ཧའར་པིན་གྱི་སྐབས་དགུ་པའི་ཨ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་རང་མོས་གངས་ཤུད་ཀྱི་བུད་མེད་ཀྱི་Uདབྱིབས་ར་བའི་ཐབས་རྩལ་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ཁྲོད། ཀྲུང་གོའི་འགྲན་ཞུགས་པ་ལི་ཧྥང་ཧུའེ་དང་ཀྲང་ཁོ་ཤིན་གཉིས་ཀྱིས་གསེར་དང་དངུལ་གྱི་རྟགས་མ་བླངས་ཡོད།
ལི་ཧྥང་ཧུའེ་ཡིས་རེས་སྐོར་གསུམ་པའི་སྐར་གྲངས་95.25ཡི་གྲུབ་འབྲས་ཐོབ་ནས་གསེར་གྱི་རྟགས་མ་བླངས་པ་དང་། དེ་ནི་ཀྲུང་གོའི་རུ་ཁག་གིས་ཧའར་པིན་ཨ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སུ་བླངས་པའི་གསེར་གྱི་རྟགས་མ་དང་པོ་དེ་རེད།
ཀྲུང་གོའི་འགྲན་ཞུགས་པ་ཀྲང་ཁོ་ཤིན་གྱིས་རེས་སྐོར་གཉིས་པའི་སྐར་གྲངས་89.25ཡི་གྲུབ་འབྲས་ཐོབ་ནས་དངུལ་གྱི་རྟགས་མ་བླངས་ཡོད།
བཀྲ་ཤིས་བདེ་ལེགས་ཞུ།
来源:央视新闻
编辑:索南卓嘎
责编:巴桑旺堆
编审:旦增晋美