི་རིགས་གཞན་གྱུར་པ། །
གནས་ཀྱིས་བསྐལ་པའི་རྒྱལ་ཁམས་ནས། །
ཞྭ་ཁྲ་མཆིལ་ལྷམ་ཕག་སྣ་འདྲའི། །
འདྲེན་བྱེད་མངོན་དུ་གྱུར་པ་ན། །
སོམ་ཉིའི་འཆིང་བ་ཁྲོལ་ལ་སོང་། །
བདེ་གཤེགས་བསྟན་པའི་སྒྲོན་མེར་འགྱུར། །
དེ་སྐད་ཇི་ལྟར་ལུང་བསྟན་བཞིན། །
འཛིན་མར་གནས་པ་གནམ་བསྐོས་ཀྱི། །
ལྟ་བྱེད་གསུམ་ལྡན་ལྷ་ཆེན་པོས། །
གནས་ལྔ་རིག་པའི་པཎྜི་ཏ། །
ཀུན་མཁྱེན་གཉིས་པའི་འོད་དཀར་ཅན། །
རལ་པའི་རྒྱན་དུ་འདོད་པའི་ཕྱིར། །
ཕོ་ཉ་དོར་རྟ་ལ་སོགས་པ། །
པཎ་ཆེན་ཆོས་རྗེའི་དྲུང་དུ་ལྷགས། །
རིགས་བདག་བཀའ་ཡི་གསེར་སྦྱངས་ཀྱི། །
སྲད་བུ་སྲ་བས་ཡིད་བཅིངས་ཤིང་། །
བསྟན་དང་འགྲོ་ལ་བརྩེ་བ་ཡིས། །
དགུང་ལོ་རེ་གསུམ་བཞེས་པའི་ཚེ། །
ཞབས་རྟེན་པདྨོ་བཀྲ་ཤིས་པའི། །
གུར་ཀུམ་དོག་པ་འགོད་བཞིན་དུ། །
རེ་ལྔ་རྫོགས་པར་ཉེ་བའི་ཚེ། །
སྤྲུལ་པ་སྡེ་ཡི་ལིང་ཆུ་རྩེ། །
རྒྱལ་པོའི་ཕོ་བྲང་ཆེན་པོར་ཕེབས། །
མེ་ལུག་ཟླ་བ་དང་པོ་ལ། །
འགྲོ་བའི་བླ་མ་ཆོས་རྗེ་དང་། །
གོ་དན་མི་ཡི་དབང་པོ་གཉིས། །
དགེ་ལེགས་གཟུགས་ཅན་བཞིན་གྱུར་པའི། །
ཞལ་བཟང་ལྷན་ཅིག་མངོན་གྱུར་པས། །
ལུགས་གཉིས་དགའ་སྟོན་དཔྱིད་ཀྱི་དཔལ། །
ལང་ཚོ་དར་བའི་མཛེས་སྡུག་རྒྱས། །
ཡུ་གུར་བནྡྷེ་གྲངས་མང་གིས། །
མཚམས་སྦྱར་རྒྱལ་པོའི་མཆོད་གནས་དང་། །
བླ་མ་རྣམས་ཀྱི་གཙུག་རྒྱན་དུ། །
པཎ་ཆེན་ཡིད་བཞིན་ནོར་བུ་བཀོད། །
ཡངས་པའི་ཧོར་གྱི་རྒྱལ་ཁམས་དེ། །
མདོ་རྒྱུད་སྐྱེད་ཚལ་ལས་འོངས་པའི། །
དབང་ལུང་གསར་པའི་མེ་ཏོག་ཚོགས། །
ཕང་ཕུང་ཆགས་པས་མཛེས་བྱས་ཏེ། །
འཕགས་ཡུལ་ཆོས་ཀྱི་དགའ་བའི་ཚལ། །
ཕམ་ཕྱིར་བྱེད་པོས་སྤྲུལ་པ་བཞིན། །
གང་ཚེ་བདུན་ཅུ་རྡོ་ཡི་སྣ་ཅན་ལོའི། །
ཐ་སྐར་ཟླ་བར་ཆོས་རྗེ་ཞིང་གཞན་དུ། །
ཕྱོགས་པའི་གདུང་བས་འདར་ཞིང་ནོར་འཛིན་གཡོས། །
སེམས་དཔའ་མཆོག་རྣམས་ཞི་བར་གཞོལ་བ་ན། །
འདི་ནི་ཆོས་ཉིད་ང་ཡང་དེ་མཚུངས་གསུངས། །
དེ་ནས་འབྱུང་བ་ཕན་ཚུན་འཁྲུགས་པ་ཡི། །
ཚེར་མས་རེག་ཚེ་ཀླུ་སྒྲུབ་ཞི་བ་ལྷ། །
བྱམས་མགོན་མཁྱེན་རབ་དབང་ཕྱུག་ཐུགས་རྗེའི་གཏེར། །
མི་གཡོ་རྒྱལ་ཡུམ་སྒྲོལ་མ་ལ་སོགས་པས། །
དབུགས་དབྱུང་ལུང་བསྟན་ཉེར་དགུའི་མཚན་ཕྱེད་དུས། །
བདེ་གཤེགས་སྒྲ་དབྱངས་མི་ཟད་པར་སྒྲོག་པའི། །
ཞལ་གཟིགས་རྒྱས་འབྲིང་བསྡུས་གསུམ་སྦས་དོན་ཞུས། །
ཐོ་རངས་སྤྱན་རས་གཟིགས་ཀྱིས་ཐུགས་བསྐྱེད་སྩལ། །
ཉི་ཤར་མཁྱེན་པའི་གཏེར་གྱིས་ཐེ་ཚོམ་བསལ། །
སྨིན་དྲུག་ཟླ་བའི་ཚེས་དྲུག་བཅུད་ལྡན་གྱི། །
མཆོད་པའི་སྤྲིན་འཁྲིགས་བཅུ་གསུམ་གཟིམས་ཁང་གི །
ཕྱི་རོལ་བསྟན་པའི་བདག་པོས་བདེན་པ་བཞིའི། །
འཁོར་ལོ་བསྐོར་ལ་མཆོད་དང་བདེན་ཚིག་བསྒྲུབས། །
ཕྱི་ཉིན་བདེ་མཆོག་དགྱེས་རྡོར་གྱི། །
ཞལ་གཟིགས་རིག་འཛིན་སྡོམ་པ་ཞུས། །
བཅོ་ལྔའི་ཟླ་ཤར་འཇའ་ཚོན་དབུས། །
རྒྱལ་ཡུམ་རྗེ་བཙུན་སྒྲོལ་མ་གཟིགས། །
གཟིམས་ཁྲི་ལས་བཞེངས་ཐལ་མོ་སྦྱར། །
ཏཱ་རེ་གསུང་ཞིང་མཆོད་ཚོགས་སྤྲོས། །
ཐོ་རེངས་བཟོད་དཀའི་སྡུག་བསྔལ་གྱིས། །
མནར་བའི་འགྲོ་ལ་ཐུགས་བརྩེ་བས། །
རྒྱལ་ལ་ཡི་ཆད་འཁྲུངས་པའི་ཚེ། །
རྗེ་བཙུན་ཆེན་པོ་བིཪྺ་པ། །
ཤར་ཕྱོགས་ཀྲིཥྞ་པ་བྱོན་ནས། །
ཡི་ཆད་མ་བྱེད་ཇི་སྲིད་ན། །
ཉེར་ལེན་ཕུང་པོ་ཡོད་རིང་དུ། །
སྐྱེ་རྒ་ན་འཆི་རྒྱུན་མི་ཆད། །
ཁྱོད་ཀྱང་མི་ཡི་སྐྱེ་བ་ནི། །
བརྒྱུད་མར་ཉི་ཤུ་ལྔ་ཡི་རྗེས། །
འཇམ་པའི་དབྱངས་ཀྱིས་རྗེས་བཟུང་བས། །
ལྔ་རིག་ས་ལམ་མཐར་ཕྱིན་ཅིང་། །
རྣམ་མང་ཞིང་མང་བརྒྱུད་བརྒྱུད་ནས། །
རྒྱ་གར་ཤར་ཕྱོགས་མུ་མུ་ནིར། །
མི་དབང་ཉི་མའི་སྟོབས་འཕེལ་སྲས། །
བསྟན་ལ་རབ་བྱུང་དེ་ཡི་ཕྱིས། །
རྐང་གཉིས་གཙོ་བོ་དེ་བཞིན་གཤེགས། །
དྲི་མ་མེད་པའི་དཔལ་ཞེས་པའི། །
སངས་རྒྱས་འགྱུར་ཞེས་ཆེད་དུ་བརྗོད། །
སྨལ་བོ་ཟླ་བའི་ཚེས་བརྒྱད་ལ། །
དམ་ཚིག་ཉམས་པ་ལེགས་པར་གསོས། །
ལྷ་ཡིས་མཆོད་པའི་ཚོགས་སྦྱར་བའི། །
སྒྲ་སྙན་ཐོས་པས་ཉེ་བར་གནས། །
བི་ཅི་རིན་ཆེན་གྲགས་པ་ཡིས། །
ཅི་ལགས་ཞུས་པས་ཁོ་བོ་ཅག །
གཞན་དུ་འགྲོ་བའི་ལྟས་ཡིན་གསུངས། །
དེའི་ཚེ་གསུང་ལས་སྐྱེས་པའི་སྲས། །
འཕགས་པའི་སྤྱི་བོར་ཕྱག་བཞག་ནས། །
བུ་གཅིག་མདོ་རྒྱུད་ཀུན་གྱི་སྙིང་། །
དུས་གསུམ་བདེ་གཤེགས་གཤེགས་པའི་བཤུལ། །
ཟབ་ལམ་བླ་མའི་རྣལ་འབྱོར་ལ། །
ཉམས་ལེན་སྙིང་པོར་གྱིས་ཤིག་དང་། །
གནས་སྐབས་མཐར་ཐུག་དགེའོ་གསུངས། །
བཅུ་བཞིའི་སྐྱ་རེངས་ཤར་བའི་ཚེ། །
དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ཀྱིས། །
མཆོད་སྤྲིན་སྤྲོ་བའི་བསུ་མར་བཅས། །
ཆོས་དབྱིངས་དག་པའི་ཞིང་དུ་གཤེགས། །
བཅུ་བདུན་དྲི་བཟང་ལྷ་རྫས་ཀྱིས། །
ཀླུབས་ཏེ་སྤུར་སྒྲོམ་ནང་བཞུགས་ནས། །
ཁྲིར་བཀོད་རྒྱན་གསོལ་མཆོད་པས་མཆོད། །
ཉེར་ལྔ་གེ་སར་ཡུ་གུར་རྒྱ། །
གཉིས་གཉིས་བོད་བཞི་མི་བཅུ་ཡིས། །
སྒྲོམ་བཏེག་ཙནྡན་དཀར་དམར་སོགས། །
སྤུངས་དབུས་ལྷ་རྣམས་ཞལ་དུ་མཆོད། །
དེ་ལས་བྱུང་བའི་ཡ་མཚན་གྱི། །
བཀྲ་ཤིས་རྟགས་ཀྱི་རི་མོས་གང་། །
ཁྱད་པར་བདེ་དགྱེས་ཤཱཀྱའི་གཙོ། །
འཇམ་དབྱངས་བྱམས་མགོན་སྤྱན་རས་གཟིགས། །
མི་གཡོ་རྗེ་བཙུན་སྒྲོལ་མ་སོགས། །
མངོན་སུམ་བྱོན་འདྲའི་སྐུ་བརྙན་དང་། །
ཨ་ཡིག་ཤ་རཱི་རཾ་སོགས་ཀྱི། །
ངོ་མཚར་བདུད་རྩིའི་ཆར་ཕབ་པས། །
མཐའ་ཡས་གདུལ་བྱའི་ས་གཞི་ལ། །
ཕན་བདེའི་ལོ་ཏོག་ཅི་ཡང་བསྐྲུན། །
ནོར་རྒྱས་ངལ་བར་མ་བྱས་ཤིང་། །
རི་རབ་ཀྱིས་ནི་བསྲུབས་མིན་ཡང་། །
ཆོས་རྗེའི་རྣམ་ཐར་རྒྱ་མཚོ་ཆེ། །
བསྲུབས་པའི་སྙིང་པོ་འོད་དཀར་ཅན། །
གང་འདི་དམ་པའི་མཛད་པ་ལ། །
རྨོངས་པའི་མུན་སྟུག་སེལ་བྱེད་ཅིང་། །
བློ་གསལ་མཁས་པའི་ཚོགས་རྣམས་ཀྱི། །
རྣམ་དཔྱོད་ཀུ་མུ་ད་ཀའི་གཉེན། །
དེ་ལྟའི་དགེ་ཚོགས་རལ་པའི་ཆུ། །
དུས་གསུམ་རྣམ་དཀར་དལ་འགྲོ་ཡི། །
རྒྱུན་ཚོགས་རྣམས་དང་ལྷན་ཅིག་ཏུ། །
ཀུན་མཁྱེན་རྒྱ་མཚོར་འཇུག་གྱུར་ཅིག །
ཅེས་པ་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏའི་རྟོགས་པ་བརྗོད་པ་དྲི་ཟའི་གླུ་དབྱངས་ཞེས་བྱ་བ་འདི་ཡང་། དགེ་བའི་བཤེས་གཉེན་ཆེན་པོ་དུ་མས་ཡང་ཡང་བསྐུལ་བ་ལ་བརྟེན་ནས། ཤཱཀྱའི་དགེ་སློང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། ཆོས་གྲྭ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་གཟིམས་ཆུང་ཉི་འོད་འཁྱིལ་བར་སྦྱར་བའི་ཡི་གེ་པ་ནི་བློ་བཟང་དར་རྒྱས་སོ།། །།
སྒྲོལ་མ་ཉེར་གཅིག་གི་ཆོས་དབྱངས་གསར་པ། ལེན་མཁན་ཀུན་བཟང་རྡོ་རྗེ། རྫོང་སར་༸མཁྱེན་བརྩེས་ཞལ་བཀོད་མཛད་པའི་སྒྲོལ་མ་ཉེར་གཅིག 二十一度母 བསྟོད་པའི་རྒྱལ་པོའི་རྒྱུད་ཕྱག་འཚལ་ཉེར་གཅིག་གི་བསྟོད། 二十一度母赞文 སངས་རྒྱས་སྨན་བླའི་དུས་ཆེན། 药师佛吉日 པཎ་ཆེན་ཤཱཀྱ་མཆོག་ལྡན་དང་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གཉིས་ཀྱི་རྩོད་པ་རྩོད་ལན་ཁག་གཅིག གྲུབ་ཆེན་བརྒྱད་བཅུའི་སྐུ་པར་ཆ་ཚང་བཞུགས་སོ། ། བོད་ཀྱི་བཙུན་མ་ཐོག་མ་སུ་ཡིན་ནམ སྔོ་ཚོད་དང་སིལ་ཏོག་གི་ཕན་ནུས། སྡུག་བསྔལ་གྱི་ཡོན་ཏན་ལྔ། 痛苦具有五种功德
དཔེ་ཝར་མཆོག་སྤྲུལ་གྱི་བཞེངས་གསོལ་བསྐུལ་བ།
དཔེ་ཝར་རྡོ་རྗེ་འཆང་གི་རྣམ་ཐར་གསོལ་འདེབས། རབ་བརྟན་མཁན་དགེ་ལེགས།
རྩོམ་ཁུངས།
འཕྲིན་སྟེགས།
དཔལ་ས་སྐྱའི་གཞན་ཕན་ཕུན་ཚོགས་གླིང་།
སྒྲིག་སྦྱོར།
དཔལ་ས་སྐྱའི་གཞན་ཕན་ཕུན་ཚོགས་གླིང་རྩོམ་སྒྲིག་ཁང་།
སྤེལ་གཏོང་འགན་འཛིན་པ།
བྱང་ཆུབ་ཀུན་དགའ་བསྟན་པ།