བསྟོད་ཚིག་སེམས་ཀྱི་རོལ་མོ།
ཚིག མཁན་མོ་རིག་འཛིན་ཆོས་སྒྲོན།
གཞས་མ། མཚོ་མོ།
བདེ་ལྡན་གཡུ་ལོའི་ཞིང་གི།
མ་གཅིག་རྗེ་བཙུན་སྒྲོལ་མས།།
མཐའ་མེད་དུཿ ཁས་མནར་བའི།།
འགྲོ་བའི་སྣང་ཚུལ་མཐོང་ཚེ།།
རྗེས་ཆགས་ཐུགས་ཀྱིས་མ་བཟོད།།
མགོན་མེད་འགྲོ་ལ་འཕྲེང་བཞིན།།
ལས་སྨོན་དར་ཐག་བརྒྱུད་ནས།།
སྐྱོབ་པའི་མགོན་དུ་ཕེབས་ཡོད།།
བསོད་ནམས་འོད་དཀར་བརྒྱུད་ནས།།
མཚན་དཔེའི་ཞལ་བཟང་མཇལ་བྱུང་།།
སྨིན་གྲོལ་བདུད་རྩིའི་ཆབ་རྒྱུན།།
མྱོང་བའི་སྐལ་བ་ལྡན་ཚེ།།
དགའ་སྐྱིད་ལྷ་ཡི་མེ་ཏོག།
སེམས་ཀྱི་དཔལ་དུ་བཞད་དེ།།
དྲིན་ཚོར་ཡིད་ཀྱི་གདུང་བ།།
སྙིང་གི་བུམ་པར་འཁྱིལ་བྱུང་།།
སྐྱབས་གཅིག་ཡིད་བཞིན་ནོར་བུའི།།
བྱིན་རླབས་གངས་རིའི་ཆབ་རྒྱུན།།
ཁྱེད་ཐུགས་རྒྱ་མཚོར་འདྲེས་པའི།།
མུ་མེད་ཡེ་ཤེས་མཚོ་མོ།།
ང་ཅག་སློབ་བུའི་མགོན་དུ།།
སྐུ་ཚེ་བསྐལ་བརྒྱར་བརྟན་ནས།།
མཛད་འཕྲིན་ཉི་ཟླའི་འོད་སྣང་།།
ཀུན་ཏུ་ཁྱབ་པའི་སྨོན་ལམ།།
འཕྲིན་སྟེགས་འདི་ལ་དོ་ཁུར་བྱེད་རོགས།