ཉེ་ཆར་རྒྱལ་ཡོངས་ཀྱི་ས་གནས་མང་པོའི་སྤྱི་བདེ་ལས་ཁུངས་ཀྱིས་དྲན་སྐུལ་བྱས་དོན། ཁག་དང་པོའི་གོ་ཆོད་ཡུན་ཚད་ལོ་20ཡིན་པའི་གྲོང་མིའི་ཐོབ་ཐང་ལག་ཁྱེར་ཐོན་གཉིས་པ་སྔ་རྗེས་སུ་དུས་ཚད་ལོངས་ཀྱི་ཡོད་པས། ལག་ཁྱེར་བརྗེ་མཁན་མང་ཤོས་ཀྱི་དུས་སུ་སླེབས་རྒྱུ་ཡིན། དེས་ན། ཇི་ལྟར་བྱས་ཏེ་འཚང་ཁ་ལས་གཡོལ་ནས་ལག་ཁྱེར་བརྗེ་ལེན་བྱེད་དུ་འགྲོ་དགོས་སམ་ཞེ་ན།
གྲོང་མིས་ཐོབ་ཐང་ལག་ཁྱེར་གྱི་གོ་ཆོད་ཡུན་ཚད་མ་ལོང་གོང་གི་ཟླ་3གྱི་ནང་ཚུན་དུ་བརྗེ་ལེན་བྱེད་ཆོག ཞིང་ཆེན་ཁ་ཤས་ཀྱིས་ལག་ཁྱེར་བརྗེ་ལེན་གྱི་དུས་བཀག་ལྷུག་ཏུ་བཏང་ཡོད་དེ། གོ་ཆོད་ཡུན་ཚད་མ་ལོང་གོང་གི་ཟླ་6ནང་ཚུན་དུ་བརྗེ་ལེན་གྱི་རེ་ཞུ་བྱེད་ཆོག
ཤ་ཚའི་དྲན་སྐུལ་བྱ་རྒྱུར། ཐོབ་ཐང་ལག་ཁྱེར་ལེན་པའི་དུས་ཡུན་སྤྱིར་ན་ལས་སྒྲུབ་ཉིན་མོ་10ནས་25ཡི་བར་དགོས་པས། ལག་ཁྱེར་བརྗེ་ལེན་བྱེད་དགོས་པའི་གྲོང་མིས་རང་ཉིད་ཀྱི་གནས་ཚུལ་གཞིར་བཟུང་། ཐོབ་ཐང་ལག་ཁྱེར་གྱི་གོ་ཆོད་ཡུན་ཚད་མ་ལོང་གོང་གི་ཟླ་1ནས་2ཀྱི་ནང་ཚུན་དུ་བརྗེ་ལེན་བྱེད་ཆོག
ད་ཆ་རྒྱལ་ཡོངས་ཀྱི་ས་ཆ་གང་ས་གང་དུ་གྲོང་མིའི་ཐོབ་ཐང་ལག་ཁྱེར་ལེན་ཆོག་པ་མངོན་འགྱུར་བྱུང་ཡོད་དེ། ཐེམ་ཐོ་ཡོད་སར་བསྡད་མེད་པའི་གྲོང་མིས་ཀྱང་ད་ལྟའི་ཐོབ་ཐང་ལག་ཁྱེར་འཁྱེར་ནས་ཐག་ཉེ་སའི་མངགས་གཏོང་ཁང་གི་ཕྱོགས་བསྡུས་སྒེའུ་ཁུང་དུ་གྲོང་མིའི་ཐོང་ཐང་ལག་ཁྱེར་བརྗེ་ལེན་གྱི་རེ་ཞུ་བྱེད་ཆོག
གྲོང་མིས་ལག་ཁྱེར་བརྗེ་ལེན་བྱེད་པར་སྟབས་བདེ་བསྐྲུན་ཆེད། ས་ཁུལ་མང་པོའི་སྤྱི་བདེ་ལས་ཁུངས་ཀྱིས་ད་དུང་དྲ་ཐོག་ནས་གཉེར་བ་དང་རང་བརྟེན་ཞབས་ཞུའི་གཉེར་ཐབས་བཏོན་ཡོད།
གྲོང་མིས་སྤྱི་བདེ་ཚན་པའི་དྲ་ཐོག་སྔོན་མངག་ལས་སྟེགས་བརྒྱུད་འགྲོ་ལུགས་གཉེར་བའི་དུས་ཚོད་སྔོན་མངག་བྱེད་པའམ་ཡང་ན་ཐད་ཀར་དྲ་ཐོག་ནས་གཉེར་ཆོག་ལ། རང་འདེམས་ཞབས་ཞུའི་མཐའ་སྣེ་བརྒྱུད་ཐོབ་ཐང་ལག་ཁྱེར་བརྗེ་ལེན་གྱི་རེ་ཞུ་དང་གྲོན་འཇལ་སོགས་ཀྱི་འགྲོ་ལུགས་ཀྱང་གཉེར་ཆོག་གི་ཡོད།
དཔེར་ན། ཧྲང་ཧའེ་ཡི་གྲོང་མིས“སུའེ་ཧྲེན་པན”ཞེས་པའི་བྱ་རིམ་ཆུང་ངུ་བརྒྱུད་དྲ་ཐོག་ནས་གཉེར་ཆོག
ཀྲེ་ཅང་གི་གྲོང་མིས“ཀྲེ་ལི་པན”ཞེས་པའི་APPསྟེང་དུ་གཉེར་རྒྱུའི་རེ་ཞུ་བྱེད་ཆོག
ཨན་ཧུའེ་ཡི་གྲོང་མིས“ཝན་ཧྲི་ཐུན”ཞེས་པའི་APPཐོ་འགོད་བྱས་ནས། པར་ངོས་དང་པོར“གྲོང་མིའི་ཐོབ་ཐང་ལག་ཁྱེར་དྲ་ཐོག་ནས་རེ་ཞུ་བྱེད”ཞེས་པ་སོགས་བཤེར་ཆོག
དམིགས་བསལ་གྱི་དཀའ་ངལ་ཡོད་པའམ་ཡང་ན་དགོས་མཁོ་ཡོད་པའི་གྲོང་མིར་དམིགས་ནས། པེ་ཅིང་སྤྱི་བདེ་ཡིས“དུས་ཚོད་ནར་འགྱངས་ཀྱིས་གཉེར་བ”དང“སྒོ་རྩར་བསྐྱོད་ནས་གཉེར་བའི”ཞབས་ཞུའི་ལམ་སྲོལ་བཏོན་ཡོད།
གོ་ཆོད་ཡུན་ཚད་ལོངས་རྗེས་གྲོང་མིའི་ཐོབ་ཐང་ལག་ཁྱེར་བརྗེ་ལེན་གྱི་མ་གནས་གྲོན་དངུལ་ནི་ལག་ཁྱེར་རེར་སྒོར་20ཡིན་པ་དང་། གྲོང་མིའི་ཐོབ་ཐང་ལག་ཁྱེར་བོར་བའམ་ཆག་སྐྱོན་བྱུང་རྗེས་བརྗེ་ལེན་བྱེད་པའི་མ་གནས་གྲོན་དངུལ་ནི་ལག་ཁྱེར་རེར་སྒོར་40ཡིན།
སྤྱི་བདེ་ལས་ཁུངས་ཀྱིས་ལག་ཁྱེར་བཟོས་ཚར་རྗེས། དེ་གར་བཞག་པའི་ཁ་པར་ཨང་གྲངས་སུ་དྲན་སྐུལ་འཕྲིན་ཐུང་བསྐུར་གྱི་ཡོད་པས། འཕྲིན་ཐུང་འབྱོར་རྗེས་དེ་མུར་མངགས་གཏོང་ཁང་དུ་ལེན་པར་འགྲོ་ཆོག
དེ་མིན། བསྐུར་སྐྱེལ་ཞབས་ཞུ་འདེམས་ཀྱང་ཆོག གྲོང་མིའི་ཐོབ་ཐང་ལག་ཁྱེར་ཁྱིམ་དུ་བསྐུར་སྐྱེལ་བྱེད་པའི་ཞབས་ཞུ་དེ་ངེས་པར་དུ་ལག་ཁྱེར་ལེན་པའི་འགྲོ་ལུགས་གཉེར་བའི་ཉིན་དེའི་ཆུ་ཚོད་22:00ཡི་གོང་དུ་རེ་ཞུ་བྱེད་དགོས་པ་དང་། བསྐུར་སྐྱེལ་འགྲོ་གྲོན་རང་ཉིད་ཀྱིས་སྤྲོད་དགོས།
གྲོང་མིའི་ཐོབ་ཐང་ལག་ཁྱེར་གྱི་གོ་ཆོད་ཡུན་ཚད་ལོངས་རྗེས། གནམ་གྲུའི་སྤ་སེ་དང་མེ་འཁོར་སྤ་སེ། འགན་བཅོལ་སོགས་རྒྱུན་ལྡན་ལྟར་ཉོ་མི་ཐུབ་ལ། ད་དུང་མགྲོན་ཁང་ནང་སྡོད་པ་དང་དངུལ་རྩ་གསོག་འཇོག་སོགས་ཀྱི་བྱ་དོན་བསྒྲུབ་པར་ཡང་ཤུགས་རྐྱེན་ཐེབས་སྲིད་པས། ཚང་མས་དེར་མཐོང་ཆེན་གནང་སྟེ་རྒྱུན་ལྡན་གྱི་འཚོ་བ་དང་ལས་ཀར་ཤུགས་རྐྱེན་མི་ཐེབས་པ་གནང་དགོས། ཁྱེད་ཀྱི་ཐོབ་ཐང་ལག་ཁྱེར་གྱི་གོ་ཆོད་ཡུན་ཚད་ག་དུས་ལོང་མིན་ལ་མྱུར་དུ་གཟིགས་དང་། དུས་ལྟར་བརྗེ་ལེན་གནང་རྒྱུ་མ་མཉེས་པ་གནང་དགོས།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
编辑:登真益西
校对: 登真益西
二审:梅朵
三审:白玛曲吉
监制:彭刚