ཤིང་འབྲུག་ལོའི་ཤིས་བརྗོད་མེ་ཏོག་མཆོད་པ།།རྩོམ་པ་པོ། སྨན་ཟླ་ཟེར།
文摘
文化
2024-02-10 07:01
西藏
གྱེར་འདོན་མཁན། སྨན་ཟླ་ཟེར།
ཤིང་འབྲུག་ལོའི་ཤིས་བརྗོད་མེ་ཏོག་མཆོད་པ།།
དེ་རིང་དགའ་སྐྱིད་འཛོམས་པའི་དུས་ཚོད་འདིར།།གངས་ཅན་བོད་རིགས་སྤུན་ཀྱི་ལོ་སར་རེད།།བཀྲ་ཤིས་ལྷ་བསང་ཨ་སྔོན་དགུང་ལ་འཕྱུར།།ཞིམ་མངར་ཟས་རིགས་སྣ་ཚོགས་རི་ལྟར་སྤུང་།།ཕ་ཁུ་ཨ་མྱེ་བློ་གྲོས་འདབ་སྟོང་བཞད།།དར་མའི་བྱ་བཞག་ལྗོན་པའི་ཡལ་འདབ་རྒྱས།།གཞོན་པའི་ཕུག་བསམ་སྟོན་ཀྱི་འབྲས་བུ་སྨིན།།བྱིས་པའི་སྦྱོང་བརྩོན་ཡར་ངོ་ཟླ་བཞིན་འཕེལ།།མ་སྲུའི་ཤེས་རྒྱ་རི་བོའི་སྤོ་བཞིན་བསྟན།།གཞོན་ནུ་གུས་ལྡན་བྱམས་བརྩེའི་ཆར་རྒྱུན་བསྙིལ།།སྒེག་མའི་གཤིས་འཇམ་ངང་རྒྱུད་ཆུ་ལས་རིང་།།ཁྱིམ་ཚང་དགའ་བདེའི་བཀྲ་ཤིས་དཔལ་འབར་ཤོག།སྟག་ཤར་ཐམས་ཅད་ཚོང་དང་སོ་ནམ་བྲེལ།།མ་དང་བུ་མོ་ཁྱིམ་བསྐྱོང་བུ་ཚ་བརྩེ།།བྱིས་པས་ཤེས་གླིང་ཚལ་ནས་མེ་ཏོག་ཐུས།།མི་ཆོས་འཚོ་གནས་དར་བའི་བཀྲ་ཤིས་ཤོག།དཔོན་ལ་གཞན་ཕན་བསམ་པའི་ངང་གི་ཕྱུགས།།ཡུལ་ལ་མཐུན་བསྒྲིལ་གསེར་ཀྱི་ཨ་ལོང་སྤྲེལ།།ཀུན་ལ་བཀྲ་ཤིས་དགོས་འདོད་ཆར་བཞིན་བབས།།བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དྲུག་ཤོག།ཕྱི་ལ་བཀྲ་ཤིས་དམག་འཁྲུག་མུ་གེ་ཞི།།ནང་ལ་བཀྲ་ཤིས་ནད་ཀྱི་རྒྱུ་འགྲུལ་ཆད།།གསང་བ་བཀྲ་ཤིས་འདོད་དོན་ལྷུན་གྱིས་འགྲུབ།།བོད་ཡུལ་བཀྲ་ཤིས་དགོས་འདོད་ཆར་དུ་བསྙིལ།།འདས་དོན་ཁྲོད་ནས་སྙིག་དོར་བཅུད་ལེན་ཤིང་།།ད་ལྟའི་རྗེས་ལུས་ཁྲོད་ནས་བློ་སྒོ་འབྱེད།།མ་འོངས་འཛམ་གླིང་མི་གྲལ་འགྲིམ་པ་ལ།།བསམ་བློའི་རྟོགས་པ་སད་པའི་བཀྲ་ཤིས་ཤོག།ཕུ་ནས་ཆོས་ལོག་རྒྱ་མཚོ་མ་འཕྱུར་ཤིང་།།མདའ་ནས་གྲུབ་མཐའི་འཁྲུག་གཞིའི་ཟམ་པ་ཆོད།།བར་དུ་བན་བོན་མཚོན་གྱི་རལ་ཁ་ཞི།།དབེན་གནས་འགྲིམ་པའི་དམ་པ་གང་བར་ཤོག།སྟོད་ནས་ཤེས་རིག་མེ་ཏོག་འཇའ་ལྟར་བཀྲ།།བར་དུ་ཆབ་སྲིད་ཆུ་བོའི་གཞུང་ལྟར་རྒྱས།།སྨད་ནས་དཔལ་འབྱོར་མ་དྲོས་ཀླུ་ལྟར་ཕྱུགས།།ཆབ་དཔལ་རིག་གསུམ་དར་རྒྱས་བཀྲ་ཤིས་ཤོག།གཤིས་ལ་བཀྲ་ཤིས་ལོ་ཡག་འབྲས་བཟང་སྨིན།།འབྲོག་ལ་བཀྲ་ཤིས་ཕྱུགས་རིགས་འཕེལ་ཁ་དར།།རོང་འབྲོག་བཀྲ་ཤིས་སྣུམ་སྒྲོ་ཁ་སྤྲོད་ལ།།ནམ་ཡང་འགྱུར་བ་མེད་པའི་བཀྲ་ཤིས་ཤོག།མི་ལ་བཀྲ་ཤིས་རྐྱེན་ངན་མི་མཐུན་ཞི།།ཕྱུགས་ལ་བཀྲ་ཤིས་གཡང་གི་འཕེལ་ཁ་དར།།ཟས་ལ་འཛད་མེད་བཀྲ་ཤིས་རྒྱ་མཚོ་མཁྱིལ།།བཀྲ་ཤིས་ཕྱོགས་བཅུ་ཁྱབ་པའི་བཀྲ་ཤིས་ཤོག།ཡུལ་ལ་བཀྲ་ཤིས་ཆར་ཆུ་དུས་སུ་བབས།།ཞིང་ལ་བཀྲ་ཤིས་ལོ་ཕྱུགས་རྟག་ཏུ་ལེགས།།བང་མཛོད་བཀྲ་ཤིས་འབྲུ་སྲན་སྣ་ལྔས་ཁེངས་།།བོད་ཡུལ་བདེ་ཞིང་སྐྱིད་པའི་བཀྲ་ཤིས་ཤོག།བཀྲ་ཤིས་ནམ་མཁའ་ཀུན་ཏུ་ཁྱབ་པ་དང་།།ཚེ་བསོད་དབང་ཐང་སྟོན་ཟླ་རྒྱས་པ་ཡི།།ཕྱོགས་ཀུན་དགེ་ཞིང་ཤིས་པའི་རྒྱལ་མཚན་ཉིད།།མི་ནུབ་ཡུལ་གྲུ་ཀུན་ཏུ་ཁྱབས་གྱུར་ཅིག།བཀྲ་ཤིས་གངས་ཅན་བོད་ཡུལ་འདིར།།ཐོག་མཐའ་བར་གསུམ་དགེ་གྱུར་ཅིང་།།བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།།ཚེ་བསོད་རླུང་རྟ་དར་བ་ཤོག།།༢༠༢༣-༡-༡ བྲིས་པ་སྐྱར་བཀོད། བོད་ཀྱི་ལོ་སར་ཚེས་གཅིག་ཉིན།
伦理学文章平台 མི་ཆོས་རིག་པའི་རྩོམ་ཡིག་འཕྲིན་སྟེགས།
སྐུ་ཉིད་ཀྱིས་ནང་དོན་བརྒྱུད་བསྐུར་དང་འཕྲིན་རྟེགས་ལ་དོ་ཁུར་བྱེད་རོགས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་གི་རིག་གནས་དང་རང་བྱུང་ཤུལ་བཞག་ནི་མིའི་རིགས་ཀྱི་ཤེས་རིག་འཕེལ་རྒྱས་དང་རང་བྱུང་འཕོ་འགྱུར་གྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། ཤེས་རིག་མི་འདྲ་བ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་ཐེབས་པའི་སྒྲོམ་གཞི་གལ་ཆེན་ཞིག་ཡིན། གཅེས་ནོར་རྩ་ཆེན་དེ་དག་ལ་སྲུང་སྐྱོང་ཡག་པོ་དང་། རྒྱུན་འཛིན་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱ་རྒྱུ་ནི་ང་ཚོའི་ཐུན་མོང་གི་འགན་འཁྲི་ཡིན་པ་དང་། མིའི་རིགས་ཀྱི་དཔལ་ཡོན་རྒྱུན་མཐུད་དང་འཛམ་གླིང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་དགོས་ངེས་ཀྱི་བླང་བྱ་ཞིག་ཡིན་ཞེས་གསུངས་ཡོད།
འཇིག་རྟེན་ནི་ཁྱེད་ཚོའི་ཡིན་ལ་ང་ཚོའི་ཡང་ཡིན་མོད། འོན་ཀྱང་མཐར་གཏུགས་ནས་བཤད་ན་ཁྱེད་ཚོའི་རེད། ཁྱེད་ཚོའི་གཞོན་ནུ་རྣམས་ནི་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་ལང་ཚོ་དར་བའི་སྒང་ཡིན་པས། ཞོགས་པའི་ཆུ་ཚོད་བརྒྱད་པ་དང་དགུ་པའི་ཉི་མ་དང་འདྲ། རེ་བ་ཡོད་ཚད་ཁྱོད་ཚོའི་སྟེང་ལ་བཅོལ་ཡོད། 1957ལོ།11.17མའོ་ཙེ་ཏུང་།
世界是你们的,也是我们的,但是归根结底是你们的。你们青年人朝气蓬勃,正在兴旺时期,好像早晨八九点钟的太阳。希望寄托在你们身上。
1957. 11. 17 毛泽东