ཀྲུང་གོའི་དམིཊ་བསལ་ཉེན་རྟོག་པས་འགྲན་བསྡུར་དེའི་ནང་སྐད་གྲཊ་བཞག

文摘   2025-02-07 16:45   西藏  


  སྔོན་ལ་ང་རྣམ་ཚོ་མཉམ་དུ། ཀྲུང་གོའི་དམིགས་བསལ་ཉེན་རྟོག་པས་འདས་ཟིན་པའི་ཉིན་ལྔའི་ནང་གཟེངས་སུ་ཐོན་པའི་གྲུབ་འབྲས་ཇི་ལྟར་བླངས་མིན་ཐད་ཕྱིར་དྲན་ཞིག་གནང་དང་།



     ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་2ཚེས་5ཉིན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དམིགས་བསལ་ཉེན་རྟོག་པའི་འགྲན་སློང་འགྲན་བསྡུར་སྐབས་དྲུག་པ་དེ་ཏི་པའེ་ཡི་ལུའུ་ཝ་ཡ་སྦྱོང་བརྡར་གྲོང་དུ་དངོས་སུ་མཇུག་འགྲིལ་ཡོད། རྒྱལ་ཁབ་46གི་རུ་ཁག་105ཐེངས་འདིའི་འགྲན་བསྡུར་ནང་ཞུགས་པ་དང་། འགྲན་ཞུགས་རྒྱལ་ཁབ་ཀྱི་ཁ་གྲངས་ཀྱིས་འགྲན་བསྡུར་དེ་རིགས་ཀྱི་ཅི་ཉི་སིའི་འཛམ་གླིང་ཟིན་ཐོ་གསར་པ་བཏོད་ཡོད།


图片


     དམིགས་བསལ་ཉེན་རྟོག་པའི་འགྲན་སློང་འགྲན་བསྡུར་གྱི་འཛམ་གླིང་བུམ་པར་གྲགས་པའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་དམིགས་བསལ་ཉེན་རྟོག་པའི་འགྲན་སློང་འགྲན་བསྡུར་ནང་། དམིགས་བསལ་འདྲ་བཟོས་སྦྱོང་བརྡར་བྱེད་སའི་ནང་ཧ་ཅང་མྱུར་བའི་འཐབ་རྩལ་དང་། མཚོན་ཆའི་ཕར་རྒོལ། ཉེན་རྟོག་དཔོན་མྱུར་སྐྱོབ། ཐོག་ཁང་བྱ་སྤྱོད་དང་དེ་བཞིན་ཚད་བརྒལ་འགག་སྒྲོལ་བཅས་རྣམ་གྲངས་ཆེན་པོ་ལྔ་ཡོད་པ་དང་། ཉིན་རེར་རྣམ་གྲངས་རེའི་འགྲན་བསྡུར་བྱེད་ཀྱི་ཡོད་པ་དང་མཐར་འགྲན་བསྡུར་རྣམ་གྲངས་ལྔ་ཡི་སྤྱིའི་སྐར་གྲངས་ལྟར་བང་གྲལ་སྒྲིག་གི་ཡོད། འགྲན་བསྡུར་ཚང་མས་རྒྱལ་ཁབ་ཁག་གི་དམིགས་བསལ་ཉེན་རྟོག་པའི་གཟུགས་པོའི་རྨང་གཞི་དང་། སེམས་ཁམས་བྱང་ཚད། འཐབ་རྩལ་ནུས་པ། བྱང་ཆ་དོད་ལོས། ཚོགས་པའི་གཞོགས་འདེགས་ནུས་པ་སོགས་འགྲེན་རྩོད་ཆེན་པོ་བྱེད་དགོས་ཀྱི་ཡོད། མཐར། ཀྲུང་གོའི་ཀྲེ་ཅང་དམིགས་བསལ་ཉེན་རྟོག་རུ་ཁག་དང་ཀྲུང་གོའི་ཨན་ཧུའེ་དམིགས་བསལ་ཉེན་རྟོག་རུ་ཁག་གིས་ཁག་སོ་སོར་ཨང་དང་པོ་དང་ཨང་གསུམ་པའི་གཟེངས་སུ་ཐོན་པའི་གྲུབ་འབྲས་བླངས་ཡོད་པ་རེད།


图片


来源:央视新闻

编辑:索南卓嘎

责编:巴桑旺堆

编审:旦增晋美

图片


噶尔县融媒体中心
传递权威信息、提供及时资讯、展现多彩噶尔!(互联网新闻信息服务许可证编号:54120230074)
 最新文章