བྱིས་པ་བསླུས་འཚོང་བྱེད་མཁན་འདིར་སྲོག་ཐོག་གཏོང་བའི་ཁྲིམས་ཐག་བཅད་པ

文摘   2024-10-25 18:07   西藏  

 ཟླ་10ཚེས་25ཉིན། ཀུའེ་ཀྲོའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ནས་ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་ཕྱིར་བསློགས་ཏེ་བསྐྱར་ཞིབ་བྱ་རྒྱུར་སྤྲད་པའི་ཞུ་སྦྱོར་ཕྱི་མ་ཡུས་ཧྭ་དབྱིན་གྱིས་བྱིས་པ་བསླུས་འཚོང་གི་ནག་ཉེས་བསགས་པ་དང་། ཞོར་འབྲེལ་དམངས་དོན་གཏུག་བཤེར་བྱེད་མཁན་ཞུ་སྦྱོར་སྔ་མ་ཀྲང་ཆེ་གེ་མོ་དང་དབྱང་ཆེ་གེ་མོ་སོགས་མི་དགུ་ཡིས་ཞོར་འབྲེལ་དམངས་དོན་གཏུག་བཤེར་བྱས་པའི་གྱོད་དོན་ལ་ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་ཞིབ་དང་པོ་བྱས་ཏེ། ཞུ་སྦྱོར་ཕྱི་མ་ཡུས་ཧྭ་དབྱིན་གྱིས་བྱིས་པ་བསླུས་འཚོང་གི་ནག་ཉེས་བསགས་པས་སྲོག་ཐོག་གཏོང་རྒྱུ་དང་། ཚེ་གང་རིང་ཆབ་སྲིད་དབང་ཆ་འཕྲོག་རྒྱུ་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་གཏོང་རྒྱུའི་ཁྲིམས་ཐག་བཅད་པ་རེད།





来源:西藏日报藏文媒体

编辑:拉姆

责编:巴桑旺堆

编审:旦增晋美



噶尔县融媒体中心
传递权威信息、提供及时资讯、展现多彩噶尔!(互联网新闻信息服务许可证编号:54120230074)
 最新文章