གཏེར་སྟོན་གྲྭ་པ་མངོན་ཤེས།
མཚན་གཞན་ཤེས་རབ་རྒྱལ་བའམ་དབང་ཕྱུག་འབར་ཏེ།གྲྭ་ནང་སྐྱེས་ཆེན་བཅུ་གསུམ་གྱི་ནང་ཚན་འདི་ཉིད་བོད་ཆུ་བྱི(༡༠༡༢)ལོར་གྲ་ནང་རྫོང་དཀྱིལ་རུ་ཤང་གནས་སྤོ་ཞེས་པའི་ཁྱིམ་དུ་སྐུ་འཁྲུངས། ཁོང་ནི་ཀླུ་མེས་ཀྱི་མཁན་བུ་ཡིན་ལ།སློབ་དཔོན་རིན་པོ་ཆེས་ལུང་གིས་ཟིན་པའི་གཏེར་སྟོན་ཡང་ཡིན། དགུང་ལོ་ཆུང་ངུའི་དུས་ནས་བསམ་ཡས་ཀྱི་ཆོས་གྲྭར་བྱོན།ཀླུ་མེས་ཀྱི་མཁན་བུ་ཡམ་ཤུད་རྒྱལ་བ་འོད་ལས་རབ་ཏུ་བྱུང༌།མཚན་ཤེས་རབ་རྒྱལ་བར་བཏགས།དེར་འདུལ་བ་ལོ་གཅིག་གསན།རང་གི་ཁུ་བོ་ཞང་སྟོན་ཆོས་འབར་ལས་མདོ་སྔགས་ཀྱི་ཆོས་སྐོར་དང༌།གསོ་བ་རིག་པ།ཕ་དམ་པ་སངས་རྒྱས་ལས་ཞི་བྱེད་སྐོར་དགུཁ་ཆེ་པཎ་ཆེན་ཟླ་བ་མགོན་པོ་ལས་སྦྱོར་དྲུག་གི་གདམས་པ་སོགས་གསན།ཡུལ་གྲ་ལ་འཁྲུངས་པས་གྲྭ་པ་དང༌།ཆོས་མངོན་པ་ལ་མཁྱེན་རྒྱ་རྒྱས་པས་མངོན་ཤེས་ཞེས་གྲགས་པར་གྱུར།ཁྱད་པར་དུ་བསམ་ཡས་དབུ་རྩེའི་བར་ཁང་གི་ཀ་བ་བུམ་པ་ཅན་གྱི་འོག་ནས་གསོ་བ་རིག་པའི་དཔལ་ལྡན་རྒྱུད་བཞིའི་མ་དཔེ་ས་ཕོ་སྟག་ལོ་སྟོན་ཟླ་ར་བའི་ཚེས་བཅོ་ལྔའི་ནམ་ཕྱེད་ཙམ་ལ་གཏེར་ནས་གདན་དྲངས་ཤིང་དཔེ་ལས་བཤུས་ཏེ་ཕྱི་མོ་རང་གནས་སུ་བཞུགས།བུ་དཔེ་ལོ་གཅིག་གསང་སྟེ་ཕྱིས་སུ་ཡར་ལུང་གི་དགེ་བཤེས་ཁུ་སྟོན་དབུས་པ་དར་མ་གྲགས་ལ་གནང༌།དགུང་ལོ་བདུན་ཅུ་པར་གྲ་ནང་མདར་དཔལ་གྲ་ཐང་གི་རྨང་བཏིང༌།དགུང་ལོ་བདུན་ཅུ་དོན་དགུ་པ་རབ་བྱུང་གཉིས་པའི་ལྕགས་རྟ(༡༠༩༠)ལོར་ཞི་བར་གཤེགས་པའི་ཚེ་ཕལ་ཆེར་གྲུབ་པ་ལ།ལྷག་པ་ཅུང་ཟད་ཡོད་པ་རྣམས་དབོན་པོ་འབྱུང་ཤེས་དང་འབྱུང་ཚུལ་གཉིས་ཀྱིས་ལོ་གསུམ་ནང་ལེགས་པར་བསྒྲུབས། གྲྭ་ཐང་གཙོས་པའི་དགོན་གནས་བརྒྱ་རྩ་བརྒྱད་བཞེངས་ཞེས་གསུངས།ད་སྐབས་ངོས་འཛིན་དུ་ཡོད་པ་ཨེའི་གངས་བར་ཕུག་མོ་ཆེའི་ཚ་བ་དགོན།འཕྱོངས་རྒྱས་སྤྱན་གཡས།གྲྭ་ཐང་།རྡོ་ཕུད་ཆོས་འཁོར། གོང་དཀར་ཆོས་སྡེ་སོགས་ཁ་ཤས་ཡོད། འདི་ཉིད་ཀྱིས་རྒྱུད་ཀྱི་བསྡུས་དོན་སོགས་ཕྱག་རྩོམ་གནང་ཞིང༌།སློབ་མ་ཡང་གྲ་སྟོན་འབུམ་ལྷས་འབར་དང༌།གདོན་ཆུང་སྟོན་པ།དགེ་བཤེས་ལྷབས།བྷནྡྷ་བྱང་ཆུབ་སེམས་དཔའ་སོགས་བྱུང༌།
ལྷ་རྒྱལ་སྲང་གི་ཆོས་སྡེའི་མཁས་དབང་སྡེ་དགེའི་ཤར་བླའི་རྣམ་བསྡུས།
འཇམ་དབྱངས་ཆོས་ཀྱི་ཉི་མ་རིན་པོ་ཆེ།
སྡེ་དགེའི་ནུབ་བླ་མ་འཇམ་དབྱངས་མཁྱེན་རབ་མཐའ་ཡས།
ལྷ་རྒྱལ་སྲང་གི་ཆོས་སྡེའི་རྡོར་འཛིན་ཨ་འཛི་ངག་དབང་བཟང་པོ
ཡིད་ལྷུང་ལྷ་རྒྱལ་དགོན་གྱི་གྲུབ་པའི་དབང་ཕྱུག་ངག་དབང་རིན་ཆེན་མཆོག
ཡིད་ལྷུང་ལྷ་རྒྱལ་དགོན་གྱི་དགུ་ཆེན་སྐབས་ཀྱི་འདྲ་པར་ཁག་གཅིག །
མ་ཧཱ་པཎྜི་ཏ་ཨ་འཛི་ནོར་བུ་དབང་རྒྱལ་རྗེས་དྲན་ཞུ། ལྷ་རྒྱལ་སྲང་།
བླ་མ་དགེ་འདུན་ཡར་འཕེལ་གྱི་རྣམ་ཐར།
མཁྱེན་རབ་མཐའ་ཡས་གསོལ་འདེབས།
གྲུབ་ཆེན་བརྒྱད་བཅུའི་སྐུ་པར་ཆ་ཚང་བཞུགས་སོ། །
མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལ་གེ་སར་གྱི་ལུང་བསྟན་བྱུང་ཚུལ།
འཇམ་མགོན་གུ་ནའི་མཛད་པའི་འཇམ་དབྱངས་མཁྱེན་བརྩེའི་རྣམ་ཐར།
ས་ཟླའི་དུས་ཆེན་ལ་ས་སྐྱ་གོང་མ། 萨噶月萨迦法王念诵 ཞལ་འདོན་སྒྲ་སྒམ།1
ས་ཟླའི་དུས་ཆེན་ལ་ས་སྐྱ་གོང་མ། 萨噶月萨迦法王念诵 ཞལ་འདོན་སྒྲ་སྒམ།2
རི་མོའི་ལམ་ནས་རྫོང་སར་རིན་པོ་ཆེའི་རྣམ་ཐར་མཇལ་བ། 宗萨仁波切传记
བཀའ་སློབ་དུས་ཐོག་ཆར་པ། འཁོན་གདུང་ཨ་བྷི་ཀིརྟ། 法王子无变金刚教言•及时甘霖
རྒྱལ་སྲས་ལག་ལེན་གྱི་དཔེ་རིས། 珍贵的佛子行三十七颂的图纸
སྐྱབས་མགོན་གོང་མ་ཁྲི་ཆེན་མཛད་རྣམ་དགུ་ཐང་། དྷཱི་ཕུ་མཁན་ཆེན།
༄༅། །གདམས་པ་རིན་ཆེན་ཕྲེང་མཛེས་ཞེས་བྱ་བ། 美丽璎珞:心之建言
༸ཀླུ་ལྡིང་མཁན་རྒན་གྱིས་ཁྲིད། སྒྲོལ་དཀར་ཚེ་སྒྲུབ་སྐོར། ཚན་པ་1-2-3
མར་མེའི་སྨོན་ལམ【供灯愿文】
སྒྲོལ་མ་ཉེར་གཅིག་གི་ཆོས་དབྱངས་གསར་པ། ལེན་མཁན་ཀུན་བཟང་རྡོ་རྗེ།
རྫོང་སར་༸མཁྱེན་བརྩེས་ཞལ་བཀོད་མཛད་པའི་སྒྲོལ་མ་ཉེར་གཅིག 二十一度母
བསྟོད་པའི་རྒྱལ་པོའི་རྒྱུད་ཕྱག་འཚལ་ཉེར་གཅིག་གི་བསྟོད། 二十一度母赞文
སངས་རྒྱས་སྨན་བླའི་དུས་ཆེན། 药师佛吉日
པཎ་ཆེན་ཤཱཀྱ་མཆོག་ལྡན་དང་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གཉིས་ཀྱི་རྩོད་པ་རྩོད་ལན་ཁག་གཅིག
གྲུབ་ཆེན་བརྒྱད་བཅུའི་སྐུ་པར་ཆ་ཚང་བཞུགས་སོ། །
བོད་ཀྱི་བཙུན་མ་ཐོག་མ་སུ་ཡིན་ནམ
སྔོ་ཚོད་དང་སིལ་ཏོག་གི་ཕན་ནུས།
སྡུག་བསྔལ་གྱི་ཡོན་ཏན་ལྔ། 痛苦具有五种功德
དཔེ་ཝར་རྡོ་རྗེ་འཆང་གི་ཞལ་གསུང་བྱིན་ལྡན།白雅仁波切亲述祈请加持
༸སྐྱབས་རྗེ་དཔེ་ཝར་མཆོག་སྤྲུལ་རིན་པོ་ཆེའི་གསོལ་འདེབས།
༄༅། །དཔེ་ཝར་དང་རྫོང་སར་གཉིས་ལ་མཉམ་དུ་ཤར་བའི་ངོ་མཚར་བའི་འཇའ་ཚོ།
དཔེ་ཝར་རིན་པོ་ཆེ་གདུང་སེམས་མཉམ་བསྐྱེད་ཀྱི་ཞུ་འཕྲིན།
དཔེ་ཝར་རིན་པོ་མྱུར་བྱོན་གསོལ་འདེབས། གཟན་དཀར་རིན་པོ་ཆེ།
དཔེ་ཝར་རིན་པོ་མྱུར་བྱོན་གྱི་གསོལ་འདེབས།白雅仁波切速速转世祈请文 དཔེ་ཝར་མཆོག་སྤྲུལ་གྱི་བཞེངས་གསོལ་བསྐུལ་བ།
དཔེ་ཝར་རྡོ་རྗེ་འཆང་གི་རྣམ་ཐར་གསོལ་འདེབས། རབ་བརྟན་མཁན་དགེ་ལེགས།
གཏེར་སྟོན་གྲྭ་པ་མངོན་ཤེས།
མཚན་གཞན་ཤེས་རབ་རྒྱལ་བའམ་དབང་ཕྱུག་འབར་ཏེ།གྲྭ་ནང་སྐྱེས་ཆེན་བཅུ་གསུམ་གྱི་ནང་ཚན་འདི་ཉིད་བོད་ཆུ་བྱི(༡༠༡༢)ལོར་གྲ་ནང་རྫོང་དཀྱིལ་རུ་ཤང་གནས་སྤོ་ཞེས་པའི་ཁྱིམ་དུ་སྐུ་འཁྲུངས། ཁོང་ནི་ཀླུ་མེས་ཀྱི་མཁན་བུ་ཡིན་ལ།སློབ་དཔོན་རིན་པོ་ཆེས་ལུང་གིས་ཟིན་པའི་གཏེར་སྟོན་ཡང་ཡིན། དགུང་ལོ་ཆུང་ངུའི་དུས་ནས་བསམ་ཡས་ཀྱི་ཆོས་གྲྭར་བྱོན།ཀླུ་མེས་ཀྱི་མཁན་བུ་ཡམ་ཤུད་རྒྱལ་བ་འོད་ལས་རབ་ཏུ་བྱུང༌།མཚན་ཤེས་རབ་རྒྱལ་བར་བཏགས།དེར་འདུལ་བ་ལོ་གཅིག་གསན།རང་གི་ཁུ་བོ་ཞང་སྟོན་ཆོས་འབར་ལས་མདོ་སྔགས་ཀྱི་ཆོས་སྐོར་དང༌།གསོ་བ་རིག་པ།ཕ་དམ་པ་སངས་རྒྱས་ལས་ཞི་བྱེད་སྐོར་དགུཁ་ཆེ་པཎ་ཆེན་ཟླ་བ་མགོན་པོ་ལས་སྦྱོར་དྲུག་གི་གདམས་པ་སོགས་གསན།ཡུལ་གྲ་ལ་འཁྲུངས་པས་གྲྭ་པ་དང༌།ཆོས་མངོན་པ་ལ་མཁྱེན་རྒྱ་རྒྱས་པས་མངོན་ཤེས་ཞེས་གྲགས་པར་གྱུར།ཁྱད་པར་དུ་བསམ་ཡས་དབུ་རྩེའི་བར་ཁང་གི་ཀ་བ་བུམ་པ་ཅན་གྱི་འོག་ནས་གསོ་བ་རིག་པའི་དཔལ་ལྡན་རྒྱུད་བཞིའི་མ་དཔེ་ས་ཕོ་སྟག་ལོ་སྟོན་ཟླ་ར་བའི་ཚེས་བཅོ་ལྔའི་ནམ་ཕྱེད་ཙམ་ལ་གཏེར་ནས་གདན་དྲངས་ཤིང་དཔེ་ལས་བཤུས་ཏེ་ཕྱི་མོ་རང་གནས་སུ་བཞུགས།བུ་དཔེ་ལོ་གཅིག་གསང་སྟེ་ཕྱིས་སུ་ཡར་ལུང་གི་དགེ་བཤེས་ཁུ་སྟོན་དབུས་པ་དར་མ་གྲགས་ལ་གནང༌།དགུང་ལོ་བདུན་ཅུ་པར་གྲ་ནང་མདར་དཔལ་གྲ་ཐང་གི་རྨང་བཏིང༌།དགུང་ལོ་བདུན་ཅུ་དོན་དགུ་པ་རབ་བྱུང་གཉིས་པའི་ལྕགས་རྟ(༡༠༩༠)ལོར་ཞི་བར་གཤེགས་པའི་ཚེ་ཕལ་ཆེར་གྲུབ་པ་ལ།ལྷག་པ་ཅུང་ཟད་ཡོད་པ་རྣམས་དབོན་པོ་འབྱུང་ཤེས་དང་འབྱུང་ཚུལ་གཉིས་ཀྱིས་ལོ་གསུམ་ནང་ལེགས་པར་བསྒྲུབས། གྲྭ་ཐང་གཙོས་པའི་དགོན་གནས་བརྒྱ་རྩ་བརྒྱད་བཞེངས་ཞེས་གསུངས།ད་སྐབས་ངོས་འཛིན་དུ་ཡོད་པ་ཨེའི་གངས་བར་ཕུག་མོ་ཆེའི་ཚ་བ་དགོན།འཕྱོངས་རྒྱས་སྤྱན་གཡས།གྲྭ་ཐང་།རྡོ་ཕུད་ཆོས་འཁོར། གོང་དཀར་ཆོས་སྡེ་སོགས་ཁ་ཤས་ཡོད། འདི་ཉིད་ཀྱིས་རྒྱུད་ཀྱི་བསྡུས་དོན་སོགས་ཕྱག་རྩོམ་གནང་ཞིང༌།སློབ་མ་ཡང་གྲ་སྟོན་འབུམ་ལྷས་འབར་དང༌།གདོན་ཆུང་སྟོན་པ།དགེ་བཤེས་ལྷབས།བྷནྡྷ་བྱང་ཆུབ་སེམས་དཔའ་སོགས་བྱུང༌།
སྒྲོལ་མ་ཉེར་གཅིག་གི་ཆོས་དབྱངས་གསར་པ། ལེན་མཁན་ཀུན་བཟང་རྡོ་རྗེ། རྫོང་སར་༸མཁྱེན་བརྩེས་ཞལ་བཀོད་མཛད་པའི་སྒྲོལ་མ་ཉེར་གཅིག 二十一度母 བསྟོད་པའི་རྒྱལ་པོའི་རྒྱུད་ཕྱག་འཚལ་ཉེར་གཅིག་གི་བསྟོད། 二十一度母赞文 སངས་རྒྱས་སྨན་བླའི་དུས་ཆེན། 药师佛吉日 པཎ་ཆེན་ཤཱཀྱ་མཆོག་ལྡན་དང་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གཉིས་ཀྱི་རྩོད་པ་རྩོད་ལན་ཁག་གཅིག གྲུབ་ཆེན་བརྒྱད་བཅུའི་སྐུ་པར་ཆ་ཚང་བཞུགས་སོ། ། བོད་ཀྱི་བཙུན་མ་ཐོག་མ་སུ་ཡིན་ནམ སྔོ་ཚོད་དང་སིལ་ཏོག་གི་ཕན་ནུས། སྡུག་བསྔལ་གྱི་ཡོན་ཏན་ལྔ། 痛苦具有五种功德
དཔེ་ཝར་མཆོག་སྤྲུལ་གྱི་བཞེངས་གསོལ་བསྐུལ་བ།
དཔེ་ཝར་རྡོ་རྗེ་འཆང་གི་རྣམ་ཐར་གསོལ་འདེབས། རབ་བརྟན་མཁན་དགེ་ལེགས།
རྩོམ་ཁུངས།
འཕྲིན་སྟེགས།
དཔལ་ས་སྐྱའི་གཞན་ཕན་ཕུན་ཚོགས་གླིང་།
སྒྲིག་སྦྱོར།
དཔལ་ས་སྐྱའི་གཞན་ཕན་ཕུན་ཚོགས་གླིང་རྩོམ་སྒྲིག་ཁང་།
སྤེལ་གཏོང་འགན་འཛིན་པ།
བྱང་ཆུབ་ཀུན་དགའ་བསྟན་པ།