森林草原防火
森林火灾是对森林威胁最大的敌人,最可怕的灾难,会对森林造成严重和毁灭性的打击。森林火灾焚毁森林植被并侵害森林中的动物,地质环境、森林的水源甚至可能对生态平衡造成严重危害。
ནགས་ཚལ་ལ་མེ་སྐྱོན་བྱུང་བ་ནི་ནགས་ཚལ་གྱི་ཉེན་ཁ་ཆེས་ཆེ་བའི་དགྲ་བོ་དང་། ཆེས་འཇིགས་སུ་རུང་བའི་གནོད་འཚེ་ཞིག་ཀྱང་ཡིན། དེས་ནགས་ཚལ་ལ་ཆེས་ཚབས་ཆེན་དང་རྩ་མེད་རང་བཞིན་གྱི་མཇུག་འབྲས་འབྱུང་སྲིད། ནགས་ཚལ་མེ་སྐྱོན་གྱིས་ནགས་ཚལ་ཡུག་གཅིག་ཏུ་སྲེག་པ་མ་ཟད། ནགས་ཚལ་ཁྲོད་ཀྱི་སྲོག་ཆགས་ལ་གནོད་འཚེ་གཏོང་བ་མ་ཟད་ས་གཤིས་ཞན་པར་འགྱུར་བ་དང་། ནགས་ཚལ་གྱི་ཆུ་ཁུངས་བསྐྱིལ་གསོག་དང་ཐ་ན་སྐྱེ་ཁམས་ཁོར་ཡུག་དོ་མཉམ་ལ་གནོད་འཚེ་ཚབས་ཆེན་བཟོ་སྲིད་པ་རེད།
1.在草原上作业或者行驶的机动车辆应如何做好防火工作?
༡ རྩྭ་ཐང་དུ་ལས་ཀ་བྱེད་པའམ་ཡང་ན་གཏོང་བཞིན་པའི་རླངས་འཁོར་གྱིས་མེ་སྐྱོན་ལས་དོན་ཇི་ལྟར་ཡག་པོ་སྒྲུབ་དགོས་སམ།
答:《草原防火条例》第二十条规定,在草原防火期内,在草原上作业或者行驶的机动车辆,应当安装防火装置,严防漏火、喷火和闸瓦脱落引起火灾。在草原上行驶的公共交通工具上的司机和乘务人员,应当对旅客进行草原防火宣传。司机、乘务人员和旅客不得丢弃火种。
དྲིས་ལན། 《རྩྭ་ཐང་གི་མེ་སྐྱོན་སྲོལ་ཡིག》གི་དོན་ཚན་20པས་གཏན་འབེབས་བྱས་དོན། རྩྭ་ཐང་གི་མེ་སྐྱོན་དུས་ཚད་ནང་རྩྭ་ཐང་ཐོག་ལས་ཀ་བྱེད་པའམ་ཡང་ན་འགྲོ་སྐྱོད་བྱེད་པའི་རླངས་འཁོར་གྱིས་ངེས་པར་དུ་མེ་འགོག་སྒྲིག་ཆས་འཇོག་དགོས། མེ་ཤོར་བ་དང་མེ་གཏོར་བ། གློག་སྒོ་སོགས་མེ་སྐྱོན་ཐོན་རྒྱུ་ནན་འགོག་བྱེད་དགོས། རྩྭ་ཐང་ཐོག་འགྲོ་སྐྱོད་བྱེད་པའི་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ཐོག་གི་ཁ་ལོ་བ་དང་འགྲུལ་པ་རྣམས་ཀྱིས་རྩྭ་ཐང་གི་མེ་སྐྱོན་སྐོར་གྱི་དྲིལ་བསྒྲགས་བྱེད་དགོས། ཁ་ལོ་བ་དང་། འགྲུལ་པ། འགྲུལ་པ་བཅས་ཀྱིས་མེ་སོན་བསྐྱུར་མི་ཆོག
在草原防火期内,对草原上从事野外作业的机械设备应当采取措施;作业人员应当遵守防火安全操作规章,防止失火。
རྩྭ་ཐང་གི་མེ་སྐྱོན་དུས་ཚད་ནང་རྩྭ་ཐང་ཐོག་ཕྱི་རོལ་ནས་ལས་ཀ་བྱེད་མཁན་འཕྲུལ་ཆས་དང་སྒྲིག་ཆས་ལ་ངེས་པར་དུ་བྱ་ཐབས་སྤྱོད་དགོས་པ་དང་། ལས་སྒྲུབ་མི་ སྣས་མེ་འགོག་བདེ་སྲུང་སྐོར་གྱི་སྲོལ་ཡིག་ལ་བརྩི་སྲུང་ཞུས་ནས་མེ་སྐྱོན་མི་ཡོང་བར་སྔོན་འགོག་བྱ་དགོས།
2.草原防火期内,用火单位或个人如何防火?
༢ རྩྭ་ཐང་གི་མེ་འགོག་དུས་སྐབས་སུ། མེ་སྤྱོད་མཁན་སྡེ་ཚན་དང་མི་སྒེར་གྱིས་ཇི་ལྟར་བྱས་ནས་མེ་འགོག་བྱེད་དགོས།
答:《草原防火条例》规定,在草原防火期内,用火单位或者个人应当采取防火措施,防止失火。因生活需要在草原上用火的,应当选择安全地点,采取防火措施,用火后彻底熄灭余火。禁止在草原上使用枪械狩猎。
དྲིས་ལན། 《རྩྭ་ཐང་གི་མེ་འགོག་སྲོལ་ཡིག》གིས་གཏན་འབེབས་བྱས་དོན། རྩྭ་ཐང་གི་མེ་སྐྱོན་དུས་ཚད་ནང་། མེ་སྤྱོད་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་ངེས་པར་དུ་མེ་སྐྱོན་བྱ་ཐབས་སྤྱད་དེ་མེ་སྐྱོན་མི་ཤོར་བ་བྱེད་དགོས། འཚོ་བའི་དགོས་མཁོའི་དབང་གིས་རྩྭ་ཐང་དུ་མེ་སྤྱོད་དགོས་ཚེ་ངེས་པར་དུ་བདེ་འཇགས་ཀྱི་ས་ཆ་བདམས་ནས་མེ་སྐྱོན་བྱེད་ཐབས་སྤྱད་དེ་མེ་རོ་རྦད་དེ་མེད་པ་བཟོ་དགོས། རྩྭ་ཐང་ཐོག་མེ་མདའ་སྤྱད་ནས་རྔོན་བྱེད་ མི་ཆོག
3、出现高温、干旱、大风等高火险天气时,应当如何防火?
༣ དྲོད་ཚད་མཐོ་བ་དང་ཐན་པ་ཆེ་བ། རླུང་ཆེན་སོགས་མེ་སྐྱོན་ཉེན་ཁ་ཆེ་བའི་གནམ་གཤིས་འབྱུང་སྐབས། མེ་སྐྱོན་ཇི་ལྟར་སྔོན་འགོག་བྱེད་དགོས།
答:在草原防火期内,出现高温、干旱、大风等高火险天气时,县级以上地方人民政府应当将极高草原火险区、高草原火险区以及一旦发生草原火灾可能造成人身重大伤亡或者财产重大损失的区域划为草原防火管制区,规定管制期限,及时向社会公布。
དྲིས་ལན། རྩྭ་ཐང་གི་མེ་འགོག་དུས་སྐབས་སུ་དྲོད་ཚད་མཐོ་བ་དང་། ཐན་སྐྱོན། རླུང་ཆེན་སོགས་མེ་སྐྱོན་གྱི་ཉེན་ཁ་ཆེ་བའི་གནམ་གཤིས་ཐོན་སྐབས། རྫོང་རིམ་པ་ཡན་ གྱི་ས་གནས་མི་དམངས་སྲིད་གཞུང་གིས་རྩྭ་ཐང་གི་མེ་སྐྱོན་ཉེན་ཁ་ཆེ་བའི་ཁུལ་དང་། རྩྭ་ཐང་མཐོན་པོའི་མེ་སྐྱོན་བྱུང་ཚེ་མི་ལུས་ལ་ཤི་རྨས་ཚབས་ཆེན་བཟོ་སྲིད་པའམ་རྒྱུ་ནོར་ ལ་གྱོང་གུན་ཚབས་ཆེན་བཟོ་ཉེན་ཆེ་བའི་ས་ཁོངས་དེ་རྩྭ་ཐང་གི་མེ་སྐྱོན་དོ་དམ་བྱེད་ཁོངས་སུ་དབྱེ་དགོས་པ་དང་། རྩིས་སྤྲོད་དོ་དམ་གྱི་དུས་ཚད་གཏན་འཁེལ་བྱས་ཏེ་དུས་ ཐོག་ཏུ་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱེད་དགོས།
在草原防火管制区内,禁止一切野外用火。对可能引起草原火灾的非野外用火,县级以上地方人民政府或者草原防火主管部门应当按照管制要求,严格管理。进入草原防火管制区的车辆,应当取得县级以上地方人民政府草原防火主管部门颁发的草原防火通行证,并服从防火管制。
རྩྭ་ཐང་གི་མེ་འགོག་དོ་དམ་ཁུལ་ནང་རི་ཐང་དུ་མེ་སྤྱོད་རྒྱུ་གཏན་འགོག་བྱེད་ དགོས། རྩྭ་ཐང་དུ་མེ་སྐྱོན་ཤོར་ཉེན་ཡོད་པའི་རི་ཐང་དུ་མེ་སྤྱོད་རིགས་ལ་རྫོང་རིམ་པ་ ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ངམ་ཡང་ན་རྩྭ་ཐང་གི་མེ་འགོག་གཙོ་སྐྱོང་སྡེ་ ཁག་གིས་རྩིས་སྤྲོད་དོ་དམ་གྱི་བླང་བྱ་ལྟར་དོ་དམ་ནན་པོ་བྱ་དགོས། རྩྭ་ཐང་མེ་སྐྱོན་དོ་ དམ་ཁུལ་དུ་སྐྱོད་མཁན་འཁོར་རིགས་ལ་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་རྩྭ་ཐང་མེ་འགོག་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་སྤྲད་པའི་རྩྭ་ཐང་མེ་འགོག་ གི་ལག་ཁྱེར་རག་དགོས་པ་མ་ཟད། མེ་འགོག་དོ་དམ་ལ་བརྩི་སྲུང་བྱེད་དགོས།
1、发现草原火情怎么办?
༡ རྩྭ་ཐང་གི་མེ་སྐྱོན་བྱུང་ན་ཇི་ལྟར་བྱ་དགོས།
答:从事草原火情监测以及在草原上从事生产经营活动的单位和个人,发现草原火情时,应当采取必要措施,并及时向当地人民政府或者草原防火主管部门报告。其他发现草原火情的单位和个人,也应当及时向当地人民政府或者草原防火主管部门报告。
དྲིས་ལན། རྩྭ་ཐང་གི་མེ་སྐྱོན་ལྟ་ཞིབ་ཚད་ལེན་དང་དེ་བཞིན་རྩྭ་ཐང་ཐོག་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོ་སྤེལ་མཁན་ཚན་པ་དང་མི་སྒེར་གྱིས་རྩྭ་ཐང་གི་མེ་སྐྱོན་གནས་ཚུལ་ཤེས་རྟོགས་བྱུང་ཚེ་ངེས་པར་དུ་འཕྲལ་མར་ས་གནས་དེ་གའི་མི་དམངས་སྲིད་གཞུང་ངམ་ཡང་ན་རྩྭ་ཐང་མེ་འགོག་གཙོ་འགན་འཁུར་མཁན་སྡེ་ཚན་ལ་སྙན་སེང་ཞུ་དགོས། རྩྭ་ཐང་གི་མེ་སྐྱོན་ཤེས་རྟོགས་བྱུང་བའི་ཚན་པ་དང་མི་སྒེར་གཞན་དག་གིས་ཀྱང་ངེས་པར་དུ་ས་གནས་དེ་གའི་མི་དམངས་སྲིད་གཞུང་ངམ་ཡང་ན་རྩྭ་ཐང་མེ་འགོག་གཙོ་འགན་འཁུར་མཁན་སྡེ་ཚན་ལ་སྙན་སེང་ཞུ་དགོས།
2、草原火灾应急预案包括哪些内容
༢ རྩྭ་ཐང་གི་མེ་སྐྱོན་འཕྲལ་སྡོམ་སྔོན་ཇུས་ནང་ནང་དོན་གང་དག་ཚུད་ཡོད།
答:草原火灾应急预案主要包括下列内容:
དྲིས་ལན། རྩྭ་ཐང་གི་མེ་སྐྱོན་འཕྲལ་སྡོམ་སྔོན་ཇུས་ནང་གཙོ་བོ་གཤམ་གསལ་ནང་དོན་ཚུད་ཡོད་པ་སྟེ།
(1)草原火灾应急组织机构及其职责;
(1)རྩྭ་ཐང་གི་མེ་སྐྱོན་འཕྲལ་སྡོམ་རྩ་འཛུགས་ལས་ཁུངས་དང་དེའི་འགན་འཁྲི།
(2)草原火灾预警与预防机制,草原火灾报告程序,不同等级草原火灾的应急处置措施;
(2)རྩྭ་ཐང་གི་མེ་སྐྱོན་སྔོན་བརྡ་དང་སྔོན་འགོག་ལམ་སྲོལ། རྩྭ་ཐང་གི་མེ་སྐྱོན་སྙན་ ཞུའི་གོ་རིམ། རིམ་པ་མི་འདྲ་བའི་རྩྭ་ཐང་གི་མེ་སྐྱོན་འཕྲལ་སྡོམ་ཐག་གཅོད་བྱེད་ཐབས།
(3)扑救草原火灾所需物资、资金和队伍的应急保障;
(3)རྩྭ་ཐང་གི་མེ་སྐྱོན་ལ་མཁོ་བའི་དངོས་ཟོག་དང་། མ་དངུལ། དཔུང་ཁག་བཅས་ ཀྱི་འཕྲལ་སྡོམ་འགན་ལེན།
(4)人员财产撤离、医疗救治、疾病控制等应急方案。
(4)མི་དང་རྒྱུ་ནོར་ཕྱིར་འཐེན་དང་། སྨན་བཅོས་སྲོག་སྐྱོབ། ནད་རིགས་ཚོད་འཛིན་སོགས་ཀྱི་འཕྲལ་སྡོམ་ཇུས་གཞི།
3、草原火灾发生后,相关部门应如何做好相应的应急工作?
༣ རྩྭ་ཐང་དུ་མེ་སྐྱོན་བྱུང་རྗེས་འབྲེལ་ཡོད་སྡེ་ཚན་གྱིས་དེ་མཚུངས་ཀྱི་འཕྲལ་སྡོམ་ལས་དོན་ཇི་ལྟར་ཡག་པོ་སྒྲུབ་དགོས་སམ།
答:县级以上人民政府有关部门应当按照草原火灾应急预案的分工,做好相应的草原火灾应急工作。
དྲིས་ལན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་རྩྭ་ཐང་གི་མེ་སྐྱོན་འཕྲལ་སྡོམ་སྔོན་ཇུས་ཀྱི་ལས་བགོས་གཞིར་བཟུང་དེ་མཚུངས་ཀྱི་རྩྭ་ཐང་མེ་སྐྱོན་འཕྲལ་སྡོམ་ལས་དོན་ཡག་པོ་སྒྲུབ་དགོས།
(1)气象预报服务。气象主管机构应当做好气象监测和预报工作,及时向当地人民政府提供气象信息,并根据天气条件适时实施人工增雨。
(1)གནམ་གཤིས་སྔོན་བརྡའི་ཞབས་ཞུ། གནམ་གཤིས་བརྟག་དཔྱད་ཐད་ངེས་པར་དུ་གནམ་གཤིས་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་ལས་དོན་ཡག་པོ་བསྒྲུབས་ནས་དུས་ཐོག་ཏུ་ས་གནས་དེ་གའི་མི་དམངས་སྲིད་གཞུང་ལ་གནམ་གཤིས་ཀྱི་ཆ་འཕྲིན་མཁོ་འདོན་བྱེད་དགོས་པ་མ་ཟད། གནམ་གཤིས་ཀྱི་ཆ་རྐྱེན་ལ་གཞིགས་ཏེ་མིའི་ཐབས་ལ་བརྟེན་ནས་ཆར་ཕབ་དགོས།
(2)民政救助服务。民政部门应当及时设置避难场所和救济物资供应点,开展受灾群众救助工作。
(2)དམངས་སྲིད་རོགས་སྐྱོབ་ཞབས་ཞུ། དམངས་སྲིད་སྡེ་ཁག་གིས་དུས་ཐོག་ཏུ་ གནས་ཡུལ་དང་རྒུད་སྐྱོབ་བྱ་ཡུལ་བཀོད་སྒྲིག་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ལ་རོགས་སྐྱོབ་བྱེད་པའི་ལས་དོན་སྤེལ་དགོས།
(3)卫生医疗保障。卫生主管部门应当做好医疗救护、卫生防疫工作。
(3)འཕྲོད་བསྟེན་སྨན་བཅོས་འགན་ལེན། འཕྲོད་བསྟེན་གཙོ་སྐྱོང་སྡེ་ཁག་གིས་སྨན་བཅོས་སྲོག་སྐྱོབ་དང་འཕྲོད་བསྟེན་རིམས་འགོག་ལས་ཀ་ལེགས་པར་བསྒྲུབ་དགོས།
(4)运送救灾物资。铁路、交通、航空等部门应当优先运送救灾物资、设备、药物、食品。
(4)རྒུད་སྐྱོབ་དངོས་ཟོག་སྐྱེལ་འདྲེན། ལྕགས་ལམ་དང་འགྲིམ་འགྲུལ། མཁའ་འགྲུལ་སོགས་སྡེ་ཁག་གིས་དམིགས་སུ་བཀར་ནས་སྔོན་ལ་རྒུད་སྐྱོབ་དངོས་ཟོག་དང་སྒྲིག་ཆས། སྨན་རྫས། ཟས་རིགས་སྐྱེལ་འདྲེན་བྱ་དགོས།
(5)应急通信保障。通信主管部门应当组织提供应急通信保障。
(5)འཕྲལ་སྡོམ་འཕྲིན་གཏོང་འགན་ལེན། འཕྲིན་གཏོང་གཙོ་འགན་འཁུར་མཁན་སྡེ་ ཚན་གྱིས་ངེས་པར་དུ་འཕྲལ་སྡོམ་འཕྲིན་གཏོང་གི་འགན་སྲུང་མཁོ་འདོན་བྱེད་དགོས།
(6)社会治安维护。公安部门应当及时查处草原火灾案件,做好社会治安维护工作。
(6)སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་། སྤྱི་བདེ་ལས་ཁུངས་ཀྱིས་རྩྭ་ཐང་གི་མེ་སྐྱོན་གྱོད་གཞི་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱས་ཏེ་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་དགོས།
来源:太阳部落石渠
编辑:她姆措
校对:她姆措
二审:梅朵
三审:白玛曲吉
监制:彭刚