《藏地生死恋》
གློག་བརྙན《ཚེ་རབས་ལས་ཀྱི་འདུན་མ》ངོ་སྤྲོད་མདོར་བསྡུས།
《ཚེ་རབས་ལས་ཀྱི་འདུན་མ》ཞེས་པའི་གློག་བརྙན་འདི་ནི་བོད་ཀྱི་འཁྲབ་ཁྲིད་པ་ཀླུ་རྒྱལ་རཱ་ཏི་ལགས་ཀྱིས་འཁྲབ་ཁྲིད་བྱས་ཤིང་། སྤྱིར་གནའ་མའི་བོད་ཀྱི་ཁ་དཔེར། འཇིག་རྟེན་འཁོར་བའི་ནང་དུ་སྐྱིད་མེད་རུང་སྣང་བ་སྐྱིད་ཟེར་བ་ལྟར། གློག་བརྙན་འདིའི་ནང་དུ་ཁ་སེམས་མཐུན་པའི་ན་གཞོན་ཕོ་མོ་གཉིས་ཀྱིས་སྲོག་ལ་མ་འཛེམས་པར་བརྩེ་དུང་གི་རང་དབང་བརྩོན་ལེན་བྱས་པ་བསྟན་ཡོད་ལ། སྤྱི་ཚོགས་གསར་རྙིང་གི་འགལ་འདུ་དང་མི་གཤིས་ཀྱི་བཟང་ངན་ཡང་ཤུགས་སུ་བསྟན་ཡོད་པ་རེད། གློག་བརྙན་འདི་ཉིས་སྟོང་ཉེར་བཞིའི་པེ་ཅིན་མི་རིགས་གློག་བརྙན་འགྲེམས་སྟོན་སྟེང་ཕུལ་བྱུང་བྱ་དགའ་ཐོབ་པ་མ་ཟད། མང་ཚོགས་དཀྱུས་མ་ཞིག་གིས་ཀྱང་གོ་ཁ་ཤིན་ཏུ་བདེ་ཞིང་། འདོད་བློ་ཚིམ་པར་སྙམ་པའི་བོད་བརྙན་གྱི་རྣམ་པ་གཞན་ཞིག་སྟེ། སྤྱི་ཟླ6པའི་ཚེས་8ཉིན་གློག་བརྙན་ཁང་སོ་སོ་ནས་གཏོང་རྒྱུ་ཡིན་པས། ཁྱེད་རྣམ་པས་གློག་བརྙན་ཁང་ནས་བལྟ་རྒྱུར་བཀའ་དྲིན་ཤིན་ཏུ་ཆེ།
电影《藏地生死恋》中文简介
电影《藏地生死恋》由李加雅徳导演执导的一部感人至深的藏地爱情片,本片讲述了德旦与拉茂之间被现实所阻挠的爱情故事。在家庭的沉重压迫下,拉茂无奈答应与当地富二代巴赞订婚。然而,在婚礼举行的那一天,拉茂毅然决定,与挚爱德旦携手逃离这场被逼迫的婚礼。巴赞得知二人逃婚的消息后愤怒至极,持刀追杀他们。但这仅仅是他们面临无数波折与挑战的序曲……,本片在6月8号各大电影院上映,请到影院支持藏语电影,很感谢!
ཀླུ་རྒྱལ་རཱ་ཏི་ནི་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་པ་པོ། ལོ་ཙཱ་པ་བཅས་རེད། ཁོང་སྔུན་གཞུག་ཏུ་མཚོ་སྔོན་དགེ་ཐོན་སློབ་གླིང་གི་རྩོམ་རིག་སྡེ་ཁག་དང་། པེ་ཅིན་གློག་བརྙན་སློབ་གླིང་གི་འཁྲབ་ཁྲིད་པའི་སྡེ་ཁག་ནས་མཐར་ཕྱིན། ད་རག་བར་ཏུ་བོད་ཀྱི་གློག་བརྙན་གཞུང་ལུགས་ཀྱི་སྟོང་ཆ་སྐོང་ཆེད《གློག་བརྙན་སྒྱུ་རྩལ་ལ་འཇུག་པའི་སྒོ》ཞེས་པ་བརྩམས་ཤིང་། གློག་བརྙན་གཞུང་ལུགས་སྐོར་གྱི་དཔེ་ཆ་ཉེར་ལྔ་བོད་ལ་བསྒྱུར་བཞིན་ཡོད་པ་དང་། གློག་བརྙན་བརྩམས་ཆོས་སྐོར་ལ《འབྲི་མོ་དུང་ཆུང་དཀར་མོ》《སྲིད་པའི་མེ་ཏོག》《ཚེ་རབས་ལས་ཀྱི་འདུན་མ》《བུ་ཡུག་དང་ཟླ་འོད》སོགས་ཡོད་ལ། ཀྲུང་གོའི་གསེར་བྱ་རྟགས་མའི་བྱ་དགའ་དང་པེ་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་བྱ་དགའ་སོགས་ཐོབ་པ་མ་ཟད། ཨ་རི་དང་ཁ་ནཱ་ཏ། དབྱི་ཇི་སོགས་ནས་ཀྱང་བྱ་དགའ་ཐོབ་ཅིང་། ཁོང་ལ་སྒྱུ་རྩལ་གསར་གཏོད་དང་འཚོལ་བསྙེགས་ཀྱི་སྙིང་སྟོབས་ཆེན་པོ་ལྡན་ཕྱིར། 《སྲིད་པའི་མེ་ཏོག》ཅེས་པའི་གློག་བརྙན་ལ་འཁྲབ་ཚིག་གཅིག་ཀྱང་མེད་པ་དང་། 《བུ་ཡུག་དང་ཟླ་འོད》ཅེས་པ་བརྙན་རིས་གཅིག་ལས་གྲུབ་པའི་སྒྱུ་རྩལ་གློག་བརྙན་ཁྱད་པར་བ་ཞིག་སྟེ། འདི་ལྟ་བུའི་གློག་བརྙན་རྒྱལ་ནང་དང་རྒྱལ་སྤྱིའི་སྟེང་དུ་ཤིན་ཏུ་ཉུང་བས་ན། བོད་ཀྱི་གློག་བརྙན་སྒྱུ་རྩལ་གསར་གཏོད་ཀྱི་ཕྱོགས་སུ་བྱས་རྗེས་མི་དམན་པ་བཞག་ཡོད་པ་རེད།
གཞན་ཡང་། ཁོང་གིས་ལོ་ངོ་འདི་དག་གི་རིང་ལ།《ལྷ་ཡུལ་ལ་གཤེས་པའི་སྤྲིན་དཀར》《ཨ་མའི་སེམས་ཀྱི་རི་མོ》《རྗེ་བཙུན་མི་ལ་རས་པ》《རླུང་ཁའི་མར་མེ》《ཧོར་གླིང་གཡུལ་འགྱེད》སོགས་གློག་བརྙན་འཁྲབ་གཞུང་ཉི་ཤུ་ལྷག་གསར་རྩོམ་གནངས་ཁར། བར་དོ་ཐོས་གྲོལ་ཆེན་མོ་དང་སྦྱར་ཏེ《ལྷ་ལྡན་གྲོང་གི་བརྩེ་བ》ཞེས་པའི་སྒྲུང་རིང་དང་། དཔེ་ཆ་ཡང་ལྔ་དཔར་ཏུ་སྐྲུན་ཡོད་དོ།།
导演和编剧
李加雅德:导演/编剧/双语作家,生于青海省循化县道帏乡,藏族,先后毕业于青海师范大学藏语言文学系、北京电影学院导演系。
代表影片《生命之轮》(西藏首部无对白剧情片),提名2019年加拿大温哥
华国际华语电影节、第16届美国世界民族电影节、2019年英国伦敦北欧国际电影节、2019年中国国际青年电影展、剧本入围第74届威尼斯电影节聚焦华语剧本单元。
儿童片《白牦牛》,荣获第25届金鸡百花奖国产新片奖、第7届北京国际电影节最佳儿童片奖、上海国际电影节影展、入围圣地亚哥国际儿童电影节、入围华盛顿华语电影节、入围第 24 届北京大学生电影节主竞赛单元。
《藏地鼓声》剧本长片入围第 74 届威尼斯电影节聚焦华语剧本单元、第三届安徽剧本大赛中荣获创意剧本奖、第二届青海省影视剧本大赛中荣获一等奖。
电影剧本为:《格萨尔王之霍岭大战》《格萨尔王之赛马称王》《米拉日巴尊者》《坛城》《唐卡神韵》《香巴拉王国》《生命之树》《人间净土》等。
长篇小说为:《香巴拉王国》《恋爱中的德吉央宗》《藏地生死书》《李加雅徳剧本精选》《电影艺术理论入门》等,译本《荒诞派戏剧作品选集》。
已上映的电影为《生命之轮》(西藏首部无对白电影)《白牦牛》,即将上映影片《藏地生死恋》,《世界是心的幻影》(后期制作中)《残雪与月光》(中国首部‘一镜到底’电影,后期制作中)
筹备影片《格萨尔王之霍岭大战》《格萨尔王之赛马称王》《人间净土》《灵魂歌手》《米拉日巴尊者》等。