ཞི་ཅིན་ཕིང་གིས་ཧུའུ་པེ་ནས་རྟོག་ཞིབ་གནང་བ་རེད།
ཚེས་བཞི་ཉིན་གྱི་ཕྱི་དྲོ་ནས་ཚེས་ལྔ་ཉིན་གྱི་སྔ་དྲོ་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་ཧུའུ་པེ་ཞིང་ཆེན་ཞའོ་ཀན་གྲོང་ཁྱེར་དང་ཞན་ཉིང་གྲོང་ཁྱེར་དུ་ཡུན་མོང་རྫོང་དངོས་མང་བཤམས་སྟོན་ཁང་དང་། ཅ་ཡུས་རྫོང་ཕན་ཅ་ཝན་གྲོང་རྡལ་གྱི་སྔོ་ཚལ་ཁྱམས་རིང་། སི་དབྱི་གྲོང་ཚོ་བཅས་ལ་རྟོག་ཞིབ་གནང་ནས། ས་གནས་དེ་གའི་རིག་དངོས་སྲུང་སྐྱོང་དང་ཞིབ་འཇུག་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་གནང་བ་རེད།
ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།
རྩོམ་སྒྲིག་འགན་ཁུར་པ། བསྟན་འཛིན་འཇིག་མེད།
དོ་དམ་པ། བསམ་གྲུབ་བསྟན་འཛིན།