གྲོང་ཁྱེར་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་ཤུགས་ཀྱི་……

政务   2024-11-25 19:46   西藏  

གྲོང་ཁྱེར་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་ཤུགས་ཀྱི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་67.68ཟིན་པ།

ཉེ་འཆར། གསར་འགོད་པར་ནག་ཆུ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ནག་ཆུ་གྲོང་ཁྱེར་གྱིས་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་སྐབས། གྲོང་ཁྱེར་ཡོངས་ཀྱི་མི་འབོར་ཁྱབ་ཚུལ་དང་རང་བྱུང་ཁོར་ཡུག་གི་དོན་དངོས་དང་ཟུང་འབྲེལ་གང་ལེགས་བྱས་ནས། རྒྱལ་ཁབ་ཀྱི་གློག་དྲ་ཁྱབ་རྒྱ་ཆེ་རུ་ཧུར་ཐག་གཏོང་བ་དང་། ས་གནས་དེ་གའི་སྐྱེ་ཁམས་དོ་སྙོམས་དང་དཔལ་འབྱོར་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པས། མི་དམངས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་སྤུས་ཚད་ལེགས་སུ་ཏན་ཏིག་ཕྱིན་པ་དང་ནུས་རྒྱུ་གཙང་མའི་གློག་གཏོང་དང་དེའི་ལེ་ལག་ཚང་བའི་གློག་དྲའི་སྒྲིག་བཀོད་འཛུགས་སྐྲུན་ཚང་མར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

ཟླ་9པའི་ཟླ་མཇུག་བར། ནག་ཆུ་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མའི་གློག་ཤུགས་ཀྱི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་67.68ཟིན་ནས་གློག་དྲ་གྲོང་ཚོ(གྲོང་ལྷན)499ལ་ཁྱབ་པ་དང་། སྒྲིག་སྦྱོར་བྱེད་བཞིན་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་87.5ཟིན་གྱི་ཡོད། ནུས་རྒྱུ་གཙང་མའི་དྲ་ཞུགས་གློག་འབོར་ཆུ་ཚོད་ཆན་ཝ་དུང་ཕྱུར་5.9ཟིན་པ་དེ་དུས་མཚུངས་ལས་43.29%འཕར་བ་དང་། ཕྱིར་གཏོང་གློག་འབོར་ཆུ་ཚོད་ཆན་ཝ་ཁྲི་9058.8ཟིན་པ་དེ་དུས་མཚུངས་ལས་11.63%འཕར་བ། སྤྱི་ཚོགས་ཡོངས་ཀྱིས་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་6.2ཟིན་པ་དེ་དུས་མཚུངས་ལས་31.95%འཕར་ཡོད།


ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་རང་ངོས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་འོད་གློག་དང་རླུང་གློག་སོགས་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། ནུས་རྒྱུ་གཙང་མའི་ཕྱོགས་བསྡུས་གསར་སྤེལ་ལ་ཚད་བརྒལ་གསར་པ་བྱུང་ཡོད། ནུས་རྒྱུ་གཙང་མའི་འཛུགས་སྐྲུན་ལ་ཐོབ་པའི་གསར་གཏོད་ཀྱི་གྲུབ་འབྲས་མང་པོ་ལས་ནུས་རྒྱུ་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་གྱི་གཞི་ཁྱོན་ཆེ་རུ་ཕྱིན་པ་མ་ཟད། ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་ཀྱང་གསར་པ་བསྣན་ཡོད། གཞན་ཡང་། ནག་ཆུ་གྲོང་ཁྱེར་གྱིས་ད་དུང་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་དང་ས་འོག་ཚ་ནུས་ཀྱི་དྲོད་རླངས་མཁོ་འདོན་ཧུར་ཐག་བྱས་ནས། དྲོད་རླངས་མཁོ་འདོན་ཐེངས་གཅིག་གི་མདོང་དྲར་དྲོད་ཚད་90℃ལས་མི་ཉུང་བ་མཁོ་འདོན་བྱེད་པ་དང་། ཚ་ནུས་མཁོ་འདོན་བྱས་རྗེས་ཀྱི་ས་འོག་གི་ཆུ་ཚ་པོ་100%ལྡོག་འདྲེན་ཐུབ་སྟེ་ཁོར་ཡུག་གཙང་མ་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་གསར་སྤེལ་ལ་འགན་ལེན་བྱས་ཡོད། ན་ནིང་ལོ་མཇུག་ཏུ་གསེར་རྙེད་ཆུས་ནག་ཆུ་གྲོང་རྡལ་གྱི་ས་འོག་ཚ་ནུས་ཞིང་སའི་གྲོང་ཁྱེར་གྱི་དྲོད་རླངས་མཁོ་འདོན་རྣམ་གྲངས་དངོས་སུ་སྤྱོད་འགོ་ཚུགས་པ་དེ་ནི་ནག་ཆུ་གྲོང་ཁྱེར་དུ་ས་འོག་ཚ་ནུས་ཀྱི་དགུན་དུས་དྲོད་རླངས་མཁོ་འདོན་བྱེད་ཐེངས་ཐོག་མ་དེ་རེད། དེ་དང་ཆབས་ཅིག་གསེར་རྙེད་ཆུས་ལྷོ་རྒྱུད་གྲོང་གསར་གྱི་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་རླངས་མཁོ་འདོན་གྱི་ཚོད་ལྟའི་རྣམ་གྲངས་ལའང་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་པ་རེད།

往期回顾

看!他们跳起黑颈鹤之舞!


年度考核结果公示!

全市接待游客201.17万次!

记 者:仓 果

编 辑(一审):德庆拉泽

责 编(二审:秦     瑶

审 核(三审:戴 青 霞


扫码关注


那曲融媒
我们站在海拔4500米的世界屋脊,站的高,看得远。用心书写那曲、用情点亮那曲、用生命守护那曲。让草原的热情,牧人的真诚穿越时空,呈现给世界一个和谐、文明、团结、进步、欣欣向荣的新那曲。
 最新文章