མགྱོགས་པོ་གཟིགས་དང་། སྲིད་ཇུས་གསར་པ་ཞིག་ཐོན་འདུག

政务   2024-11-24 18:28   西藏  
མགྱོགས་པོ་གཟིགས་དང་། ཞིང་པ་ལས་མི་གྲོང་ཁྱེར་དུ་གཞིས་ཆཊ་པ་དང་འབྲེལ་བའི་སྲིད་ཇུས་གསར་པ་ཞིག་ཐོན་འདུག
བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ནས་ཤེས་རྟོགས་བྱུང་གསལ། ཉེ་ཆར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་གྱིས《ཞིང་པ་ལས་མིའི་ཞབས་ཞུ་འགན་ལེན་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)མཉམ་འབྲེལ་ཐོག་པར་འགྲེམ་བྱས་ནས། ཞིང་པ་ལས་མི་སྤུས་ཚད་མཐོ་ལ་གང་ལེགས་ངང་ལས་ཞུགས་ཐུབ་རྒྱུར་སྔར་བས་སྐུལ་འདེད་གཏོང་བ་དང་། ཞིང་པ་ལས་མི་གྲོང་མི་ཅན་དུ་འགྱུར་བའི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
《བསམ་འཆར》ནང་ཞིང་པ་ལས་མི་ལས་ཞུགས་བརྟན་པོ་དང་རྒྱ་ཆེར་གཏོང་རྒྱུ་དང་། ཕྱིར་ལས་ཞུགས་དང་ས་ཆ་དེ་རང་དང་ཐག་ཉེ་སར་ལས་ཞུགས་བྱ་རྒྱུ་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཐབས་མང་མཉམ་སྤྱོད་ཀྱིས་ཞིང་པ་ལས་མིའི་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་དགོས། ས་ཆ་དང་། དངུལ་རྩ། ཁྲལ་བསྡུ་སོགས་ཀྱི་སྲིད་ཇུས་ལེགས་འགྱུར་བྱས་ནས། ཞིང་པ་ལས་མི་ཕ་ཡུལ་དུ་ལོག་ནས་ལས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་དགོས། ཞིང་པ་ལས་མིའི་ལས་ཀ་འཚོལ་བའི་འདོད་པ་དང་རྩལ་ནུས་གསོ་སྦྱོང་གི་དགོས་མཁོར་དམིགས་ནས་ལས་རིགས་ཁེ་ལས་དང་། སློབ་གླིང་དང་སློབ་གྲྭ སྤྱི་པའི་དངོས་སྦྱོང་རྟེན་གཞི་སོགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ཞིང་པ་ལས་མིའི་རྩལ་ནུས་ཆེ་རུ་གཏོང་དགོས། ལས་ཞུགས་རོགས་སྐྱོར་གྱི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། དབུལ་གྲོལ་མི་འབོར་གྱི་ལས་ཞུགས་གཏན་འཇགས་ཡོང་བར་བྱེད་དགོས་ཞེས་གསལ་པོ་བསྟན་ཡོད།
《བསམ་འཆར》ནང་ཞིང་པ་ལས་མིའི་ངལ་རྩོལ་འགན་ལེན་གྱི་ཁེ་དབང་སྲུང་སྐྱོང་བྱེད་པ་དང་། ཁེ་ལས་ཀྱིས་ངལ་རྩོལ་གན་རྒྱ་དང་། ངལ་ནུས་མངགས་གཏོང་། ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་སྲུང་སྐྱོང་སོགས་ཀྱི་འབྲེལ་ཡོད་ལམ་ལུགས་ལ་བརྩི་སྲུང་ཞུ་རྒྱུར་ལྟ་སྐུལ་བྱེད་པ། ཁེ་ལས་ཀྱི་མི་སྤྱོད་དོ་དམ་ཚད་ལྡན་དུ་གཏོང་བ་བཅས་བྱེད་དགོས། གླ་ཕོགས་ཆད་འགྱངས་རྩ་བཅོས་བྱེད་པའི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཞིང་པ་ལས་མིའི་གླ་ཕོགས་རྩོད་གཞི་མྱུར་གཅོད་ཁང་དང་ཞིང་པ་ལས་མིའི་བཅའ་ཁྲིམས་རོགས་སྐྱོར་གྱི་སྟབས་བདེའི་བགྲོད་ལམ་སོགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཞིང་པ་ལས་མིའི་ངལ་རྩོལ་ཐོབ་ཆ་སོགས་ཀྱི་ཁེ་དབང་ཁྲིམས་ལྟར་འགན་སྲུང་བྱེད་དགོས། ཞིང་པ་ལས་མིའི་རྒན་གསོ་དང་། སྨན་བཅོས། ལས་ཤོར།ལས་རྨས་སོགས་ཀྱི་སྤྱི་ཚོགས་འགན་བཅོལ་ནང་ཞུགས་པར་སྐུལ་འདེད་བཏང་ནས། ཁོང་ཚོའི་སྤྱི་ཚོགས་འགན་བཅོལ་ཁེ་དབང་སྲུང་སྐྱོང་བྱ་དགོས་ཞེས་ནན་སྟོན་གནང་ཡོད།
《བསམ་འཆར》ནང་གྲོང་ཁྱེར་དུ་སྐྱོད་པའི་ཞིང་པ་ལས་མིར་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ལོངས་སྤྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་གཞིས་ཆགས་པའི་ཚོད་འཛིན་སྔར་བས་ལྷུག་ཏུ་གཏོང་བ། གྲོང་ཁྱེར་དུ་གཞིས་ཆགས་འདོད་ཡོད་པའི་ཞིང་པ་ལས་མི་གྲོང་ཁྱེར་དང་གྲོང་རྡལ་དུ་གཞིས་ཆགས་རྒྱུར་སྐུལ་འདེད་གཏོང་བ། གྲོང་ཁྱེར་དུ་གཞིས་ཆགས་པའི་ཞིང་པ་ལས་མིའི་ཁྲིམས་མཐུན་གྱི་ས་ཆའི་ཁེ་དབང་འགན་ལེན་བཅས་བྱེད་དགོས།  གྲོང་མི་གསར་པ་གསོ་སྦྱོང་བྱས་ཏེ་མཉམ་ཁྲིད་བུ་ཕྲུག་ལ་སློབ་གསོའི་འགན་སྲུང་དང་སྡོད་ཁང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་པ་ལས་མིར་ས་ཆ་དེ་རང་དང་ཐག་ཉེ་སར་གཞི་རྩའི་སྤྱི་པའི་ཞབས་ཞུ་ལོངས་སྤྱོད་ཐུབ་པར་སྐུལ་འདེད་གཏོང་བ། ཆ་རྐྱེན་འཛོམས་པའི་ཞིང་ལས་ཀྱི་སྤོ་སྒྱུར་མི་འབོར་རྣམས་སྤྱི་ཚོགས་ཀྱི་སྐྱོབ་རོགས་བྱེད་ཁོངས་སུ་འཇུག་པ། ཞིང་པ་ལས་མིར་སེམས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐོག་ནས་ཞིང་པ་ལས་མི་གྲོང་ཁྱེར་དུ་འདྲེས་པར་སྐུལ་སྤེལ་དང་། ཞིང་པ་ལས་མི་གྲོང་མི་ཅན་དུ་འགྱུར་བའི་སྤུས་ཚད་མཐོ་རུ་གཏོང་དགོས་ཞེས་བཏོན་ཡོད།
《བསམ་འཆར》ནང་སྡེ་ཚན་མང་པོའི་སྟོབས་ཤུགས་སྤྱི་འདོམས་བྱས་ནས་ཞིང་པ་ལས་མིའི་ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་། ཞིང་པ་ལས་མིར་བྱ་བ་དངོས་སྒྲུབ་པའི་གསལ་ཐོའི་ལམ་ལུགས་ཁྱབ་གདལ་གཏོང་བ། ཞིང་པ་ལས་མིའི་ཏང་འཛུགས་སྐྱོང་ལ་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། གཏན་འབེབས་གཞིར་བཟུང་། ཞིང་པ་ལས་མི་ཕུལ་བྱུང་དང་ཞིང་པ་ལས་མིའི་ལས་དོན་ཁྲོད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་རྩ་འཛུགས་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། 

往期回顾

ཀྲེ་ཅང་གི་མཚོ་ལུག་ནག་ཆུ་གྲོང་ཁྱེར་དུ་གསོ་སྤེལ་བྱེད་ཐུབ་འདུག


职称评审结果公示!

祝贺!那曲1人拟获全国表彰!

记 者:仓果

编 辑(一审):索朗曲珍

责 编(二审:仓 果

审 核(三审:索 朗


扫码关注

那曲融媒
我们站在海拔4500米的世界屋脊,站的高,看得远。用心书写那曲、用情点亮那曲、用生命守护那曲。让草原的热情,牧人的真诚穿越时空,呈现给世界一个和谐、文明、团结、进步、欣欣向荣的新那曲。
 最新文章