ཐུབ་བསྟན་ཕུན་ཚོགས་ལགས་ནི་མིང་དོན་མཚུངས་པའི་རྒྱལ་སྤྱིའི་བོད་རིག་པའི་སྡེ་ན་མཚན་སྙན་འབར་བའི་རིག་པ་སྨྲ་བ་ཆེན་མོ་ཞིག་ཡིན་ཞིང་། ཁོང་གིས་བགྲང་ལོ་སུམ་ཅུ་ལྷག་གི་རིང་ལ་མི་རིགས་སློབ་གསོའི་ལས་འགན་ཕྲག་ཏུ་བཞེས་ཏེ་བོད་མདོ་དབུས་ཁམས་གསུམ་གྱི་སྐལ་ལྡན་སློབ་བུ་མང་པོ་གསོ་སྐྱོང་གནང་ཡོད་པ་ཙམ་དུ་མ་ཟད། འོད་སྟོང་འབར་བའི་བོད་ཀྱི་རིག་གནས་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་འཛམ་གླིང་ཧྲིལ་པོའི་ཁྱོན་དུ་དར་ཁྱབ་བྱུང་བར་མཛད་འཕྲིན་རླབས་ཆེར་སྐྱོང་བཞིན་ཡོད།
ཐུབ་བསྟན་ཕུན་ཚོགས་ལགས་དང་ཐོག་མར་མཇལ་སྐབས་ཁོང་གི་སྒྲ་དག་ཅིང་གདངས་གསལ་བའི་དབྱིན་སྐད་དང་གོན་པའི་ཆ་ལུགས་ལས་ང་ཚོ་ལ་ཕྱི་གླིང་པ་ཞིག་ཡིན་པའི་སྣང་བ་སྟེར་སྲིད་མོད། འོན་ཏེ་དོན་དུ་ཁོང་ནི་དཀར་མཛེས་ཁུལ་སྡེ་དགེ་རྫོང་དཔལ་སྤུངས་གྲོང་རྡལ་དཔལ་སྟོད་རུ་ཁག་གི་འབྲོག་ཁྱིམ་དཀྱུས་མ་ཞིག་ནས་ཐོན་པའི་འབྲོག་ཕྲུག་རྣལ་མ་ཞིག་ཡིན།
དཀའ་སྡུག་གི་ལམ་ཕྲན་བརྒྱུད་ནས་ཤེས་རིག་གི་མེ་ཏོག་འཐུ་བ།
། 1955ལོའི་ཟླ་བ་2པའི་ཚེས་7ཉིན། ཐུབ་བསྟན་ཕུན་ཚོགས་ལགས་མདོ་ཁམས་སྡེ་དགེ་རྫོང་གི་དཔལ་སྤུངས་གྲོང་རྡལ་དཔའ་སྟོད་རུ་ཁག་གི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐུ་འཁྲུངས། བྱིས་དུས་ཀྱི་ཐུབ་བསྟན་ཕུན་ཚོགས་ལ་ཆ་མཚོན་ན་ཁྱིམ་ཚང་དབུལ་པོ་ཡིན་ཞིང་སློབ་གྲྭར་འགྲོ་བའི་ཆ་རྐྱེན་མེད་པས་ལོ་བརྒྱད་ཀྱི་རིང་ལ་ཨ་ཕོ་ལུག་རྫིའི་མིང་བྱང་ཁུར་ཏེ་སྒོ་ཕྱུགས་དང་ར་ལུག་གི་རྗེས་བསྙེགས་ནས་དུས་ཚོད་འདས། རང་ལོ་བརྒྱད་ཀྱི་སྟེང་དུ་ཕ་མ་གཉིས་ཀྱིས་ཁོང་ཡུལ་དེའི་དཔོན་རུ་ཚེ་རྣམ་ཀྱི་སྐུ་མདུན་དུ་བོད་ཡིག་སློབ་པར་མངགས།
།
ཁོང་ཆུང་བྱིས་པའི་དུས་ནས་ཤེས་རབ་ཀྱི་མཐུ་རྣོ་ལ་སྤྱང་གྲུང་འཛོམས་ཤིང་། བརྩོན་འགྲུས་ཀྱི་སྤོབས་པ་ཆེ་ལ་རིག་གནས་ལ་དུངས་པའི་བྱིས་པ་ཡ་རབས་ཤིག་ཡིན་པས། ལོ་གཅིག་གི་དུས་ཡུན་ལས་མ་དགོས་པར་བོད་སྐད་ཡིག་གི་རྩ་བའི་ཤེས་བྱ་ཡོད་ཚད་བྱང་ཆུབ་པར་སྦྱངས། དེ་དུས་དམངས་ཁྲོད་དུ་ཧ་ཅང་དར་ཁྱབ་ཆེ་བའི་གླིང་གེ་སར་རྒྱལ་པོའི་སྒྲུང་ཡུལ་སྡེའི་མི་སེར་རྣམས་ལ་གྱེར་འདོན་བྱས་པར་མི་ཀུན་གྱིས་བསྟོད་པའི་མཐེ་བོང་བསྒྲེངས། སྐབས་འགར་གྲོང་སྡེར་ཨ་མཆོད་དུ་སོང་བ་དང་ཡོན་ཏན་དཔལ་བཟང་གི་མདུན་ནས་གཏོ་མདོས་ཡས་གླུད་སྐོར་ཡང་བྱང་ཆུབ་པར་བསླབས།
།
། 1964ལོར་དཔལ་སྤུངས་སུ་གྲོང་གསེབ་ཀྱི་སློབ་གྲྭ་ཞིག་བཙུགས་པས་དགེ་རྒན་ཕིང་ལགས་ཀྱི་དྲུང་ནས་རྒྱ་ཡིག་ཡིག་འབྲུ་བཅུ་ཕྲག་ཙམ་སྦྱངས་རྗེས་རིག་གསར་གྱི་མཁའ་དབུགས་གང་སར་ཁྱབ་པས་ཁོང་ཉིད་ཀྱིས་སླར་ཡང་མུ་མཐུད་དུ་ཨ་ཕོ་ལུག་རྫིའི་མིང་བྱང་ཁུར་དགོས་བྱུང་། ཡིན་ནའང་ལས་ཞོར་དུ་ཁོམ་པ་ཡོད་ཚེ་མུ་མཐུད་དུ་བོད་ཀྱི་རིག་གནས་ལ་སློབ་སྦྱོང་བྱས་ཤིང་དཀའ་སྡུག་དང་འཁྱག་ལྟོགས་ཀྱིས་གཙེས་པའི་ལོ་ཟླའི་ནང་དུ་ཀ་ཁར་དུངས་པའི་སེམས་པ་དེ་རྩ་བ་ནས་འབོར་མ་མྱངས། དེ་རྗེས་ལྷ་རྗེ་ཡོན་ཏན་ཕུན་ཚོགས་དང་མཇལ་བས་ཁོ་རང་ལ་སྨན་སྦྱོང་འདོད་ཆེན་པོ་ཞིག་སྐྱེས་ནས་སྨན་བསླབ་པའི་རེ་བ་ཡང་ཡང་ཞུས་པར་བརྟེན་ལྷ་རྗེས་ཀྱང་མོས་མཐུན་གནང་ཞིང་རྩ་མདོ་ཆུ་མདོ་སོགས་བསླབས།དེ་ནས་མུ་མཐུད་དུ་མཁས་དབང་ཐང་བླ་ཚེ་དབང་དང་སྐྱབས་ཆེན་ཕན་བདེ་སོགས་སློབ་དཔོན་མང་པོ་བསྟེན་ནས་སུམ་རྟགས་དག་གསུམ་དང་སྒྲ། བོད་ཀྱི་ལོ་རྒྱུས། སྙན་ངག ཚད་མ། མངོན་བརྗོད། སྡེབ་སྦྱོར། སྤྱོད་འཇུག དབུ་ཕར་འདུལ་མཛོད། བྲིས། རི་མོ་དང་གསང་སྔགས་ཀྱི་ཆོས་སྐོར་སོགས་བསླབས་ཏེ་ས་གནས་དེར་ཅུང་སྙན་གྲགས་ལྡན་པའི་མཁས་པ་ཆུང་ཆུང་ཞིག་དང་མི་དམངས་ལ་ཕན་ཐོགས་ཆེ་བའི་སྨན་པ་ཆུང་ཆུང་ཞིག་ཏུ་གྱུར། ཐུབ་བསྟན་ཕུན་ཚོགས་ཀྱི་སྨན་པའི་ལག་རྩལ་དང་ནད་པར་བཅངས་པའི་རྣམ་འགྱུར། སྨན་གྱི་ཕན་ནུས་སོགས་ཤེས་རྗེས་ནད་པ་མང་པོ་ཉིན་ལམ་གཅིག་ཙམ་གྱི་རིང་ནས་ཁོང་གི་རྩར་སྨན་བསྟེན་སར་ཡོང་བཞིན་ཡོད།
།
སྤྱི་ལོ་1975ལོར་དཔལ་སྤུངས་ཡུལ་ཤོག་འཕྲོད་བསྟེན་ལས་ཁུངས་ཀྱི་མཉམ་འབྲེལ་སྨན་ཁང་འཛུགས་སྐབས་ཁོ་རང་རྐང་རྗེན་སྨན་པར་བཞག དེ་ནས་བཟུང་ཁོང་གིས་སྨན་པ་དངོས་ཀྱི་མིང་ཐོག་ནས་སྔོན་རྗེས་སུ་ལོ་བདུན་ཙམ་གྱི་རིང་ལ་ཡུལ་ཤོག་དེའི་གྲོང་སྡེ་ཁག་གི་ནད་པ་ཧ་ལམ་ཁྲི་གཅིག་ཙམ་ལ་སྨན་བཅོས་བྱས་པ་དང་ཞོར་དུ་རྒྱ་སྨན་ཡང་ཕྲན་བུ་བསླབས།སྤྱི་ལོ་1982ལོ་ནི་ཁོང་ལ་མཚོན་ན་མི་ཚེའི་དཀྱོགས་མཚམ་ཤིག་སྟེ་ལོ་དེར་སྡེ་དགེ་རྫོགས་ཆེན་དུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་འཛུགས་པའི་གཏམ་སྙན་ཐོས་པས་ཁོང་ལ་ཕྱོགས་མང་པོ་ནས་བཀག་འགོག་ཐེབས་ཀྱང་སྨན་པའི་ལས་དོན་བསྐྱུར་ཏེ་བོད་ཡིག་སློབ་གྲྭར་རིག་པ་དོན་དུ་གཉེར་བར་ཕེབས། ཐོག་མར་སློབ་གྲྭ་དེར་ཟུར་ཞུགས་ཟླ་བ་བཞི་ཙམ་བྱས་རྗེས་ལོ་དེའི་ཟླ་བདུན་པར་ཕུལ་ཏུ་བྱུང་བའི་རྒྱུགས་འབྲས་བླངས་ཏེ་དངོས་ཞུགས་སློབ་མར་གྱུར། སྐབས་དེར་སློབ་གྲྭ་འདི་ཐོག་མར་བཙུགས་པ་ཡིན་སྟབས་ཆ་རྐྱེན་ཧ་ཅང་ཞན་ཞིང་སྡོད་ས་རས་གུར་དང་། ཟ་རྒྱུ་རྩམ་པ་ཁོ་ན་ཡིན་ཞིང་ལོ་གཅིག་གི་ནང་ཚོད་མ་ཐེངས་གཅིག་ཀྱང་བཟའ་རྒྱུ་རྙེད་དཀའ།གློག་སྒྲོན་མེད་ལ་སློབ་ཁང་ཡང་གུར་ཆུང་ཞིག་ལས་མེད་སྟབས་ནམ་རྒྱུན་གངས་འཁྱག་ནང་སྐྱིལ་ཀྲུང་དུ་བསྡད་ནས་སློབ་ཁྲིད་ལ་ཉན་དགོས་པའི་དུས་ཚོད་ཧ་ཅང་མང་། ཐུབ་བསྟན་ཕུན་ཚོགས་སློབ་གྲྭར་ཞུགས་ནས་ཡུན་རིང་མ་སོང་བར་སྤྱིར་ཁོ་རང་སྔོན་ནས་རིག་གནས་ཀྱི་རྨང་གཞི་བཟང་སྟབས་ཟུར་ཁྲིད་པར་བསྐོས། སྤྱི་ལོ་1982ལོ་ནས་སྤྱི་ལོ་1986ལོའི་བར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་སློབ་སྦྱོང་བྱེད་པའི་ཞོར་དུ། ལོ་རིམ་82པའི་གསོ་རིག་འཛིན་གྲྭ་གཉིས་པར་སློབ་ཁྲིད་བྱེད་པའི་འགན་དང་དུ་བླངས། སྤྱི་ལོ་1982ལོར་དར་མདོ་དགེ་འོས་སློབ་གྲྭར་ཕྱིན་ནས་བོད་ཡིག་དགེ་རྒན་ཟབ་སྦྱོང་པ་རྣམས་ལ་སུམ་རྟགས་དང་། སྙན་ངག་སོགས་ཀྱི་སློབ་ཁྲིད་བྱས། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་སློབ་སྦྱོང་བྱས་པའི་བགྲང་ལོ་བཞིའི་རིང་དུ་ཁོང་གིས་དགེ་བའི་བཤེས་གཉེན་བཅུ་ཕྲག་ལྷག་ཙམ་བསྟེན་ནས་བོད་ཀྱི་བཅུ་ཕྲག་རིག་གནས་ལ་སློབ་སྦྱོང་མཐར་ཕྱིན་པ་གནང་བར་གཡུར་དུ་ཟ་བའི་སྦྱངས་འབྲས་ཐོབ།
།སྤྱི་ལོ་1986ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་མཐར་ཕྱིན་ཏེ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ནང་ལས་བགོས་བྱས་པ་དེ་ནི་ཐུབ་བསྟན་ཕུན་ཚོགས་ཀྱི་མི་ཚེའི་ཁ་ཕྱོགས་འགྱུར་མཚམས་ཤིག་དང་རྗེས་མའི་ལས་དོན་ལ་ཁ་ལོ་བསྒྱུར་བའི་གོ་སྐབས་ཤིག་ཏུ་གྱུར། ཁོང་གིས་ནན་ཏན་གྱིས་སློབ་ཁྲིད་བྱས་པ་དང་ཞོར་དུ་མུ་མཐུད་ནས་རྒྱ་ཡིག་དང་དབྱིན་ཡིག་ལ་ནན་ཏན་གྱིས་སྦྱངས་ཤིང་བོད་ཀྱི་རིག་གནས་དང་ལོ་རྒྱུས་ལ་ཞིབ་འཇུག་བྱ་བའི་འགོ་བརྩམས། ད་དུང་པེ་ཅིན་སློབ་གྲྭ་ཆེན་མོའི་ནང་དུ་གནའ་རྫས་རྟོག་དཔྱོད་རིག་པར་ཟབ་སྦྱོང་བཅས་བྱས་ནས་རང་ཉིད་ཀྱི་ཤེས་ཡོན་ཡར་རྒྱས་ཡོང་བར་བརྩོན་པ་ཆེན་པོ་བྱས། ཁོས་སློབ་མ་ཚོའི་འདོད་མོས་ལྟར་སྒྲ་སྙན་སྨན་རྩིས་སོགས་སློབ་ཁྲིད་བགྱིས་པ་མ་ཚད་བོད་རིག་པ་གླིང་གི་སློབ་དཔོན་གཞོན་པ་དང་། འབུམ་རམས་པའི་སློབ་སྟོན་པ། བོད་སྨན་ཞིབ་འཇུག་ཁང་གི་འགོ་འཛིན་པ་བཅས་ཀྱི་འགན་དང་དུ་བླངས། ཀྲུང་དབྱང་མི་རིགས་སློབ་ཆེན་ནས་སློབ་ཁྲིད་བྱས་རྗེས་ཀྱི་ཁོམ་ལོང་གི་དུས་ཚོད་བེད་སྤྱོད་ནས་རྒྱ་ཡིག་དང་དབྱིན་ཇི། བོད་ཀྱི་ལོ་རྒྱུས། སྐར་རྩིས། བོད་ཀྱི་གསོ་བ་རིག་པ་སོགས་ཀྱི་ཕྱོགས་ལ་ཞིབ་འཇུག་གཏིང་ཟབ་བྱས།ད་དུང་ཁོར་ཡུག་དང་ཚེ་སྲོག་ཞིབ་འཇུག་སློབ་གླིང་དུ་བོད་ཀྱི་གསོ་རིག་འཛིན་གྲྭ་ཐེངས་དང་པོ་བཙུགས་ཤིང་གསོ་རིག་སློབ་ཁྲིད་བྱས། 2012ལོར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་རུ་ལས་གནས་སྤོས་ཤིང་ད་སྐབས་ཞིབ་འཇུག་སློབ་མའི་འཛུབ་སྟོན་དགེ་རྒན་དང་འབུམ་རམས་པའི་འཛུབ་སྟོན་དགེ་རྒན་ཆེན་མོའི་འགན་ཅིག་ལྕོགས་སུ་བཞེས་ཡོད།
།ཕན་པའི་མཛད་བཟང་འབྲས་བུ་ཁུར་གྱིས་དུད།
། སྡུག་རུས་ཅན་གྱི་སོ་ནམ་པར། །ཁུར་གྱིས་དུད་པའི་འབྲས་བུ་ལྕི། །ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་ལོ་མང་པོའི་རིང་ལ་བོད་ཀྱི་ལོ་རྒྱུས་དང་རིག་གནས་སྤྱིའི་དོན་ཆེ་ཕྲ་གང་ཞིག་ཡིན་རུང་ཚད་མའི་རིགས་ལམ་དྲང་མོས་ལེགས་ཉེས་ལ་བརྡར་ཤ་ནན་མོ་བཅད་པ་དང་། རིས་མེད་ཀྱི་ལངས་ཕྱོགས་བརྟན་པོའི་ཐོག་ནས་རང་ཉིད་ལ་ཐུན་མིན་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་ལྟ་བ་ཞིག་ཆགས་ཡོད། ཁོང་གིས་ལོ་བཅོ་ལྔ་ཙམ་གྱི་རིང་དུ་བསྟན་བཅོས་དེབ་མང་པོ་བརྩམས་ཡོད་པ་ལས། 《བོད་ཀྱི་སུམ་རྟགས་ཀྱི་དྲིས་ལན་དུས་མིག་རྩེ་མོ།》《སྐར་རྩིས་རིན་ཆེན་སྙིང་པོ།》 《བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེའུ་མིག》 《གསོ་རིག་སྙིང་ནོར་གཅེས་བསྡུས།》 《བོད་སྨན་གྱི་འབྱུང་བའི་རྫས་རིགས་ཀྱི་རྣམ་བཤད།》 [དབྱིན་ཡིག] 《ཟླ་བའི་གོ་ལའི་སླ་གཟུགས་ཀྱི་རྣམ་བཤད།》 [རྒྱ་ཡིག་བོད་ཡིག་ཏུ་བསྒྱུར་བ།]《བོད་ཡིག་ཚིག་གཏེར་རྒྱ་མཚོ།》[བོད་ཡིག་ཚིག་མཛོད།]《རྩོམ་སྒྲིག་ལེགས་གྲུབ།》བཅས་ནི་ཀློག་པ་པོ་རྣམས་ཀྱིས་དགའ་བསུ་ཆེན་པོ་བྱེད་པའི་དཔེ་ཆ་རུ་གྱུར་ཡོད། སྤྱི་ལོ་1973ནས་1980ལོའི་བར་ཁོང་གིས་ལོ་ཐོ་ཐེངས་བདུན་ཕབ་པ་དང་། ཕྱིས་སུ་ཡང་ལོ་ཐོ་ཐེངས་མང་ཕབ་ནས་ཁ་ཤས་དབྱིན་ཡིག་སོགས་ལའང་བསྒྱུར་ཡོད། ད་དུང་ལས་ཞོར་གྱི་དུས་ཚོད་སྤྱད་ནས་བོད་རྒྱ་དབྱིན་གསུམ་གྱི་ཐོག་ནས་བྲིས་པའི་རིག་གཞུང་དཔྱད་རྩོམ་སུམ་ཅུ་ལྷག་རྒྱལ་ཁབ་ཕྱི་ནང་གི་དུས་དེབ་དང་ཚགས་པར་ཐོག་བཀོད་ཡོད་ལ། རྩོམ་ཡིག་ཁ་ཤས་ལ་རྒྱལ་ཁབ་རིམ་པ་དང་རྒྱལ་སྤྱིའི་ཐོག་བྱ་དགའ་ཐོབ་ཡོད། ཁོང་གིས་བརྩམས་པའི་གསོ་རིག་སྐོར་གྱི་དཔེ་དེབ་ཚང་མ་ད་ལྟར་དབྱིན་ཡིག་དང་ཨི་ཐ་ལིའི་ཡིག་ཐོག་ཏུ་བསྒྱུར་ཟིན་པས་ཕྱི་རྒྱལ་གྱི་ཀློག་པ་པོས་ཀྱང་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད།འདས་པའི་ལོ་ངོ་སུམ་ཅུ་ཙམ་གྱི་རིང་དུ་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་སྔ་ཕྱིར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་རུ་སློབ་མ་ཁྲི་ལ་ཉེ་བར་གསོ་སྐྱོང་གནང་མཛད་ཡོད་པ་དང་། སྤྱི་ལོ་1999ལོ་ནས་ད་བར་སློབ་མ་རབ་འབྱམས་པ་བརྒྱ་ཕྲག་ཁ་ཤས་གསོ་སྐྱོང་བྱས་པ་ལས་སྒེར་སྐྱོང་རབ་འབྱམས་པ་བདུན་ཅུ་ལྷག སྤྱི་ལོ་2008ལོ་ནས་ད་བར་སློབ་མ་འབུམ་རམས་པ་བཅུ་གཅིག་དང་འབུམ་རམས་གོང་མའི་སློབ་མ་གཅིག་བཅས་གསོ་སྐྱོང་བྱས་ནས་རྒྱལ་ཁབ་དང་མི་རིགས་ཀྱི་སློབ་གསའི་བྱ་བཞག་ལ་མཛད་རྗེས་ཆེན་པོ་བཞག
། ཐུབ་བསྟན་ཕུན་ཚོགས་ཀྱིས་མི་རིགས་སློབ་གསོའི་བྱ་གཞག་ལ་བཞག་པའི་མཛད་རྗེས་ནི་གངས་རི་ལས་དཔངས་མཐོ་ལ་མཚོ་མོ་ལས་གཏིང་ཟབ་པས་ཕྱི་རབས་རྒྱུད་འཛིན་པ་རྣམས་ཀྱིས་མིག་དཔེ་ལྟ་བུར་གྱུར་ཡོད་པ་ནི་ཅིས་ཀྱང་བསྙོན་དུ་མེད། དེ་མཚུངས་སུ་འོད་སྟོང་འབར་བའི་སྒང་བ་བོད་ཀྱི་རིག་གནས་འདི་འཛམ་གླིང་ཐ་གྲུ་ཀུན་ཏུ་དར་ཁྱབ་གཏང་ཕྱིར་སྔ་རྗེས་སུ་ཨ་རི་དང་། དབྱིན་ཇི། ཨི་ཊ་ལི། སུ་པན། སུ་སི་ལོན་ཊི། ནོར་ཝེ། ཁ་ན་ཏ། མ་ལེ་སིའི་ཡ།ཏེན་མག སུའེ་ཏན། ཐའེ་ལན། འབྲུག་པ། བལ་ཡུལ་བཅས་སུ་ཞབས་ཀྱིས་བཅགས་ཏེ་རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་འདུར་ཐེངས་མང་པོར་བཞུགས་པ་དང་། འཛམ་གླིང་ན་མིང་དུ་གྲགས་པའི་ཨ་རིའི་དབྱིན་ཏིའི་ཡ་ན་སློབ་གྲྭ་ཆེན་མོ་དང་། ཨི་ཐ་ལི་ཞང་ཞུང་རིག་གནས་ཞིབ་འཇུག་ཁང་། ཏེན་མག་ཁོ་ཕེན་ཧ་ཀེན་སློབ་གླིང་སོགས་སློབ་གྲྭ་ཁག་སུམ་ཅུ་ལ་ཉེ་བར་བོད་ཀྱི་གསོ་རིག་དང་། བོད་ཀྱི་ལོ་རྒྱུས། བོད་ཀྱི་སྐད་ཡིག བོད་ཀྱི་ནང་ཆོས་སོགས་ཀྱི་སྐོར་ལ་སློབ་ཁྲིད་བྱས་དང་བྱེད་བཞིན་ཡོད།ཁོང་ཉིད་ཀྱི་ཁྱད་དུ་འཕགས་པའི་བློ་གྲོས་ཀྱི་རྩལ་ལས་འཁྲུངས་པའི་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བགྱིས་པའི་འབྲས་རྟགས་སུ་ལུས་སེམས་འབྲེལ་བའི་རྣམ་བཞག་པེ་ཅིང་གྲོང་ཁྱེར་སྤྱི་ཚོགས་ཚན་རིག་བྱ་དགའ་ཨང་གཉིས་པ་དང་། ངོས་འཛིན་རྟགས་ཀྱི་རྣམ་བཤད་ལ་ཀྲུང་གོ་བོད་རིག་པའི་ཇོ་མོ་གླང་མའི་བྱ་དགའ་ཨང་གཉིས་པ། གསོ་རིག་རྒྱུད་བཞི་དང་འབུམ་བཞིའི་བར་གྱི་འབྲེལ་བར་2000ལོའི་རྒྱལ་སྤྱིའི་བོད་སྨན་གསོ་རིག་བགྲོ་གླེང་གི་ཟངས་ཀྱི་རྟགས་མ། བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག་ལ་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་སྤྱི་ཚོགས་ཚན་རིག་གི་བྱ་དགའ་ཨང་གསུམ་པ་བཅས་ཐོབ། ད་དུང་ཞིབ་འཇུག་གི་ཕྱོགས་ལ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ 211རྒྱལ་ཁབ་སློབ་གཞི།985རྒྱལ་ཁབ་ལས་གཞི་ཁག་ལས་ཕྱི་རྒྱལ་ཡུལ་དུ་བོད་སྐད་བྱེད་སྤྱོད་ཀྱི་སྐོར་ལ་ཞིབ་འཇུག བོད་སྨན་ནང་གི་འབྱུང་བ་ཞིབ་འཇུག་བཅས་ཀྱི་ལས་གཞི་ལེགས་གྲུབ་བྱས་ལ་ད་ལྟར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་ཁམས་བོད་རིག་གནས་ལོ་རྒྱུས་ཞིབ་འཇུག་གི་ལས་གཞི་སྒྲུབ་བཞིན་ཡོད།
ད་ལྟ་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་རྒྱལ་ཁབ་སློབ་གསོ་པུའུ་ཡི་ཆེད་རམས་མཁས་མཛོད་གྲུབ་མི་དང་། རྒྱལ་ཁབ་ཐ་སྙད་ཚད་ལྡན་ཅན་གྱི་གྲངས་ཉུང་མི་རིགས་སྐད་ཡིག་ཡན་ལག་ཚོགས་པའི་ཨུ་ཡོན། རྒྱལ་ཁབ་ཀྱི་བོད་སྐད་བརྡ་ཆད་གསར་སྒྱུར་ཞུ་ཆེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཁབ་སློབ་གསོ་པུའུ་ཡི་ཐེངས་བརྒྱད་པའི་རྒྱལ་ཡོངས་བོད་ཡིག་བསླབ་གཞི་ཞུ་ཆེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། མི་རིགས་དཔེ་སྐྲུན་ཁང་གི་ཆེད་ཞུས་རྩོམ་སྒྲིག་པ། སི་ཁྲོན་ཞིང་ཆེན་མི་རིགས་གསོ་དཔྱད་ཡིག་ཆ་ལེགས་སྒྲིགས་ཆེད་རམས་པའི་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། སི་ཁྲོན་ཞིང་ཆེན་བོད་ཡིག་ཡིག་རྙིང་སྲུང་སྐྱོབ་ལས་ཀའི་ཆེད་རམས་པའི་སྡེ་ཁག་གི་ལས་མི་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད།མདོར་ན་ཁོང་ཉིད་ཀྱིས་བསྒྲུན་དུ་མེད་པའི་མཁྱེན་དཔྱོད་གསེར་གྱི་ཡང་ཞུན་འདི་ཉིད་རྒྱུ་དང་འབྱོར་བ། རྙེད་དང་བཀུར་བསྟིའི་ཆེད་དུ་མ་གཏོང་བར་སྤྱིར་རྒྱལ་ཁབ་ཀྱི་སློབ་གསོའི་བྱ་གཞག་རླབས་པོ་ཆེ་དང་སྒོས་སུ་འཛམ་གླིང་གཙུག་ན་གཞིས་ཆགས་པའི་མི་རིགས་འདི་ཡི་ཆེད་དུ་ཡོད་ཚད་འབུལ་བཞིན་ཡོད་ལ། དུས་མཚུངས་སུ་ལྔ་རིག་འོ་མཚོ་འཕྲེད་ཀྱིས་བཅད་དེ་རྒྱལ་སྤྱིའི་བོད་ཀྱི་རིག་པ་སྨྲ་བའི་སྡེ་རུ་གོམ་ཚུགས་བརྟན་པོ་སྤོས་ནས་མུ་མཐུད་ནས་མདུན་དུ་སྐྱོད་བཞིན་ཡོད་དོ། །
།
སྔོན་མའི་གསུང་བཤད་རྣམས་འོག་གི་ཁ་བྱང་འདེམས་ནས་ཡི་གེ་སྔོན་པོ་འདི་དག་མནན་ཙམ་རེ་གནང་ན་གཟིགས་ཐུབ།
ལས་ཚིག་གི་རྣམ་བཤད་གངས་རིའི་རང་སྒྲ།ཁག་དང་པོ།ཐུབ་བསྟན་ཕུན་ཚོགས།
ལས་ཚིག་གི་རྣམ་བཤད་གངས་རིའི་རང་སྒྲ།ཁག་གཉིས་པ། ཐུབ་བསྟན་ཕུན་ཚོགས།
ལས་ཚིག་གི་རྣམ་བཤད་གངས་རིའི་རང་སྒྲ།ཁག་གསུམ་པ། ཐུབ་བསྟན་ཕུན་ཚོགས།
ལས་ཚིག་གི་རྣམ་བཤད་གངས་རིའི་རང་སྒྲ།ཁག་བཞི་པ། ཐུབ་བསྟན་ཕུན་ཚོགས།
ལས་ཚིག་གི་རྣམ་བཤད་གངས་རིའི་རང་སྒྲ།ཁག་ལྔ་པ། ཐུབ་བསྟན་ཕུན་ཚོགས།
ལས་ཚིག་གི་རྣམ་བཤད་གངས་རིའི་རང་སྒྲ།ཁག་དྲུག་པ། ཐུབ་བསྟན་ཕུན་ཚོགས།
ལས་ཚིག་གི་རྣམ་བཤད་གངས་རིའི་རང་སྒྲ།ཁག་བདུན་པ། ཐུབ་བསྟན་ཕུན་ཚོགས།
ལས་ཚིག་གི་རྣམ་བཤད་གངས་རིའི་རང་སྒྲ།ཁག་བརྒྱད་པ། ཐུབ་བསྟན་ཕུན་ཚོགས།
ལས་ཚིག་གི་རྣམ་བཤད་གངས་རིའི་རང་སྒྲ།ཁག་དགུ་པ། ཐུབ་བསྟན་ཕུན་ཚོགས།
ལས་ཚིག་གི་རྣམ་བཤད་གངས་རིའི་རང་སྒྲ།ཁག་བཅུ་པ། ཐུབ་བསྟན་ཕུན་ཚོགས།
ལས་ཚིག་གི་རྣམ་བཤད་གངས་རིའི་རང་སྒྲ།བཅུ་གཅིག་པ། ཐུབ་བསྟན་ཕུན་ཚོགས།
ལས་ཚིག་གི་རྣམ་བཤད་གངས་རིའི་རང་སྒྲ།བཅུ་གཉིས་པ། ཐུབ་བསྟན་ཕུན་ཚོགས།
རྒན་པོ་བསམ་བཟང་གཏམ་བཤད་གསར་པ། སྒྲ་བརྙན།
མྱི་སྐད་ཉོན་མི་ཤེས་པའི་བོད་རིགས། མཁས་དབང་ཐུབ་བསྟན་ཕུན་ཚོགས།
རྒས་པོ་བསམ་བཟང་སྡོང་གྲོགས།ཆོས་བྲོའི་སྐོར།བསྟན་ཕུན་ཚོགས།
ཕྱི་ནང་དཀྲུག་མཁན་དགེ་བཤེས་རྫུན་མ། མཁས་དབང་ཐུབ་བསྟན་ཕུན་ཚོགས།
སྐྱོན་བརྗོད་ནི་ལྷག་བསམ་གྱི་ལམ་སྟོན་ཡིན།མཁས་དབང་ཐུབ་བསྟན་ཕུན་ཚོགསགངས་ཅན་རིག་བརྒྱའི་ལྡེའུ་མིག་མཁས་དབང་ཐུབ་བསྟན་ཕུན་ཚོགས།
སྒྲ། དཀོན་མཆོག་གསུམ་འཁྲུལ་ངོ་སྤྲོད་པ། ཐུབ་བསྟན་ཕུན་ཚོགས།
སྡེ་དགེའི་རྒྱལ་རབས་ནོར་བ་ལ་བར་དོ་ངོ་སྤྲོད། རྒན་ཐུབ་བསྟན་ཕུན་ཚོགས
མདོ་ཁམས་ཀྱི་མཁས་པ་རྣམས་ལ་བཏང་བ། ཐུབ་བསྟན་ཕུན་ཚོགས།
ཆོས་ལོག་པ་ནི་གོད་སྙིག་བཞིན་དོར་དགོས།མཁས་དབང་ཐུབ་བསྟན་ཕུན་ཚོགས།
བོད་ཀྱི་གསོ་རིག་ཡང་དག་གི་ལོ་རྒྱུས།མཁས་དབང་ཐུབ་བསྟན་ཕུན་ཚོགས།
དུས་རྒྱུན་སྔོ་ཟས་ཅན་ལ་གནོད་སྐྱོན་གང་ཡོད།ཐུབ་བསྟན་ཕུན་ཚོགས།
ཐང་གའི་ལོ་རྒྱུས་མདོར་བསྡུས།མཁས་དབང་ཐུབ་བསྟན་ཕུན་ཚོགས།
བོད་ཀྱི་རི་མོའི་སྐོར་ཀྱི་རྣ་ཚར།མཁས་དབང་ཐུབ་བསྟན་ཕུན་ཚོགས།
ཀར་ཤོད་ཀརྨ་བཀྲ་ཤིས་བཙལ་ཚེ་དཔལ་སྤུང་ལྷ་བཟོ་ཀརྨ་བཀྲ་ཤིས་རྙེད།
ཀར་ཤོད་ཀརྨ་བཀྲ་ཤིས་རྙེད་སོང་།མཁས་དབང་ཐུབ་བསྟན་ཕུན་ཚོགས།
དཔལ་ལུགས་སྒར་བྲིས་འདོག་ཆོག་པའི་ཆ་རྐྱེན།མཁས་དབང་ཀརྨ་རྒྱལ་མཚན།
དཔལ་ལུགས་བཟོས་པའི་ཆ་རྐྱེན་གླེང་བ།བསྡུད་འདུལ།
དཔལ་ལུགས་སྒར་བྲིས་མཚན་ཀྱི་དགེ་མཚན་གླེང་བ།ཀརྨ་རྒྱན་མཚན།
ཀར་ཤོད་ཀརྨ་བཀྲ་ཤིས་སྐུ་ཁྲུས་གསོལ་བ།ཐུབ་བསྟན་ཕན་ཚོགས།
ནམ་མཁའ་བཀྲ་ཤིས་དང་ཀར་ཤོད་ཀར་བཀྲ་གཉིས་ཀྱི་ལོ་རྒྱུས།
གྲྭ་ལོག་གི་རྫུན་ལྕེ་གཅོད་པའི་རལ་གྲི།མཁས་དབང་ཐུབ་བསྟན་ཕུན་ཚོགས།
སི་ཏུའི་སྐྱེས་རབས་དང་འབྲེལ་བའི་གསུང་བཤད།མཁས་དབང་ཀརྨ་རྒྱལ་མཚན།
གྲྭ་ལོག་ཞིག་ལ་བར་དོ་ངོ་སྤྲོད། མཁས་དབང་ཐུབ་བསྟན་ཕུན་ཚོགས།
བོད་ཀྱི་ཐང་ཁ་རི་མོའི་ལོ་རྒྱུས།མཁས་དབང་ཐུབ་བསྟན་ཕུན་ཚོགས།
བླ་གྲྭ་སོགས་ཀྱིས་མི་ལུགས་སློབ་སྦྱོང་གནང་དགོས།ཐུབ་བསྟན་ཕུན་ཚོགས།
རྒྱལ་ཕྱི་ནང་གཉིས་སུ་བཞུགས་པའི་རྙིང་མའི་བླ་ལོག་རྣམས་ལ་གུས་ལན། །
སི་ཁྲོན་མི་རིགས་སློབ་གྲྭའི་ཚན་རིག་ཞིབ་འཇུག་ལས་གཞི་དཀར་ཆག།
རྩོམ་པ་པོའི་དཀའ་ངལ་དང་ལྷག་བསམ།དགེ་བཤེས་ཚེ་རིང་ནོར་བུ།
བོད་རིགས་ལས་བྱེད་རྣམས་ལ་ཆེད་ཞུ། མཁས་དབང་ཐུབ་བསྟན་ཕུན་ཚོགས།
ཞང་ཞུང་རིག་གནས་ཐད་གཏོང་གསུང་བཤད།མཁས་དབང་ཐུབ་བསྟན་ཕུན་ཚོགས།
བོད་ཀྱི་སྨན་པ་དང་ནད་པ་གཉིས་ལ་རེ་འབོད།ཐུབ་བསྟན་ཕུན་ཚོགས།
གྲུབ་མཐའ་རིས་མེད་ཇི་ལྟར་བྱ་ཚུལ། དུང་དཀར་བློ་བཟང་འཕྲིན་ལས།
མི་བཟང་ཕྱོགས་སུ་གཏོང་ཐབས་ཀྱི་ལན་བརྒྱད། བཙན་རལ་གྱིས་བསྒྱུར།
རྒྱལ་སྤྱིའི་གསོ་རིག་ཚོགས་འདུ་སྟེང་གི་དྲིས་ལན།ཐུབ་བསྟན་ཕུན་ཚོགས།
ཨ་ལག་དོར་ཞིའི་མི་ཚེའི་ཉམ་མྱོང་ཕྱོགས་སྡོམ།
གནའ་སྔ་མོ་བོད་ཀྱི“གསར་གཏོད་པ་ཆེན་པོ་བཅུ།
ལྷ་སའི་གནའ་བོའི་ས་མིང་། རྒྱལ་རྩེ་ཤག་མིག་དམར་དོན་འགྲུབ།
གཏེར་རྫུན་སུན་འབྱིན།འབྲི་གུང་དཔལ་འཛིན།
གཏེར་འབྲུག་རྫུན་མའི་བསྐོར་ཀྱི་བགྲོ་གླེང་།བོད་རིག་པ་སྤྱི་བཤད་གླིང་།
བོད་ཀྱི་ལོ་གསར་ངོ་སྤྲོད། མཁས་དབང་ཐུབ་བསྟན་ཕུན་ཚོགས།
མཚན་ཉིད་རིག་པའི་མཐོ་ཚད་ཅིག་ནས་བལྟས་པ། མང་རྒྱན།
དཀོན་མཆོག་ལ་རེ་ནས་ཤི་བ། བསྒྱུར་བ་པོ་ང་སྨྱོན་པ།
རྩོམ་ཡིག་བརྐུ་བའི་སྲོལ་ངན་བསྣུབས་དགོས།མཁས་དབང་ཐུབ་བསྟན་ཕུན་ཚོགས།
ཆོས་ལུཊ་པས་དུ་བ་འཐེན་ཆོག་མིན་བཤད་པ།ཨ་ལག་དོར་ཞི།
ཁྱེད་ཀྱིས་གཡེར་མའི་ཕན་ནུས་འདི་དག་ཨེ་ཤེས།
ཡང་སྙིང་རྟོགས་སད་པ་ཟེར་བ་དེ་གང་འདྲ་རེད།
འཛམ་གླིང་ཡང་རྩེ་ཕ་ཡུལ་སྡེ་དགེ་ཡིན། སྨན་ཟླ་ཟེར།
བཀའ་རྒྱུད་ཚང་ལ་གོ་བརྡ་སྤྲོད་པ། མཁས་དབང་ཐུབ་བསྟན་ཕུན་ཚོགས།
བཻ་རི་འཇིག་མེད་དབང་རྒྱལ་གསུང་རྩོམ།
བོད་ཀྱི་དམངས་སྲོལ་འཕྲོད་བསྟེན་རིག་གནས་ལ་དཔྱད་པ།ཐུབ་བསྟན་ཕུན་ཚོགས
ཕྱོགས་གཙང་དང་བུམ་སྟོང་ཧལ་ཁྱི་རྟག་ཐབ།ཐུབ་བསྟན་ཕུན་ཚོགས།
བཀའ་རྒྱུད་ཚང་ལ་གོ་བརྡ་སྤྲོད་པ། མཁས་དབང་ཐུབ་བསྟན་ཕུན་ཚོགས།
འཁྱོང་རྒྱས་ཟླ་བ་སྒྲོལ་མའི་ལོ་རྒྱུས། མཁས་དབང་བེ་རི།
དབྱངས་ཅན་ལྷ་མོས་འགྲན་པ་དཀའ་བའི་གངས་ལྗོངས་བུ་མོ་ཆོས་དབྱིངས་སྐྱིད།
དབའས་ཡི་རུས་ལ་དཔྱད་པ།ཁག་དང་པོ།
དབའས་ཡི་རུས་ལ་དཔྱད་པ། ཁག་གཉིས་པ།
དབའས་ཡི་རུས་ལ་དཔྱད་པ། ཁག་གསུམ་པ།
དབའས་ཡིས་རུས་ལ་དཔྱད་པ། ཁག་བཞི་པ།
དབའས་ཡི་རུས་ལ་དཔྱད་པ། ཁག་ལྔ་པ།
དབའས་ཀྱི་རུས་ལ་དཔྱད་པ། ཁག་དྲུག་པ།
དབའས་ཡི་རུས་ལ་དཔྱད་པ། ཁག་བདུན་པ།
དབའས་ཡི་རུས་ལ་དཔྱད་པ། ཁག་བརྒྱད་པ།
དབའས་ཡི་རུས་ལ་དཔྱད་པ། ཁག་དགུ་པ།
དབསའ་ཡི་རུས་ལ་དཔྱད་པ། ཁག་བཅུ་པ།
དབའས་ཡི་རུས་ལ་དཔྱད་པ། ཁག་བཅུ་གཅིག་པ།
དབའས་ཡི་རུས་ལ་དཔྱད་པ། ཁག་བཅུ་གཉིས་པ།
སྡེ་དགེའི་རྒྱལ་རབས་ཁམས་གསུམ་ཟིལ་གནོན། ཐུབ་བསྟན་ཕུན་ཚོགས།
སྡེ་དགེའི་རྒྱལ་རབས་ཁམས་གསུམ་ཟིལ་གནོན། ཐུབ་བསྟན་ཕུན་ཚོགས།
སྡེ་དགེའི་རྒྱལ་རབས་ཁམས་གསུམ་ཟིལ་གནོན།།(3)ཐུབ་བསྟན་ཕུན་ཚོགས།
སྡེ་དགེའི་རྒྱལ་རབས་ཁམས་གསུམ་ཟིལ་གནོན།།(4)ཐུབ་བསྟན་ཕུན་ཚོགས།
སྡེ་དགེའི་རྒྱལ་རབས་ཁམས་གསུམ་ཟིལ་གནོན། སྒྲ་༼5༽ཐུབ་བསྟན་ཕུན་ཚོགས།
སྡེ་དགེའི་རྒྱལ་རབས་ཁམས་གསུམ་ཟིལ་གནོན། སྒྲ་༼6༽ཐུབ་བསྟན་ཕུན་ཚོགས།
སྡེ་དགེའི་རྒྱལ་རབས་ཁམས་གསུམ་ཟིལ་གནོན། སྒྲ་༼7༽ཐུབ་བསྟན་ཕུན་ཚོགས།
སྡེ་དགེའི་རྒྱལ་རབས་ཁམས་གསུམ་ཟིལ་གནོན། སྒྲ་༼8༽ཐུབ་བསྟན་ཕུན་ཚོགས།
སྡེ་དགེའི་རྒྱལ་རབས་ཁམས་གསུམ་ཟིལ་གནོན། སྒྲ་༼9 ༽ཐུབ་བསྟན་ཕུན་ཚོགས།
སྡེ་དགེའི་རྒྱལ་རབས་ཁམས་གསུམ་ཟིལ་གནོན།10དང་11།ཐུབ་བསྟན་ཕུན་ཚོགས།
བསྐལ་པ་ཡ་ཐོག་བསྐོར།༼༡༽མཁས་དབང་ཐུབ་བསྟན་ཕུན་ཚོགས།
བསྐལ་པ་ཡ་ཐོག་གི་བསྐོར།༼༢༽སྒྲ།མཁས་དབང་ཐུབ་བསྟན་ཕུན་ཚོགས།
བསྐལ་པ་ཡ་ཐོག་གི་བསྐོར།༼༣༽སྒྲ།མཁས་དབང་ཐུབ་བསྟན་ཕུན་ཚོགས།
བོད་ཀྱི་ལོ་རྒྱུས།༼༤༽ སྒྲ། མཁས་དབང་ཐུབ་བསྟན་ཕུན་ཚོགས།
བོད་ཀྱི་ལོ་རྒྱུས།༼༥༽ སྒྲ། མཁས་དབང་ཐུབ་བསྟན་ཕུན་ཚོགས།
བོད་ཀྱི་ལོ་རྒྱུས།སྒྲ།༼༦༽མཁས་དབང་ཐུབ་བསྟན་ཕུན་ཚོགས།
བོད་ཀྱི་ལོ་རྒྱུས།སྒྲ།༼༧༽མཁས་དབང་ཐུབ་བསྟན་ཕུན་ཚོགས།
བོད་ཀྱི་ལོ་རྒྱུས།སྒྲ།༼༨༽མཁས་དབང་ཐུབ་བསྟན་ཕུན་ཚོགས།
བོད་ཀྱི་ལོ་རྒྱུས།སྒྲ།༩༽མཁས་དབང་ཐུབ་བསྟན་ཕུན་ཚོགས།
བོད་ཀྱི་ལོ་རྒྱུས་སྒྲ། ༼༡༠༽མཁས་དབང་ཐུབ་བསྟན་ཕུན་ཚོགས།
བོད་ཀྱི་ལོ་རྒྱུས་སྒྲ། ༼༡༡༽མཁས་དབང་ཐུབ་བསྟན་ཕུན་ཚོགས།
བོད་ཀྱི་ལོ་རྒྱུས་སྒྲ། ༼༡༡༽མཁས་དབང་ཐུབ་བསྟན་ཕུན་ཚོགས།
བོད་ཀྱི་ལོ་རྒྱུས་སྒྲ། ༼༡༢༽མཁས་དབང་ཐུབ་བསྟན་ཕུན་ཚོགས།
བོད་ཀྱི་ལོ་རྒྱུས་སྒྲ། ༼༡༣༽མཁས་དབང་ཐུབ་བསྟན་ཕུན་ཚོགས།
བོད་ཀྱི་ལོ་རྒྱུས།སྒྲ།༼༡༤༽མཁས་དབང་ཐུབ་བསྟན་ཕུན་ཚོགས།
བོད་ཀྱི་ལོ་རྒྱུས།སྒྲ།༼༡༤༽མཁས་དབང་ཐུབ་བསྟན་ཕུན་ཚོགས།
བོད་ཀྱི་ལོ་རྒྱུས། སྒྲ། ༼༡༥༽མཁས་དབང་ཐུབ་བསྟན་ཕུན་ཚོགས།
བོད་ཀྱི་ལོ་རྒྱུས།སྒྲ།༼༡༦༽མཁས་དབང་ཐུབ་བསྟན་ཕུན་ཚོགས།
བོད་ཀྱི་ལོ་རྒྱུས། སྒྲ།༼༡༧༽མཁས་དབང་ཐུབ་བསྟན་ཕུན་ཚོགས།
བོད་ཀྱི་ལོ་རྒྱུས། སྒྲ།༼༡༨༽ མཁས་དབང་ཐུབ་བསྟན་ཕུན་ཚོགས།
བོད་ཀྱི་ལོ་རྒྱུས།སྒྲ།༼༡༩༽མཁས་དབང་ཐུབ་བསྟན་ཕུན་ཚོགས།
བོད་ཀྱི་ལོ་རྒྱུས།སྒྲ།༼༢༠༽མཁས་དབང་ཐུབ་བསྟན་ཕུན་ཚོགས།
བོད་ཀྱི་ལོ་རྒྱུས།སྒྲ།༼༢༡༽མཁས་དབང་ཐུབ་བསྟན་ཕུན་ཚོགས།
ཆ་ཚང་།
སུམ་རྟག་སློབ་ཁྲིད་ཁག་དང་པོ།མཁས་དབང་ཐུབ་བསྟན་ཕུན་ཚོགས།
སུམ་རྟགས་སློབ་ཁྲིད་ཁག་གཉིས་པ།མཁས་དབང་ཐུབ་བསྟན་ཕུན་ཚོགས།
སུམ་རྟགས་སློབ་ཁྲིད་ཁག་གསུམ་པ།མཁས་དབང་ཐུབ་བསྟན་ཕུན་ཚོགས།
སུམ་རྟགས་སློབ་ཁྲིད་ཁག་བཞི་པ།མཁས་དབང་ཐུབ་བསྟན་ཕུན་ཚོགས།
སུམ་རྟགས་སློབ་ཁྲིད་ཁག་ལྔ་པ།མཁས་དབང་ཐུབ་བསྟན་ཕུན་ཚོགས།
སུམ་རྟགས་སློབ་ཁྲིད་ཁག་དྲུག་པ།མཁས་དབང་ཐུབ་བསྟན་ཕུན་ཚོགས།
སུམ་རྟགས་སློབ་ཁྲིད་ཁག་བདུན་པ།ལ་དོན་མཐའ་དཔྱོད་ཐུབ་བསྟན་ཕུན་ཚོགས།
སུམ་རྟགས་སློབ་ཁྲིད་ཁག་བརྒྱད་པ།མཁས་དབང་ཐུབ་བསྟན་ཕུན་ཚོགས།
སུམ་རྟགས་སློབ་ཁྲིད་ཁག་དགུ་པ།མཁས་དབང་ཐུབ་བསྟན་ཕུན་ཚོགས།
སུམ་རྟགས་སློབ་ཁྲིད་ཁག་བཅུ་པ།མཁས་དབང་ཐུབ་བསྟན་ཕུན་ཚོགས།
སུམ་རྟགས་སློབ་ཁྲིད་ཁག་བཅུ་གཅིག་པ།མཁས་དབང་ཐུབ་བསྟན་ཕུན་ཚོགས།
སུམ་རྟགས་སློབ་ཁྲིད་ཁག་བཅུ་གཉིས་པ།མཁས་དབང་ཐུབ་བསྟན་ཕུན་ཚོགས།
སུམ་རྟགས་སློབ་ཁྲིད་ཁག་བཅུ་གསུམ་པ།མཁས་དབང་ཐུབ་བསྟན་ཕུན་ཚོགས།
སུམ་རྟགས་སློབ་ཁྲིད་ཁག་བཅུ་བཞི་པ།མཁས་དབང་ཐུབ་བསྟན་ཕུན་ཚོགས།
སུམ་རྟགས་སློབ་ཁྲིད་ཁག་བཅོ་ལྔ་པ།མཁས་དབང་ཐུབ་བསྟན་ཕུན་ཚོགས།
སུམ་རྟགས་སློབ་ཁྲིད་ཁག་བཅུ་དྲུག་པ།མཁས་དབང་ཐུབ་བསྟན་ཕུན་ཚོགས།
སུམ་ཅུ་པ་རྫོགས།
ས་བཅད་གཉིས་པ་རྟགས་འཇུག་དང་པོ།མཁས་དབང་ཐུབ་བསྟན་ཕུན་ཚོགས།
རྟགས་ཀྱི་འཇུག་པ་ཁག་གཉིས་པ།མཁས་དབང་ཐུབ་བསྟན་ཕུན་ཚོགས།
རྟགས་ཀྱི་འཇུག་པའི་སློབ་ཁྲིད་ཁག་གསུམ་པ།མཁས་དབང་ཐུབ་བསྟན་ཕུན་ཚོགས།
རྟགས་ཀྱི་འཇུག་པའི་སློབ་ཁྲིད་ཁག་བཞི་པ།མཁས་དབང་ཐུབ་བསྟན་ཕུན་ཚོགས།
རྟགས་ཀྱི་འཇུག་པའི་སློབ་ཁྲིད་ཁག་ལྔ་པ།མཁས་དབང་ཐུབ་བསྟན་ཕུན་ཚོགས།
རྟགས་ཀྱི་འཇུག་པའི་སློབ་ཁྲིད་ཁག་དྲུག་པ།མཁས་དབང་ཐུབ་བསྟན་ཕུན་ཚོགས།
རྟགས་ཀྱི་འཇུག་པའི་སློབ་ཁྲིད་ཁག་བདུན་པ།མཁས་དབང་ཐུབ་བསྟན་ཕུན་ཚོགས།
རྟགས་ཀྱི་འཇུག་པའི་སློབ་ཁྲིད་ཁག་བརྒྱད་པ།མཁས་དབང་ཐུབ་བསྟན་ཕུན་ཚོགས
རྟགས་ཀྱི་འཇུག་པའི་སློབ་ཁྲིད་ཁག་དགུ་པ།མཁས་དབང་ཐུབ་བསྟན་ཕུན་ཚོགས།
རྟགས་ཀྱི་འཇུག་པའི་སློབ་ཁྲིད་ཁག་བཅུ་པ།མཁས་དབང་ཐུབ་བསྟན་ཕུན་ཚོགས།
རྟགས་ཀྱི་འཇུག་པའི་སློབ་ཚན་བཅུ་གཅིག་པ།མཁས་དབང་ཐུབ་བསྟན་ཕུན་ཚོགས
རྟགས་ཀྱི་འཇུག་པའི་སློབ་ཚན་བཅུ་གཉིས་པ།མཁས་དབང་ཐུབ་བསྟན་ཕུན་ཚོགས
རྟགས་ཀྱི་འཇུག་པའི་སློབ་ཚན་བཅུ་གསུམ་པ།མཁས་དབང་ཐུབ་བསྟན་ཕུན་ཚོགས
རྟགས་ཀྱི་འཇུག་པའི་སློབ་ཚན་བཅུ་བཞི་པ།མཁས་དབང་ཐུབ་བསྟན་ཕུན་ཚོགས
རྫོགས།
རང་གི་ཆེད་སྦྱོང་ལ་ཤུགས་སྣོན་དགོས་པའི་སྐོར། ཐུབ་ཕུན།༼ སྒྲ། ༽
ཤཀ་ཐུབ་ལས་གུ་རུ་ལོ་252ཆེ་བའི་འཁྲུལ་སེལ། ཐུབ་བསྟན་ཕུན་ཚོགས།
གྲྭ་བཙུན་སྤྱི་ཚོགས་ཁུར་པོ་རེད། སྒྲ མཁས་དབང་ཐུབ་བསྟན་ཕུན་ཚོགས།
ཐུབ་པའི་ལུགས་ལས་འགལ་ན་ནང་བསྟན་མི་ཟེར།མཁས་དབང་ཐུབ་བསྟན་ཕུན་ཚོགས།
འབོད་སྐུལ། དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས།
གཡུ་ཐོག་ཡོན་ཏན་མགོན་པོའི་འཁྲུངས་འདས་ཀྱི་ལོ་ཚིག་ལ་དཔྱད་པ།
རྩོམ་དབང་དང་བཅའ་ཁྲིམས། མཁས་དབང་ཐུབ་བསྟན་ཕུན་ཚོགས།
བོད་སྐད་ལས་ཚིག་ནོར་འཁྲུལ་ཅན་སྤྱོད་མཁན་རྣམས་ལ། ཐུབ་བསྟན་ཕུན་ཚོགས།
ཐང་ག་ཞིག་གི་ལོ་རྒྱུས་ནག་བསུབ་བཏང་བ།། མཁས་དབང་ཐུབ་བསྟན་ཕུན་ཚོགས།
སྡེ་དགེའི་རྒྱལ་རབ་གསལ་བཤད། མཁས་དབང་ཐུབ་བསྟན་ཕུན་ཚོགས།།
ཁྲག་ཤུགས་མཐོ་བའི་རྒྱུ་རྐྱེན་བསྐོར། མཁས་དབང་ཐུབ་བསྟན་ཕུན་ཚོགས།
ཧི་མ་ལ་ཡའི་དབྱངས་རོལ་ལས་ཡོ་གའི་དབྱངས་ཀྱི་སྐོར།
་伦理学文章平台 མི་ཆོས་རིག་པའི་རྩོམ་ཡིག་འཕྲིན་སྟེགས།
སྐུ་ཉིད་ཀྱིས་ནང་དོན་བརྒྱུད་བསྐུར་དང་འཕྲིན་རྟེགས་ལ་དོ་ཁུར་བྱེད་རོགས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་གི་རིག་གནས་དང་རང་བྱུང་ཤུལ་བཞག་ནི་མིའི་རིགས་ཀྱི་ཤེས་རིག་འཕེལ་རྒྱས་དང་རང་བྱུང་འཕོ་འགྱུར་གྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། ཤེས་རིག་མི་འདྲ་བ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་ཐེབས་པའི་སྒྲོམ་གཞི་གལ་ཆེན་ཞིག་ཡིན། གཅེས་ནོར་རྩ་ཆེན་དེ་དག་ལ་སྲུང་སྐྱོང་ཡག་པོ་དང་། རྒྱུན་འཛིན་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱ་རྒྱུ་ནི་ང་ཚོའི་ཐུན་མོང་གི་འགན་འཁྲི་ཡིན་པ་དང་། མིའི་རིགས་ཀྱི་དཔལ་ཡོན་རྒྱུན་མཐུད་དང་འཛམ་གླིང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་དགོས་ངེས་ཀྱི་བླང་བྱ་ཞིག་ཡིན་ཞེས་གསུངས་ཡོད།
འཇིག་རྟེན་ནི་ཁྱེད་ཚོའི་ཡིན་ལ་ང་ཚོའི་ཡང་ཡིན་མོད། འོན་ཀྱང་མཐར་གཏུགས་ནས་བཤད་ན་ཁྱེད་ཚོའི་རེད། ཁྱེད་ཚོའི་གཞོན་ནུ་རྣམས་ནི་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་ལང་ཚོ་དར་བའི་སྒང་ཡིན་པས། ཞོགས་པའི་ཆུ་ཚོད་བརྒྱད་པ་དང་དགུ་པའི་ཉི་མ་དང་འདྲ། རེ་བ་ཡོད་ཚད་ཁྱོད་ཚོའི་སྟེང་ལ་བཅོལ་ཡོད། 1957ལོ།11.17མའོ་ཙེ་ཏུང་།
世界是你们的,也是我们的,但是归根结底是你们的。你们青年人朝气蓬勃,正在兴旺时期,好像早晨八九点钟的太阳。希望寄托在你们身上。
1957. 11. 17 毛泽东