༄༅། །ཉང་གཏེར་བླ་མ་དམར་ཁྲིད་ཀྱི་ཞལ་གདམས་ཞུས་ལན་སྐོར།
མངའ་བདག་ཉང་ཉི་མ་འོད་ཟེར་གྱི་གཏེར་མ།
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་གསུངས།
དག་དང་མ་དག་ཞིང་ཁམས་རབ་འབྱམས་ཀྱི་ཁྱོན་དུ། །
མི་དང་མི་མིན་བྱ་སོགས་མ་ངེས་པའི་གཟུགས་ཀྱིས། །
འཇམ་མགོན་བླ་མས་འགྲོ་དོན་མཛད་པ་ཡི་དྲུང་དུ། །
བདག་ཀྱང་འབྲལ་མེད་འཁོད་པའི་དགེ་ལེགས་ལ་སྨོན་ནོ། །