ཕ་མའི་དུང་སེམས་ཀྱི་གཞས་ཆུང་། གཞས་པ། ཟླ་འོད།

文摘   2025-01-20 22:22   四川  


ཕ་མའི་དུང་སེམས་ཀྱི་གཞས་ཆུང་།

ཚིག རིག་འཛིན་ཚེ་འཕེལ།

གཞས་པ། ཟླ་འོད།

  ཕ་མའི་དུང་སེམས་ཀྱི་གཞས་ཆུང་།


དྲིན་ཕ་ལོ་སེམས་ཀྱི་སྐར་ཆེན་ཡིན།།

དྲིན་མ་ལོ་སྙིང་གི་ཟླ་བ་ཡིན།།

སེམས་བྱམས་ལྡན་ཕ་མའི་ངང་ཚུལ་ཡིན།།

ཁྱེད་ཕ་མའི་བྱམས་སྐྱོང་རིན་ཐང་བྲལ།།


ཟས་སྦྲང་དཀར་རྩམ་པ་ཨ་ཕའི་སྦྱིན།།

ནུ་འོ་མ་དཀར་པོ་ཨ་མའི་བསྣུན།།

དྲིན་ཕ་མའི་ཞལ་གསུང་གདམས་ངག་ཡིན།།

སེམས་དམར་ཆུང་བུ་ཕྲུག་ཕྱོགས་སུ་ཤོར།།


དྲིན་ཕ་མའི་མ་བཅོས་བརྩེ་བ་ནི།།

དུང་ཟླ་བའི་འོད་ཀྱི་བསིལ་འཇམ་རེད།།

དྲིན་ཕ་མ་ཉི་མའི་སྐུ་ཚབ་རེད།།

བློ་དྲང་མོ་ལྷག་བསམ་རྣམ་དག་རེད།།


དྲིན་ཕ་མའི་ལམ་སྟོན་སྒྲོན་མེ་ཡིན།།

མགོན་སངས་རྒྱས་ཐོབ་པ་ཕ་མའི་དྲིན།།

དྲིན་ཕ་མའི་ལྷག་པའི་དྲིན་ཆེན་མེད།།

དྲིན་ཕ་མ་ནམ་མཁའི་ཉི་མ་ཡིན།།


སེམས་ཡ་ཆུང་དཀྱིལ་ན་བསླབ་བྱ་ཡོད།།

བསླབ་རྒན་གྱི་མ་བསླབ་ཨ་ཕའི་བསླབ།།

དྲིན་ཨ་མའི་གནང་བའི་དྲོད་ཁོལ་འདི།།

དྲིན་མ་ལོའི་སེམས་ཀྱི་བརྩེ་བ་ཡིན།།


2025-1-28–ཉིན་རིག་འཛིན་ཚེ་འཕེལ་ནས།






慈爱光家
བྱམས་བརྩེའི་འོད་ཁྱིམ།
 最新文章