ལོ་མཇུག་ཏུ་ལས་ཀ་འདི་དག་ང་ཚོ་ཚང་མས་མི་བརྗེད་པ་བྱེད་དགོས།

政务   2024-11-27 12:27   西藏  




འབྲེལ་ཡོད་སྨྱན་སྦྱོར་ཚན་པ་ནས་ཤེས་རྟོགས་བྱུང་གསལ། 2024ལོ་མཇུག་བར་ཟླ་བ་གཅིག་ལྷག་ཙམ་ལས་མི་འདུག ལོ་རྙིང་པ་རྫོགས་ནས་གསར་པ་བསུ་བའི་སྐབས་སུ། དོན་དག་ཁག་གཅིག་བརྗེད་པ་ཡིན་ན་རང་ཉིད་ལ་རྙོག་དྲ་བཟོ་སྲིད་པས། གཤམ་གྱི་དོན་དག་འདི་ཚོ་ལྷན་རྒྱས་ཚོས་མ་བསྙེལ་པ་གནང་རྒྱུའི་དྲན་སྐུལ་ཞུ་རྒྱུ་ཡིན། 


གཅིག གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་དུས་ཐོག་ཏུ་འཇལ་དགོས།


2025ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་འཇལ་བའི་ལས་དོན་སྤེལ་འགོ་ཚུགས་ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་ནི་སྤྱིར་ན་ལོ་རེར་ཐེངས་རེ་འཇལ་དགོས་པ་དང་། ལོ་མཇུག་ཏུ་སླེབས་སྐབས་ས་ཆ་མང་པོ་ཞིག་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་འཇལ་བའི་དུས་ཚོད་ཐིམ་ལ་ཉེ་བ་དང་ས་ཁུལ་ཁག་གི་གྲོན་དངུལ་འཇལ་བའི་དུས་ཚོད་ཅུང་མི་འདྲ་བས། དེར་དོ་སྣང་མང་ཙམ་གནང་དགོས།


གཉིས།   སྨན་བཅོས་འགན་བཅོལ་དུས་ཐོག་ཏུ་རྩིས་ཞུ་བྱེད་དགོས།

ལོ་མཇུག་ལ་སླེབས་སྐབས། ས་ཆ་མང་པོ་ཞིག་ཏུ་གཅིག་སྡུད་ཐོག་ལོ་དེའི་ཁེ་ལས་ཀྱི་ལས་བཟོ་དང་རྒན་ཡོལ་ཞུས་པའི་མི་སྣའི་སྨན་བཅོས་འགན་བཅོལ་དངུལ་རྩིས་ཞུ་བྱེད་ཀྱི་ཡོད། 


སྨན་བཅོས་འགན་བཅོལ་དངུལ་རྩིས་ཞུའི་ཐེབས་རྩ་བདེ་འཇགས་ལྡན་པ་ཡོང་བའི་ཆེད་དུ། རང་རྒྱལ་གྱི་ས་ཆ་ཁག་གིས་ཡུལ་གཞན་དུ་སྨན་བཅོས་བྱས་པའི་འགན་བཅོལ་དངུལ་རྩིས་ཞུ་བྱེད་པར་དུས་བཀག་བཟོས་ཡོད། ས་ཆ་ཁག་གི་གནས་ཚུལ་འདྲ་གི་མེད་པས་རྩིས་ཞུའི་དུས་བཀག་ཀྱང་འདྲ་གི་མེད། འོན་ཀྱང་སྤྱིར་བཏང་བྱས་ན་ཟླ་6ནས་ལོ་གཅིག་བར་གྱི་དུས་བཀག་བཟོས་ཡོད། 


གསུམ། ལས་ཤོར་མི་སྣས་ད་དུང་དངུལ་འདི་ལེན་ཆོག་གི་འདུག

《ལས་ཤོར་འགན་བཅོལ་སྲོལ་ཡིག》ལྟར་ན། གཤམ་གྱི་ཆ་རྐྱེན་འཛོམས་པའི་ལས་ཤོར་མི་སྣས་ལས་ཤོར་འགན་བཅོལ་དངུལ་ལེན་ཆོག་པ་སྟེ། 

(གཅིག)གཏན་འབེབས་གཞིར་བཟུང་ལས་ཤོར་འགན་བཅོལ་ནང་ཞུགས་པ་དང་ལས་མི་གནས་སའི་ལས་ཁུངས་དང་མི་སྒེར་གྱིས་གཏན་འབེབས་གཞིར་བཟུང་གྲོན་དངུལ་འཇལ་ནས་ལོ་གཅིག་སོང་བ།  


(གཉིས)རང་གི་འདོད་མོས་མིན་པའི་འོག་ཏུ་ལས་ཀ་ཤོར་བ། 


(གསུམ)ལས་ཤོར་ཐོ་འགོད་བྱས་པ་མ་ཟད། ལས་ཀ་འཚོལ་འདོད་ཡོད་པ་བཅས་སོ།


ལས་ཤོར་མི་སྣས་ཐོབ་ཐང་ལག་ཁྱེར་རམ་ཡང་ན་སྤྱི་ཚོགས་འགན་སྲུང་གཱ་ཁྱེར་ནས་ཡུལ་དེའི་ལས་ཞུགས་ཞབས་ཞུའི་སྒྲིག་གཞིའམ་ཡང་ན་སྤྱི་ཚོགས་འགན་བཅོལ་སྒྲུབ་གཉེར་སྒྲིག་གཞིར་རེ་འདུན་ཞུ་ཆོག 



往期回顾

牧业合作社的一日之晨


那曲全体党员干部请注意!

好消息!

记 者:仓 果

编 辑(一审):德庆拉泽

责 编(二审:秦     瑶

审 核(三审:戴 青 霞


扫码关注

那曲融媒
我们站在海拔4500米的世界屋脊,站的高,看得远。用心书写那曲、用情点亮那曲、用生命守护那曲。让草原的热情,牧人的真诚穿越时空,呈现给世界一个和谐、文明、团结、进步、欣欣向荣的新那曲。
 最新文章