གཟིགས་དང་། ཁག་ཅིག་གི་ཐོབ་ཐང་ལག་ཁྱེར་བརྗེ་པོ་རྒྱག་དགོས་ཀྱི་འདུག

政务   2024-11-26 14:40   西藏  

འབྲེལ་ཡོད་སྨྱན་སྦྱོར་ཚན་པ་ནས་ཤེས་རྟོགས་བྱུང་གསལ། ཉེ་འཆར། རྒྱལ་ཡོངས་ས་གནས་ཁག་ཅིག་གི་སྤྱི་བདེ་ལས་ཁུངས་ཀྱིས་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཐེངས་དང་པོ་སྤྲད་པའི་དུས་ཡུན་ལོ་༢༠བེད་སྤྱད་ཆོག་པའི་ཁག་གཉིས་པའི་གྲོང་མིའི་ཐོབ་ཐང་ལག་ཁྱེར་གྱི་དུས་ཚོད་ཡོལ་ལ་ཉེ་བས། ད་ནི་ལག་ཁྱེར་བརྗེ་བའི་དུས་ཚོད་ལ་སླེབས་འདུག འོ་ན་ཐོབ་ཐང་ལག་ཁྱེར་དེ་ཇི་ལྟར་བརྗེ་དགོས། 

ཐོབ་ཐང་ལག་ཁྱེར་གྱི་དུས་ཚོད་ཐིམས་ཡོད་ཚེ་ནམ་ཞིག་ལ་བརྗེ་དགོས་སམ། 

རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་ཐོག་གི་དུས་བཀག་དུས་ཚོད་གསལ་པོ་བལྟས་རྫེས། གྲོང་མི་རྣམས་ཀྱིས་ཐོབ་ཐང་ལག་ཁྱེར་གྱི་དུས་ཡུན་མ་ཐིམས་གོང་གི་ཟླ་༣ནང་བརྗེ་པོ་རྒྱབ་ཆོག་པ་དང་། ཞིང་ཆེན་ཁག་གཅིག་གིས་གྲོང་མིའི་ཐོབ་ཐང་ལག་ཁྱེར་བརྗེ་པའི་དུས་ཚོད་རིང་དུ་བཏང་ཡོད་ལ། དུས་བཀག་མ་སླེབས་གོང་གི་ཟླ་༦ནང་བརྗེ་པོ་རྒྱག་རྒྱུའི་རེ་ཞུ་བྱས་ཆོག

དྲན་སྐུལ་ཞུ་རྒྱུར།

ཐོབ་ཐང་ལག་ཁྱེར་གཉེར་བའི་དུས་ཚོད་ནི་ཉིན་༡༠ནས་༢༥བར་ཡིན་པ་དང་། བརྗེ་པོ་རྒྱག་དགོས་པའི་གྲོང་མིས་རང་ཉིད་ཀྱི་གནས་ཚུལ་ལ་གཞིགས་ནས། ཐོབ་ཐང་ལག་ཁྱེར་གྱི་དུས་ཚོད་མ་ཐིམས་གོང་གི་ཟླ་༡ནས་༢ནང་དུ་བརྗེ་པོ་རྒྱབ་ཆོག

ཐོབ་ཐང་ལག་ཁྱེར་རེ་ཞུ་ཇི་ལྟར་བྱེད་དགོས།

ད་ཆ་གྲོང་མིའི་ཐོབ་ཐང་ལག་ཁྱེར་དེ་རྒྱལ་ཡོངས་ཁྱོན་དུ་བཟོ་ཐུབ་པ་དང་། ཐེམ་ཐོ་ཡོད་སར་བསྡད་མེད་པའི་གྲོང་མིས་རང་ཉིད་དང་ཐག་ཉེ་སའི་མངགས་གཏོང་ཁང་དུ་བསྐྱོད་ནས། ཕྱོགས་བསྡུས་སྟེགས་བུའི་ལས་སྒྲུབ་ཁང་དུ་ཐོབ་ཐང་ལག་ཁྱེར་བརྗེ་བའི་རེ་ཞུ་བྱས་ནས་བརྗེ་པོ་རྒྱབ་ཆོག

གྲོན་དངུལ་བསྡུ་བའི་ཚད་གཞི།

དུས་ཚོད་ཐིམས་པའི་གྲོང་མིའི་ཐོབ་ཐང་ལག་ཁྱེར་བརྗེ་ལེན་བྱེད་པའི་གྲོན་དངུལ་ནི་ལག་ཁྱེར་རེར་སྒོར་༢༠ཡིན་པ་དང་། གྲོང་མིའི་ཐོབ་ཐང་ལག་ཁྱེར་བོར་བརླག་སོང་བའམ་ཡང་ན་ཆག་སྐྱོན་ཤོར་བ་རྣམས་ཁ་གསབ་བྱས་ན་ལག་ཁྱེར་རེར་སྒོར་༤༠ཡིན།

ཐོབ་ཐང་ལག་ཁྱེར་གསར་པ་དེ་ཇི་ལྟར་ལེན་དགོས།

སྤྱི་བདེ་ལས་ཁུངས་ཀྱིས་ལག་ཁྱེར་བཟོས་ཚར་རྗེས། ཁ་པར་ཨང་གྲངས་བརྒྱུད་ནས་འཕྲིན་ཐུང་བསྐུར་སྲིད་ལ། དེ་ནས་ཐོབ་ཐང་ལག་ཁྱེར་བདག་སྤྲོད་བྱེད་སའི་ཐེམ་ཐོ་ལས་སྒྲུབ་ཁང་ནས་བླངས་ཆོག

ཡང་ན་ཐོབ་ཐང་ལག་ཁྱེར་ཁྱིམ་དུ་སྦྲག་སྲིད་བརྒྱུད་ནས་བསྐུར་དགོས་པའི་གྲོང་མི་ཚོས་ཐོབ་ཐང་ལག་ཁྱེར་གསར་པ་བཟོས་བའི་ཉིན་དེའི་དགོང་མོའི་ཆུ་ཚོད་༢༢:༠༠གོང་ལ་རེ་ཞུ་བྱས་ཆོག་པ་དང་། བསྐུར་གླ་རང་ཉིད་ཀྱིས་སྤྲོད་དགོས། 

ཐོབ་ཐང་ལག་ཁྱེར་བཟོ་བར་པར་རྒྱག་སྐབས་ངེས་པར་དུ་ཤེས་དགོས་པ་ནི།    

ཐོབ་ཐང་ལག་ཁྱེར་བརྗེ་ལེན་བྱེད་སྐབས་པར་གསར་པ་རྒྱག་དགོས་པ་དང་།   པར་དེ་ཞྭ་མོ་གྱོན་མེད་པའི་ཚོན་ཁྲ་ཅན་ཡིན་དགོས།   པར་རྒྱག་སྐབས་ངེས་པར་དུ་ལུས་པོ་དང་མགོ་དྲང་པོར་སྡོད་དགོས།   

པར་རྒྱག་སྐབས་དོ་སྣང་བྱེད་དགོས་པ་འདི་ལྟར།

༡.ལས་གོས་མི་གྱོན་པ་དང་།    གོང་བ་མཐོ་ཞིང་སྐེ་མེད་པའི་གྱོན་ཆས་མི་གྱོན་པ།    མདོག་སྣུམ་པའི་གྱོན་ཆས་གྱོན་དགོས་ལ།   མདོག་དཀར་པོ་སོགས་ཀྱི་གྱོན་ཆས་གྱོན་མི་རུང་།  

༢.རྒྱུན་དུ་མིག་ཤེལ་རྒྱག་མཁན་རྣམས་ཀྱིས་མིག་ཤེལ་རྒྱག་དགོས།     

༣.མཛེས་བཟོ་ཤུགས་ཆེན་བྱས་མི་ཆོག་པ་དང་། སྐྲ་ཚོས་བྱུག་མི་ཆོག 

༤.གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་པ་ཕུད།    སྐྱེས་པ་རྣམས་ཀྱིས་ཁ་སྤུ་མཐུག་པོ་བཞག་མི་ཆོག 

༥.ཞྭ་མོ་མི་གྱོན་པ་དང་རྒྱན་ཆ་མི་འདོགས་པ།     

༦.པར་རྒྱག་དུས་ཡག་ཤོས་བྱུང་ན་རྣ་ཅོག་དང་སྨིན་མ་ཕྱིར་མངོན་དགོས།    

གྲོང་ཁྱེར་ཁག་ཅིག་གིས་ཐོབ་ཐང་ལག་ཁྱེར་གྱི་འདྲ་པར་སོ་སོས་རྒྱབ་ཆོག་པ་དང་། དཔེར་ན་ཧྲང་ཧའེ་དང་།    ཧུའུ་པེ་ལྟ་བུ།    འོན་ཀྱང་པར་རྒྱག་པའི་ཆ་རྐྱེན་ལ་ངེས་པར་དུ་བརྩི་སྲུང་བྱེད་དགོས། 

གྲོང་མིའི་ཐོབ་ཐང་ལག་ཁྱེར་གྱི་དུས་ཚོད་ཡོལ་པ་ཡིན་ན། གནམ་གྲུའི་སྤ་སེ་དང་།    མེ་འཁོར་སྤ་སེ།  ཉེན་འགོག་སྤ་སེ་སོགས་ཉོ་མི་ཐུབ་པར་མ་ཟད། མགྲོན་ཁང་དུ་སྡོད་པ་དང་།    དངུལ་རྩའི་གསོག་དངུལ་སོགས་ཀྱི་ལས་སྒོ་ལའང་ཤུགས་རྐྱེན་ཐེབས་སྲིད། རང་ཉིད་ཀྱི་ལས་ཀ་དང་འཚོ་བ་ལ་ཤུགས་རྐྱེན་མི་ཡོང་ཆེད་ཚང་མས་ངེས་པར་དུ་དོ་སྣང་བྱ་དགོས། དེ་བས་ཁྱེད་ཀྱི་ཐོབ་ཐང་ལག་ཁྱེར་གྱི་དུས་བཀག་ཡོལ་ཡོད་མེད་བལྟ་དགོས་པ་དང་། ཡོལ་ཡོད་ན་ངེས་པར་དུས་ཐོག་ཏུ་བརྗེ་པོ་རྒྱག་དགོས། 


往期回顾

身份证54开头的,赶紧自查!


准考证开始打印了!

警惕!西藏又发生一起

记 者:仓 果

编 辑(一审):德庆拉泽

责 编(二审:秦     瑶

审 核(三审:戴 青 霞


扫码关注


那曲融媒
我们站在海拔4500米的世界屋脊,站的高,看得远。用心书写那曲、用情点亮那曲、用生命守护那曲。让草原的热情,牧人的真诚穿越时空,呈现给世界一个和谐、文明、团结、进步、欣欣向荣的新那曲。
 最新文章