▶“རྗེན་པར་ཟ་ཆོག་པའི་ཚད་གཞིར་སླེབས་པའི་བརྩོན་ལེན་བྱེད་བཞིན་ཡོད། ”

文摘   2025-01-31 19:33   西藏  

མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་ཐོ་རྒྱ་གྲོང་རྡལ་སྡོང་སྐམ་གྲོང་ཚོར་ཡོད་པའི་མཚོ་སྔོན་ཧྲེང་ཏ་འབྱུང་ཁམས་ཞིང་ཕྱུགས་ལས་ཚན་རྩལ་འགན་འཁྲི་ཚད་ཡོད་ཀུང་སི་ནི་2023ལོར་ཐུན་རེན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཤར་ནུབ་མཉམ་ལས་ཀྱི་མ་དངུལ་ཁྲི་2000བཏང་བ་དང་། ཁེ་ལས་རང་ངོས་ནས་མ་དངུལ་ཁྲི་2000བཏང་ནས་བཙུགས་པ་ཞིག་ཡིན་ཞིང་། 2023ལོའི་ཟླ་5པར་ཐོན་སྐྱེད་བྱེད་འགོ་ཚུགས་ཡོད། 

མིག་སྔར་རྟེན་གཞི་འདིའི་ལོ་འཁོར་མོའི་སྒོ་ངའི་ཐོན་ཚད་ཏུན་5850ཟིན་པ་དང་། ཐོན་སྐྱེད་རིན་ཐང་སྒོར་ཁྲི་4000ཟིན་ཞིང་། མཚོ་སྔོན་ཞིང་ཆེན་གྱི་སྒོ་ངའི་ཐོན་ཚད་ཀྱི་20%ཟིན་ཡོད།   ཁེ་ལས་དེས་མཚོ་སྔོན་ཁུལ་གྱི་འཛད་སྤྱོད་པ་རྣམས་ལ་སོས་པ་དང་། བཅུད་ཆེ་བ། བདེ་ཐང་བཅས་ཀྱི་སྒོ་ང་མཁོ་འདོན་སྤྲོད་བྱེད་ཐུབ་པ་མ་ཟད། དེ་བས་ཀྱང་ཐུན་རིན་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་ལའང་འཚོ་སྟོབས་གསར་པ་སྩོལ་བཞིན་ཡོད། 

 


ཁེ་ལས་དེས་ཐོན་སྐྱེད་བྱས་པའི་སྒོ་ང་མཚོ་སྔོན་ཞིང་ཆེན་ནང་ཁུལ་ཙམ་མ་ཟད། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་ལིན་ཞ་ཧུད་རིགས་རང་སྐྱོང་ཁུལ་སོགས་སུའང་ཕྱིར་འཚོང་བྱེད་ཀྱི་ཡོད།

མཚོ་སྔོན་ཧྲེང་ཏ་འབྱུང་ཁམས་ཞིང་ཕྱུགས་ལས་ཚན་རྩལ་འགན་འཁྲི་ཚད་ཡོད་ཀུང་སིས་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་སྲིད་ཇུས་ལ་ལེགས་པར་བརྟེན་པ་དང་། བྱ་ཐབས་མང་པོ་སྤྱད་དེ་ཡུལ་དེའི་གྲོང་གསེབ་འཕེལ་རྒྱས་ལ་བྱས་རྗེས་བཞག་ཅིང་སྟོབས་ཤུགས་སྐྱེས་སུ་ཕུལ་དང་འབུལ་མུས་རེད། ཀུང་སིས་ནང་འདྲེན་བྱས་པའི་འཕྲུལ་ཆས་ཀྱིས་སྒོ་ང་དབྱེ་འབྱེད་ཐོན་སྐྱེད་བྱ་རིམ་དང་དེང་རབས་ལག་རྩལ་སོགས་ཀྱིས་སྲོལ་རྒྱུན་གྱི་གསོ་སྟངས་དེ་དེང་རབས་ཅན་དང་ཚན་རྩལ་ཅན་གྱི་ཕྱོགས་སུ་བསྒྱུར་ནས་ཡུལ་དེའི་ཞིང་ལས་ཐོན་ལས་ཀྱི་རིམ་སྤོར་ཐད་མ་དཔེ་བསྟན་ཡོད། 

བྱ་དེ་གསོ་བའི་བརྒྱུད་རིམ་ཁྲོད་དུ་ཐོན་པའི་བྱ་བྲུན་ཀུང་སི་ཉེ་འཁོར་གྱི་ཞིང་པར་འཚོང་བཞིན་ཡོད། དེ་ལྟར་བྱས་རྗེས་བྱ་བྲུན་གྱིས་ཁོར་ཡུག་ལ་སྦགས་བཙོག་བཟོ་རྒྱུ་སྔོན་འགོག་ཐུབ་ཡོད་ལ། དེ་བས་སྙིགས་རོ་ཐོན་ཁུངས་ཅན་དུ་འགྱུར་བ་བྱ་རྒྱུ་མངོན་གྱུར་ཐུབ་ནས། འབོར་ཆེ་བའི་བྱ་བྲུན་དེ་དག་ཞིང་པའི་སྤུས་ལེགས་ཀྱི་ཞིང་ལུད་ལ་གྱུར་ཡོད། 

དེ་མིན་སྡོང་སྐམ་གྲོང་ཚོའི་ས་ཞིང་གླས་པའི་གླས་གླར་ཀུང་སིས་ལོ་རེར་སྡོང་སྐམ་གྲོང་ཚོར་སྒོར་ཁྲི་40ཙམ་སྤྲོད་པས། གྲོང་མི་རྣམས་ལ་གཏན་འཇགས་ཀྱི་ཡོང་སྒོ་བྱུང་ཡོད། ད་དུང་ཀུང་སི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་དུ། བྱ་གསོ་ར་བ་སོགས་ཀྱི་ལས་མི་བསྡུ་སྐབས་ཡུལ་དེའི་གྲོང་མི་དམིགས་བསལ་གྱིས་བསྡུ་བཞིན་ཡོད་པ་མ་ཟད། ད་དུང་ཁོ་ཚོར་སྦྱོང་བརྡར་སློབ་སྦྱོང་གི་གོ་སྐབས་སྤྲད་ནས། སྔོན་ཐོན་གྱི་གསོ་སྤེལ་ལག་རྩལ་དང་དོ་དམ་ཉམས་མྱོང་གྲོང་མི་རྣམས་ཀྱི་ཁོང་དུ་ཆུད་པར་བྱེད་བཞིན་ཡོད།  དེ་ལྟར་གྲོང་མི་ཚོ་རིམ་བཞིན་རིག་གནས་ཡོད་པ་དང་། ལག་རྩལ་ཤེས་པ། གཉེར་སྐྱོང་ལ་མཁས་པ། དོ་དམ་བྱེད་ཤེས་པའི་བཅས་ཀྱི་ཞིང་པ་གསར་པར་འགྱུར་རྒྱུར་མཐུན་རྐྱེན་བསྐྲུན་ཡོད་པ་རེད། 

ཀུང་སིའི་འགོ་འཛིན་ཧྲའན་ཀྲེན་པའོ་ཡིས་ “ཀུང་སིས་ཁྲོམ་རར་སྒོ་ང་སོས་པ་དང་གནོད་མེད་སྒོ་ང་ཧུར་བརྩོན་གྱིས་མཁོ་འདོན་བྱེད་བཞིན་ཡོད་པར་མ་ཟད། རྗེན་པར་ཟ་ཆོག་པའི་ཚད་གཞིར་སླེབས་པའི་བརྩོན་ལེན་བྱེད་བཞིན་ཡོད་”ཅེས་བརྗོད། 

来源:中央广播电视总台藏语广播

编辑:索珍

责编:巴桑旺堆

编审:旦增晋美


噶尔县融媒体中心
传递权威信息、提供及时资讯、展现多彩噶尔!(互联网新闻信息服务许可证编号:54120230074)
 最新文章