དཔལ་རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོའི་ཞབས་བརྟན་གསོལ་འདེབས།

文摘   2025-01-31 08:03   西藏  

བདག་ཅག་རྣམས་ཀྱི་གཙུག་གི་ནོར་བུ། 

རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྗེ་བཙུན་བླ་མ་དམ་པ།

འདུལ་འཛིན་ཆོས་ཀྱི་རྒྱལ་མོ་དཔལ་མུ་མེད་ཡེ་ཤེས་མཚོ་མོའི་འཁྲུངས་སྐར་བསུ། 




བདག་ཀྱང་སྐྱེ་བའི་ལུས་རྟེན་འདི་ཉིད་དུ།།   

ཡེ་ཤེས་མཁའ་འགྲོས་འབྲལ་མེད་རྗེས་བཟུང་ཞིང་།།    

དམ་ཆོས་སྒྲོན་མེའི་འོད་སྣང་དཀར་པོ་ལ།།     

འགལ་རྐྱེན་རླུང་གིས་གཡོ་འགུལ་མེད་པ་དང་།།

 སྟོང་གཟུགས་སྒྱུ་མའི་ལུས་འདི་རྗེ་བའི་ཉིན།།

གནས་ཡུལ་མཁའ་འགྲོའི་གཙོ་མོ་ཁྱེད་ཉིད་ཀྱིས།།  

ནུབ་ཕྱོགས་བདེ་ལྡན་དག་པའི་ཞིང་ཁམས་ཀྱི།།

མཚུངས་མེད་བླ་མའི་དྲུང་དུ་ཁྲིད་པར་ཤོག།


慈爱光家
བྱམས་བརྩེའི་འོད་ཁྱིམ།
 最新文章