ཁྲུང་ཁྲུང་སྐེ་ནག་དང་འབྲེལ་བ་ཡོད་པའི་ཞབས་བྲོར་གཟིགས།

政务   2024-11-24 20:27   西藏  


ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་སྨྲི་ཏི་ཁ་ཤང་ནི་སྐད་གྲགས་ཡོད་པའི་སྨྲི་ཏི་ཁ་འདམ་རའི་མངའ་ཁོངས་སུ་གནས་ཡོད། ཡུལ་དེ་གའི་ཡུལ་ལྗོངས་ལྟ་ན་སྡུག་པ་མ་ཟད། དེ་ནི་ཁྲུང་ཁྲུང་སྐེ་ནག་གི་ཁྱིམ་གཞིས་ཀྱང་རེད། ཉེ་བའི་ལོ་ཤས་རིང་། སྨྲི་ཏི་ཁ་འདམ་རའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ཡག་པོ་བྱུང་བའི་དབང་གིས་ལོ་རེ་ལས་མ་འདས་པར་དེ་གར་ཁྲུང་ཁྲུང་སྐེ་ནག་གི་ཁ་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ལ་ཕ་ཡུལ་གྱི་བརྩེ་བ་ཟབ་པས་ས་གནས་དེ་གའི་ལས་བྱེད་མང་ཚོགས་ཚོས་འདི་ལོ་ཚིག་རྩོམ་རྒྱུ་དང་འཁྲབ་ཁྲིད་བྱ་རྒྱུ། འཁྲབ་སྟོན་བྱ་རྒྱུ་བཅས་ཚང་མ་རང་གིས་འགན་འཁུར་གསར་གཏོད་བྱས་པའི་ཁྲུང་ཁྲུང་སྐེ་ནག་གི་ཞབས་འབྲོ་ཞིག་བརྩམས་ཡོད་པ་དང་དེ་ནི་སྨྲི་ཏི་ཁ་ཤང་གི་མཛེས་སྡུག་ལྡན་པའི་མིང་བྱང་ཞིག་ཏུ་གྱུར་ཡོད་པ་རེད།    


翻 译:索朗曲珍

编 辑(一审):索朗曲珍

责 编(二审:国  吉

审 核(三审索  朗

扫码关注

那曲融媒
我们站在海拔4500米的世界屋脊,站的高,看得远。用心书写那曲、用情点亮那曲、用生命守护那曲。让草原的热情,牧人的真诚穿越时空,呈现给世界一个和谐、文明、团结、进步、欣欣向荣的新那曲。
 最新文章