བསྟན་སྲུང་འབའ་མོའི་བྱུང་བ།
མཁན་ཆེན་བསོད་ནམས་རྒྱ་མཚོས་གསུངས།
ངག་དབང་ཐོག་མེད་ཀྱིས་ཕབ།
སྤྱིར་ས་སྐྱ་པ་ལ་སྲུང་མ་མང་པོ་ཡོད་པ་དེ་དག་ཕལ་ཆེ་བ་ལོ་རྒྱུས་ཡི་གེ་ཡོད་ཀྱང་། འབའ་མོའི་སྐོར་ལ་བྲིས་པའི་ལོ་རྒྱུས་དང་། བླ་མ་རྣམས་ཀྱི་རྣམ་ཐར་ནང་ལ་ཡོང་གི་ཡོད་ས་མ་རེད། ངས་འབའ་མོའི་སྐོར་ཞུ་ས་དཔལ་ལྡན་ལགས་ཡིན། ཁོང་ནི་སྤྲུལ་སྐུ་རིན་པོ་ཆེའི་སློབ་མ་རེད། ཁོང་གིས་གསུངས་ན་འབའ་མོའི་སྐོར་འདི་བླ་མའི་རྣམ་ཐར་དང་དེབ་ཐེར་ནང་མི་འདུག །མི་རྒན་པའི་ངག་རྒྱུན་དེད་ནས་འགྲོ་དགོས་གསུངས། དང་པོ་གླེང་གཞི་ནི། ས་སྐྱའི་བསྟན་པ་ལ་དགྲ་བྱེད་མཁན་མང་པོ་བྱུང་བའི་རྐྱེན་གྱིས་བྱུང་བ་ཡིན་པ་འདྲ། ས་སྐྱའི་ཁྲི་རབས་ཉེར་གཅིག་པ་བདག་ཆེན་བློ་གྲོས་རྒྱལ་མཚན་ནི་མུས་ཆེན་གྱིས་ས་ཆེན་ཀུན་དགའ་སྙིང་པོའི་སྤྲུལ་པར་ལུང་བསྟན་ཅིང་། ཁོང་རང་ཉིད་ནས་ཀྱང་ཞལ་གྱིས་བཞེས། ཁོང་ནི་མགོན་པོ་གུར་གྱི་གྲུབ་ཐོབ་རེད། སྤྱིར་མཁས་པ་ཆེན་པོ་དང་ལྷག་པར་དུ་གྲུབ་ཐོབ་ཆེན་པོ་ཡིན། ཆོས་རྗེ་ས་པཎ་ནས་རིམ་གྱིས་དར་ཏེ་ས་སྐྱ་པའི་མཚན་ཉིད་ཀྱི་རྩ་བ་ལྟ་བུ་དེ་ཁྲི་རིན་པོའི་ཆེའི་གདན་ས་རོང་སྟོན་ཆོས་རྗེས་ཕྱག་བཏབ་པའི་ནཱ་ལེནྡྲ་ཡིན། དེ་ནས་མཚན་ཉིད་ག་ས་གང་དུ་ཁྱབ་པ་རེད། དེ་དུས་དགེ་ལུགས་པ་དང་ས་སྐྱ་པ་མཐུན་པོ་ཞེ་དྲགས་མེད་པས། དགེ་ལུགས་པས་མཐུ་མང་པོ་བརྒྱབ་སྟེ་ནཱ་ལེནྡྲ་སྟོང་པ་ཆགས་གྲབས་བྱས་པ་འདྲ། མཐུ་རྒྱག་མཁན་གཙོ་བོ་དེ་དགའ་ལྡན་ཁྲི་ཐོག་བདུན་པ་ཡིན། བདག་ཆེན་བློ་གྲོས་རྒྱལ་མཚན་གྱིས་མགོན་པོའི་ལས་སྦྱོར་གནང་བ་དང་ནམ་མཁའ་ལ་སྤྲིན་ནག་འཚུབ། ས་སྐྱ་ནས་ནཱ་ལེནྡྲའི་བར་དུ་གོ་ཐུབ་པའི་འབྲུག་སྐད་ཤུགས་ཆེན་ཞིག་བརྒྱབ། དེའི་ཚེ་ནམ་མཁའ་ནས་གནམ་ལྕགས་ཞིག་ཁྲི་ཐོག་བདུན་པའི་དབུ་ལ་བབས་ཏེ་ཁོང་དེ་མ་ཐག་ཏུ་དགོངས་པ་རྫོགས། དེ་ལྟར་བྱས་ཏེ་རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྒྲལ་ནས། ནཱ་ལེནྡྲ་ལ་ཡང་བསྐྱར་བསྟན་པ་བཙུགས་ཏེ། ཞ་ལུ་མཁྱེན་རབ་ཆོས་རྗེ་རྒྱལ་ཚབ་ལ་བསྐོས། ཁོང་རང་གིས་ཆོས་འཁོར་བསྐོར་ཏེ་སླར་ཡང་ནཱ་ལེནྡྲ་བསྟན་པ་དར་མགོ་ཚུགས་སོ། །
བདག་ཆེན་རིན་པོ་ཆེ་དང་གོ་ག་གཉིས་ལ་སོགས་པའི་སྐབས་སུ་དགྲ་མང་པོ་བྱུང་ཡང་སྐྱོན་ཆེར་བྱེད་མ་ཐུབ། བདག་ཆེན་རིན་པོ་ཆེ་དགོངས་པ་རྫོགས་པ་དང་སླར་ཡང་བསྟན་པ་ལ་དགྲ་བྱེད་མཁན་ཤིན་ཏུ་མང་པོ་བྱུང་སྟེ་དཀའ་ལས་ཆེན་པོ་བྱུང་། ལྷག་པར་དུ་ལྷ་ས་རྫོང་པས་ཆོས་སྡེ་ལྷོ་བྱང་གཉིས་ལ་དབང་བསྒྱུར་བྱས་ཏེ་ཕལ་ཆེར་ས་སྐྱ་སྟོང་པ་ཆགས་གྲབས་བཟོས་སོ། །དེའི་སྐབས་ལྷ་ཁང་བླ་བླང་དང་། རིན་ཆེན་སྒང་བླ་བྲང་། དུས་མཆོད་བླ་བྲང་། གཞི་ཐོག་བླ་བྲང་བཅས་བཞི་ཡོད། གདུང་དེ་དག་གི་རྩ་བ་བདག་ཉིད་ཆེན་པོ་བཟང་པོ་དཔལ་ལས་བྱུང་། ཁོང་རྒྱ་ནག་སྨན་རྩེ་ལ་བཞུགས་པའི་ཚེ་རྗེ་བཙུན་སྒྲོལ་མ་ལ་གསོབ་བ་བཏབ་རྐྱེན་རྗེ་བཙུན་སྒྲོལ་མ་ཞལ་མངོན་སུམ་དུ་གཟིགས་ནས། སྒྲོལ་མའི་ནང་དུ་ཡོད་པའི། བུ་འདོད་པ་ནི་བུ་འཐོབ་འགྱུར་ཞིང་། ནོར་འདོད་པ་ནི་ནོར་ཐོབ་འགྱུར་ཞེས་པ་དེ་གསུངས་ཏེ་ཁྱེད་ལ་ངས་ནོར་ཡང་སྤྲད་ཆོག །བུ་ཡང་སྤྲད་ཆོག་གསུངས་སོ། །ཕྱིས་རྒྱ་ནག་ནས་བོད་ལ་ཕེབས་པ་ན་བོད་ཀྱི་རྒྱལ་པོ་ཆགས། རྒྱལ་པོ་ཆགས་པས་ནོར་ཐོབ་ཐོབ་པ་རེད། སྲས་ཀྱང་བུ་བུ་མོ་བསྡོམས་ནས་བཅོ་ལྔ་ཙམ་བྱུང་ཏེ་གདུང་རྒྱུད་བྱུང་ངོ་། །བདག་ཆེན་བློ་གྲོས་རྒྱལ་མཚན་དགོངས་པ་རྫོགས་པ་དང་གཞི་ཐོག་བླ་བྲང་ཡང་གདུང་བརྒྱུད་མེད་པ་ཆགས། རིན་ཆེན་སྒང་དང་། ལྷ་ཁང་བླ་བྲང་གི་གདུང་བརྒྱུད་ཀྱང་མེད་པ་ཆགས་སོ། །
དེ་ནི་གཅིག་བྱས་ན་མཐུ་བརྒྱབ་ནས་མེད་པ་བཟོས་པ་ཡིན་སྲིད། གཅིག་བྱས་ན་ཁོང་ཚོའི་གདུང་གིས་སེམས་ཅན་ལ་ཕན་ཐོག་པའི་སེམས་ཅན་གྱི་བསོད་ནམས་རྫོགས་ཏེ་ཞིང་ཁམས་ལ་མཇུག་བསྡུས་པ་ཡང་ཡིན་སྲིད། དེ་འདྲ་ཡོང་སྲིད་དེ། དཔེར་ན་མར་པ་ལོ་ཙྭ་བ་ན་རོ་པའི་སྐུ་མདུན་ལ་ཕེབས་པའི་ཚེ། ན་རོ་པས་ངའི་མདུན་དུ་གཟིམས་ཞེས་བཀའ་གནང་བ་ལྟར་མཚན་མོ་ཞིག་ན་རོ་པའི་སྐུ་མདུན་དུ་གཟིམས། ན་རོ་པའི་དགོངས་པ་ལ་མར་པ་ལོ་ཙཱ་བ་དེ་སློབ་མ་དད་པ་ཆེན་པོ་ངའི་སྐུ་མདུན་ལ་ཡང་ནས་ཡང་དུ་ཆོས་ཞུ་མཁན་ཞིག་རེད། མ་འོངས་པ་ལ་ཁོང་རང་གི་བརྒྱུད་པ་ཡི་རྟེན་འབྲེལ་ག་འདྲ་ཞིག་འདུག་བརྟག་དགོས་དགོངས་ནས། མདུན་གྱི་ནམ་མཁའ་ལ་དགྱེས་རྡོར་ལྷ་དགུའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་སྤྲུལ། ཁོང་རང་ཡང་དེར་བཞུགས་ཏེ་མར་པ་གཉིད་ལས་དཀྲོགས། མདུན་གྱི་ནམ་མཁའ་ཁྱེད་ཀྱི་ཡི་དམ་ཡང་བཞུགས་འདུག །བླ་མ་ཡང་བཞུགས་འདུག །ཁྱོད་ཕྱག་འཚལ་ན་སུ་ལ་འཚལ་ཞེས་དྲི་དུས། མར་པའི་དགོངས་པ་ལ་བླ་མ་ནི་ག་དུས་ཡང་མཇལ་ཆོག །ཡི་དམ་ལ་ཕྱག་འཚལ་དགོས་སྙམ་ནས་ཡི་དམ་ལ་ཕྱག་འཚལ་ལོ། །ན་རོ་པས་བླ་མ་མེད་ན་སངས་རྒྱས་མི་འབྱུང་། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་བླ་མ་ལ་བརྟེན་ནས་བྱུང་བ་རེད། མདུན་གྱི་དཀྱིལ་འཁོར་རྣམས་ཀྱང་ངས་སྤྲད་པ་ཡིན་གསུངས་ཏེ་དཀྱིལ་འཁོར་ན་རོ་པ་ལ་ཐིམ། དེས་རྟེན་འབྲེལ་འཆུགས་ཏེ། ན་རོ་པས་རྟེན་འབྲེལ་དེའི་རྐྱེན་པས་ཁྱེད་ལ་བུ་བརྒྱུད་མི་འབྱུང་གསུངས་སོ། །ཏག་ཏག་མར་པའི་སྲས་དར་མ་མདོ་སྡེ་རྭ་ལོ་ཙྭ་བས་བཀྲོངས་ཏེ་གདུང་བརྒྱུད་མེད་པ་ཆགས་སོ། །རྟེན་འབྲེལ་འཆུག་པ་དེ་ཡང་ཁྱེད་ཀྱི་རྐྱེན་མ་རེད། སེམས་ཅན་གྱི་བསོད་ནམས་ཀྱི་རྐྱེན་བྱས་པ་རེད་གསུངས། གང་ལྟར་བདག་ཆེན་བློ་གྲོས་རྒྱལ་མཚན་དགོངས་པ་རྫོགས་རྗེས་བླ་བྲང་གསུམ་མཇའ་ཡལ་བ་བཞིན་མེད་པ་ཆགས་ཏེ། ད་ལྟ་གཅིག་བཞུགས་པ་དེ་དུས་མཆོད་བླ་བྲང་ངོ་། །
སྐྱབས་མགོན་རིན་པོ་ཆེ་དང་བདག་ཆེན་རིན་པོ་ཆེ་ལ་སོགས་པ་ཐམས་ཅད་ཕེབས་ས་དེ་དུས་མཆོད་བླ་བྲང་ཡིན། དེའི་ཚེ་དུས་མཆོད་བླ་བྲང་རྩེ་གདོང་དུ་བཞུགས། དེ་དུས་སྔགས་འཆང་འཇམ་དབྱངས་ཚེ་བརྟན་བཀྲ་ཤིས་ཡིན། ཁོང་དུར་ཁྲོད་བདག་པོའི་གྲུབ་ཐོབ་ཡིན། དུར་ཁྲོད་བདག་པོ་ལ་བཀའ་ཅི་ཞིག་གནང་ན་ཡང་དེ་མ་ཐག་སྒྲུབ་ཀྱི་ཡོད། དེ་ལ་སྲས་གཉིས་ཀྱི་རྒན་པ་འཇམ་དབྱངས་ནམ་མཁའ་བསམ་གྲུབ་ནི་གུ་རུ་རིན་པོ་ཆེ་དང་ཞལ་གྱི་སྤྲུལ་པ་ཡིན། མགོན་པོ་ཞལ་ལ་བཀའ་ཅི་ཞིག་གནང་ན་ཡང་དེ་མ་ཐག་སྒྲུབ་ཀྱི་ཡོད། ཁོང་གི་སྐུ་མདུན་ལ་ངོ་བོ་མགོན་པོ་ཞལ་ཡིན་པ་ལ་རྣམ་པ་གཡག་རྭ་ལྔ་པ་ཅན། རྭ་དེ་དག་ཀྱང་ཚོན་ཁྲ་ལྔ་པ་ཅན་ཞིག་ཡོད། དེ་ཁོང་གིས་རྟག་པར་ཉར་ནས་བཞུགས་ཀྱི་ཡོད། ཁོང་ལ་ཕྲིན་ལས་སྒྲུབ་དགོས་པ་བྱུང་ན་སྒོ་འགྲམ་གྱི་གཡག་དེ་ལ་བཀའ་བཏང་ན་དེས་ལམ་སང་བསྒྲུབས་ནས་ཡོང་གི་ཡོད། མགོན་པོའི་སྤྲུལ་པ་ཆེན་པོ་ཡིན་པ་ལ་བརྟེན་ནས་མགོན་པོ་སྒོ་འགྲམ་གྱི་ཐོག་བཞིན་དུ་ཉར་རོ། །
ཁོང་གི་སྐུ་མཆེད་ཆུང་བ་སྔགས་འཆང་ཀུན་དགའ་རིན་ཆེན་ནི་ཆོས་རྗེ་ས་པཎ་གྱི་སྤྲུལ་པ་དང་མགོན་པོ་གུར་གྱི་གྲུབ་ཐོབ་ཆེན་པོ་ཡིན། དེའི་སྐབས་ཆོས་སྡེ་ལྷོ་བྱང་གཉིས་ལྷ་ས་རྫོང་པའི་དབང་འོག་ཏུ་ཤོར། ས་སྐྱ་མི་ཡིས་སྟོང་གྲབས་བྱས། གདུང་བརྒྱུད་གཞན་པ་རྩ་བ་ནས་མེད་ཙང་། དེའི་སྐབས་ཀྱི་ས་སྐྱ་པའི་མཁས་པ་དང་། བླ་མ་རྣམ་པ། ལྷག་པར་དུ་རྒྱལ་རྩེ་ཆོས་རྒྱལ། རིན་སྤུངས་ཆོས་རྒྱལ། བྱང་པ་ཆོས་རྒྱལ་རྣམས་ཀྱིས་རྩེ་གདོང་ནས་སྔགས་འཆང་གདན་འདྲེན་མ་ཞུས་ན་ས་སྐྱ་ཉམས་འགྲོ་ས་རེད་སྔགས་འཆང་གནད་འདྲེན་ཞུ་བའི་བཀའ་གྲོས་གནང་མཐར་འོས་བབས་དེ་སྔགས་འཆང་ཀུན་དགའ་རིན་ཆེན་ལ་བབས་ཏེ། ཁོང་གསང་བ་ཆེན་པོས་ས་སྐྱ་གོང་ལ་གདན་དྲངས། ཁོང་དེའི་ཚེ་དགུང་ལོ་བཅུ་པ་ཡིན། གོང་གི་ཆོས་རྒྱལ་རྣམ་པས་ཐབས་ཤེས་ཡོད་དགུ་རྩལ་སྤྲུགས་བྱས་ཏེ་ཆོས་སྡེ་ལྷོ་བྱང་གཉིས་ལྷ་ས་རྫོང་པའི་ལག་ནས་བླངས་ཏེ་སྔགས་འཆང་ཀུན་དགའ་རིན་ཆེན་ལ་ཕུལ། དེ་ནང་ཡང་ཕར་གཅིག་འཕྲོགས། ཡང་ཚུར་བླངས་ཏེ་ཕུལ། ཡང་ཕར་གཅིག་འཕྲོགས། ཡང་ཚུར་གཅིག་བླངས་ཏེ་ཕུལ་བ་དེ་ལྟར་ཚར་གསུམ་བྱས། དེའི་ཚེ་ལྷ་ས་རྫོང་པས་གཙོ་བྱས་པའི་ས་སྐྱའི་དགྲ་རྣམས་ཀྱིས་མི་བྱེད་དགུ་བྱེད་བྱེད་མཁན་དེ་སྔགས་འཆང་ཀུན་དགའ་རིན་ཆེན་ཡིན་ཕྱིར་ཁོང་བསད་དགོས་འདུག་ཅེས་གྲོས་བྱས་སོ། །
དེའི་ཚེ་སྔགས་འཆང་མགོན་ཁང་གི་ས་ཞབས་ལ་དོང་བྲུས་ནས་མགོན་པའི་སྒྲུབ་པ་ལ་བཞུགས། དེའི་ཚེ་སྔགས་འཆང་གི་ཚབ་ཅིག་དགོས་པ་དེ་ནི། སྔགས་འཆང་ཁོང་གི་ཞབས་ཕྱི་དེ་ས་སྐྱ་པའི་ལས་སྨོན་གྱི་དབང་གིས་སྐད་དང་། གདོང་པ། གཟུགས་པོའི་བོང་ཚད་སོགས་ཐམས་ཅད་སྔགས་འཆང་དང་གཅིག་པ་གཅིག་རྐྱང་། སྔགས་འཆང་གི་དུག་ལོག་གཡོགས་ན་སྔགས་འཆང་ཀུན་དགའ་རིན་ཆེན་དང་ནོར་འགྲོ་བ་གཅིག་ཡོད་དོ། །ཁོང་གིས་སྲོག་བློས་བཏང་སྟེ། ཁྱེད་སྒྲུབ་པ་ལ་བཞུགས། ཁོང་ཚོས་ཅི་ཞིག་བྱས་ན་ཡང་ངས་འགན་ཁྱེར་ཆོག་ཅེས་ཞུས་ཏེ་ཁོང་སྔགས་འཆང་ཡིན་ཚུལ་གྱིས་བཞུགས་སོ། །ཁོང་གི་མཚན་ལ་ཀུན་དགའ་ཚེ་རིང་ཞུ་ཞིང་མདོ་སྔགས་རབ་འབྱམས་བཤད་ཐུབ་པའི་མཁས་པ་ཆེན་པོ་དང་སྐད་གྲགས་ཆེན་པོ་ཡིན་ནོ། །དེ་ནས་ཁོང་ཚོ་ཡོང་སྟེ་ཁོང་བསད་དོ། །ཐོག་མའི་ཀུན་སློང་བཟང་ཡང་ཁོང་རྣམ་པས་བསད་ལུགས་མི་བཟད་པ་ག་འདྲ་བྱས་ཏེ་བསད་པ་ཡིན་ནམ། དེས་ཁོང་བློ་བསྒྱུར་ཏེ་ད་ང་འདི་འདྲ་བྱས་ཏེ་བསད་སོང་། སྐྱེ་བ་ཕྱི་མ་ལ་འཛམ་གླིང་གསུམ་གཉིས་ཟ་ཐུབ་མཁན་ཞིག་ཏུ་སྐྱེ་བར་ཤོག་ཅེས་སྨོན་ལམ་ལོག་པ་བཏབ་བོ། །དེ་སྒྲུབ་པ་ལ་བཞུགས་བཞིན་པའི་སྔགས་འཆང་གིས་མཁྱེན་ཏེ་འདི་གདུལ་ཐུབ་མཁན་ཞིག་ཏུ་སྐྱེ་བར་ཤོག་ཅེས་སྨོན་ལམ་བཏབ་བོ། །འབའ་མོ་དང་པོ་ནམ་མཁའ་སྒྲོལ་མའི་གླེང་གཞི་འདི་ནས་མགོ་ཚུགས་པ་ཡིན། དེ་ནས་སྔགས་འཆང་གིས་སླར་ཡང་བྱ་ཁྱུང་རྡོ་རྗེ་བྲག་རྫོང་དང་། (རྒྱལ་རྩེ་སྒོ་བཞིན་རྣམས་སུ་སྒྲུབ་པ་ལ་བཞུགས། སྒྲུབ་པ་མཐར་ཕྱིན་ནས་ལས་སྦྱོར་གནང་སྟེ་ལྷ་ས་རྫོང་པ་གཙོ་བྱས་པའི་དགྲ་བྱེད་པ་ཐམས་ཅད་ཐལ་བའི་རྡུལ་བཞིན་མེད་པར་བཟོས་སོ། །ཆོས་སྡེ་ལྷོ་བྱང་གཉིས་ཚུར་བླངས་ཏེ་བྱང་ལ་སྔགས་ཀྱི་སྡེ་བཙུགས། ལྷོ་བྲལ་འདུལ་བའི་སྡེ་བཙུགས་ཏེ་ལྷོ་ཡི་ཡིག་ཆ་ལ་ཀུན་མཁྱེ་གོ་རམས་པའི་ཡིག་ཆ་འབའ་ཞིག་བཞག །དེ་ཡང་ཁོང་གི་(མགོན་པོའི་སྐུ་མདུན་དུ་ས་སྐྱའི་མཁས་པ་མང་པོའི་ཡིག་ཆ་བརྟག་པ་ཞུ་དུས་ཀུན་མཁྱེན་གྱི་ཡིག་ཆ་བབས་པ་ཡིན་ནོ། །
གལ་ཏེ་སྔགས་འཆང་ཀུན་དགའ་རིན་ཆེན་ཕེབས་མེད་ན་ས་སྐྱའི་གདུང་བརྒྱུད་དང་། བསྟན་པ་ཡང་མེད་པ་ཆགས་འགྲོ་གི་ཡོད། ཁོང་ས་སྐྱ་ལ་དགུང་ལོ་བཅུ་ལ་ཕེབས། བསྟན་པ་རྩ་བ་ནས་གསོས་ཏེ་དགུང་ལོ་རེ་བརྒྱད་པ་ལ་གཤེགས། ཁྲི་རབས་ཉེར་གསུམ་པ་ཡིན། ཁོང་ལ་གདུང་སྲས་གཉིས་ལས་རྒན་པ་ཁྲི་རབས་ཉེར་བཞི་པ་བསོད་ནམས་དབང་པོ་ནི་གུ་རུ་རིན་པོ་ཆེའི་སྤྲུལ་པ་དང་རྡོ་རྗེ་ཕུར་པའི་གྲུབ་ཐོབ་ཡིན། ཁོང་རྟ་ནག་(ཟབ་ཕུག)་ལ་སོགས་པ་གུ་རུ་རིན་པོའི་ཆེའི་གནས་ཕལ་ཆེ་བ་ལ་ཕེབས་ཏེ་ཆུ་མེད་ས་ལ་ཆུ་བཏོན། བྲག་དང་རྡོ་ཐམས་ཅད་ལ་ཕྱག་རྗེས་དང་ཞབས་རྗེས་བཞག་པ་ལ་སོགས་པ་གྲུབ་རྟགས་མང་དུ་སྟོན་མཁན་ཞིག་ཡིན། ཁོང་གི་སྐུ་མཆེད་གཞོན་པ་ཁྲི་རབས་ཉེར་ལྔ་པ་སྔགས་འཆང་གྲགས་པ་བློ་གྲོས་ནི་མཁན་ཆེན་ཞི་བ་འཚོའི་རྣམ་སྤྲུལ་དང་མགོན་པོའི་གྲུབ་ཐོབ་ཡིན། ཐེངས་ཤིག་ཁོང་གིས་མགོན་པོ་ལྕམ་བྲལ་གྱི་འཆམ་སྐུ་བཟོས་ཏེ་རབ་གནས་བྱས་ནས་མགོན་ཁང་དུ་བཞག་པ་ཙམ་གྱིས་ས་སྐྱའི་བསྟན་པ་ལ་དགྲ་བྱེད་མཁན་ཁ་ཤས་ནང་འཛིང་ཐེབ། ཁ་ཤས་ཤི། ཁ་ཤས་གནས་དབྱུང་གཏང་བ་དེ་འདྲ་བྱུང་བ་ཡིན། དེའི་ཚེ་སྔགས་འཆང་གི་ཞབས་ཕྱི་དེ་ལི་ཐང་དང་འབའ་ཡི་ཉེ་འགྲམ་གྱི་ལུང་པ་ཞིག་ན་བུད་མེད་ཤིན་ཏུ་མཛེས་པ་ལྷ་ཡི་བུ་མོ་ལྟ་བུ་མཚན་མ་ལ་སོ་ཡོད་མཁན་ཞིག་ལ་སྐྱེས་ནས་ཡོད། མོ་ཤིན་ཏུ་མཛེས་པའི་རྐྱེན་གྱིས་མི་ཤིན་ཏུ་མང་པོ་སྣང་བ་འགྲོ་སྟེ་མོ་ལ་འབྲེལ་བ་བྱས། འབྲེལ་བ་བྱུང་ཚད་གྱི་རྩ་བ་དེ་མོ་ཡི་འོག་གི་སོ་དེས་བཅད་འགྲོ་གི་ཡོད། དེ་ལྟར་བྱས་ཏེ་མི་ཤིན་ཏུ་མང་པོ་ཤི། དེའི་ཚེ་སྔགས་འཆང་ཀུན་དགའ་རིན་ཆེན་གྱིས་དག་ཞིང་ནས་གདུལ་བའི་དུས་ལ་བབས་པ་གཟིགས་ཏེ། དེ་ཐབས་སུ་རང་གི་བུ་སྔགས་འཆང་གྲགས་པ་བློ་གྲོས་ཀྱི་བུ་རུ་སྐྱེ་བ་ལེན་པར་ཐུག་ཐག་གཅད་དེ་ཁོང་གི་བུ་རུ་འཁྲུངས། ཁོང་ལ་གདུང་སྲས་གསུམ་སྟེ། རྒན་པ་དགའ་ཆེན་མཐུ་སྟོབས་དབང་ཕྱུག་ཡིན། ཁོང་ཁྲི་པ་གནང་མེད། བར་པ་ཁྲི་ཐོག་ཉེར་དྲུག་པ་ཀུན་དགའ་དབང་རྒྱལ། གཞོན་པ་ཁྲི་ཐོག་ཉེར་བདུན་པ་མཇམ་མགོན་ཨ་མེས་ཞབས་སོ། །དགའ་ཆེན་མཐུ་སྟོབས་དབང་ཕྱུག་སྐྱེ་བ་བཞེས། རང་གི་ཞབས་ཕྱི་དེ་འབའ་ཡུལ་དུ་སྐྱེས་པ་དང་། ཆེན་པོ་གང་མཚམས་ཆགས། སེམས་ཅན་ལ་གནོད་འཚེ་བྱེད་པ་མངོན་ཤེས་ཀྱིས་གཟིགས་ཏེ། རང་གི་ཞབས་ཕྱི་དེ་གདུལ་བའི་ཆེད་དུ་རིམ་གྱིས་འབའ་ལ་ཕེབས། བུད་མེད་དེ་བཏུལ། གསང་ཡུམ་དུ་ལྟ་བུར་བསྟེན་ཏེ་ཡར་ལ་ཁྲིད་འོང་བ་ཡིན། ས་སྐྱ་སླེབས་པ་ལ་ཉིན་མ་གཉིས་ཙམ་འགོར་སའི་(ཡུལ་ཆེན་)ཞེས་པའི་ལུང་པ་རུ་སླེབས་པ་ན། གདུལ་གནས་དང་འདུལ་དུས་ཏག་ཏག་ཅིག་ལ། མོ་ཡི་སྙིང་དཀར་ནག་གི་མཚམས་ལ་ཕུར་པ་བཏབ་སྟེ་བསྒྲལ་ནས་རྣམ་ཤེས་དེ་སྲུང་མ་ལ་བསྐོས། དེ་ཡང་ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་སྔགས་སྡོམ་གནང་སྟེ་ཚུལ་བཞིན་དུ་ཆོས་ལ་སྤྱོད་མཁན་བཟོས། དེ་ཕྱིན་ཆད་བསྟན་པའི་སྲུང་མ་ལ་བསྡད་དེ་བསྟན་པ་ལ་གནོད་པའི་བར་ཆད་སྲུང་དགོས་ཞེས་དམ་ལ་བཏགས་སོ། །དེའི་མིང་ནི་ནམ་མཁའ་སྒྲོལ་མའོ། །དེ་འབའ་ནས་བྱུང་བའི་འབའ་ཡི་བུ་མོ་ཡིན་ཙང་འབའ་མོ་ཞེས་པའི་མིང་དེ་ནས་བྱུང་། དེའི་རྗེས་ལ་བྱུང་ཚད་ཐམས་ཅད་ལ་རིགས་འདྲ་བ་ཡིན་དུས་འབའ་མོ་ཞེས་ཐོགས་པ་ཡིན་ནོ། །དེའི་ཆོ་ག་བཞིན་གསུངས་ན་ན་མོས་འཕྲིན་ལས་སྒྲུབ་ཅིང་བསྟན་པ་ཡང་སྲུང་བར་འགྱུར་རོ། །
སྤྱིར་སྲུང་མ་སྒྲུབ་མཁན་ལ་རབ་མ་བསྒྲུབས་ཀྱང་འགྲུབ་མཁན་ཞིག །འབྲིང་བསྒྲུབས་ན་གྲུབ་མཁན་ཞིག །ཐ་མ་བསྒྲུབས་ཀྱང་མི་འགྲུབ་མཁན་ཞིག་བཅས་རིགས་གསུམ་ཡོད། དེ་དག་ལས་རིན་པོ་ཆེ་ཁྱེད་ནི་གོང་མ་གཉིས་ལས་འགྲོ་ས་མེད། སོང་ཙང་སྐྱབས་མགོན་རིན་པོ་ཆེ་དང་། བདག་ཆེན་རིན་པོ་ཆེ། མཁན་རིན་པོ་ཆེ་རྣམ་པ་གསུམ་ལ་ཆོ་ག་འདོན་སྟངས་དགོངས་སྐོར་ཞུས་ཏེ་བཏོན་ན་ཏན་ཏན་ཁྱེད་ལ་འཕྲིན་ལས་སྒྲུབ་ངེས་ཡིན། སྤྱིར་འབའ་མོའི་སྐོར་དེ་དོ་ཁུར་བྱེད་མཁན་མི་ཤིན་ཏུ་ཉུང་ཉུང་ཡིན། ཁྱེད་རང་བསྟན་པའི་བདག་པོ་ཡིན་དུས་དེའི་རིགས་སུ་གཏོགས་པ་ཐམས་ཅད་དོ་ཁུར་གནང་སྟེ་ཐུགས་ལ་ཉར་རོགས་གནང་། ད་ལྟ་བཀའ་འདྲི་ཞུ་ས་ཁོང་རྣམ་པ་གསུམ་མ་གཏོགས་ལྷག་མེད། ཁོང་རྣམས་ལ་འབའ་མོའི་སྐོར་འདི་བཀའ་འདྲི་ཞུས། ངག་རྒྱུན་གང་ཐོབ་པ་རྣམས་སྒྲ་ཐག་ལ་བཅུག །ཡིག་ཐོག་ལ་ཉར་བསྡད་ན་རྗེས་མ་ཕན་ཐོག་ངེས་ཡིན་ནོ། །དེ་ནས་ཁྲི་ཐོག་སོ་གཉིས་པ་འགྲོ་མགོན་དབང་སྡུད་སྙིང་པོའི་སྐབས་ལ་ཡང་(ཤང་ཤོང་རྡོ་རྗེ་བུ་ཁྲིད་ཟེར་བའི་འབའ་མོ་གཅིག་དམ་ལ་བཏགས་ཤིང་སྲུང་མར་བསྐོས་སོ། །དེའི་ཕྱིས་སུའང་བྲག་དམར་ཆོས་ཉིད་དང་། རྫ་པེ་དཔལ་འཛོམས་སོགས་དམ་ལ་བཏགས་སོ། །ཁོང་རྣམ་པ་ལུང་པ་འབའ་མིན་ཀྱང་མིང་སྔོན་མ་དེ་ཐོག་གོ། །དཔེར་ན་ཤང་ཤོང་རྡོ་རྗེ་བུ་ཁྲིད་ལ་མཚོན་ན་ལུང་པ་ཤང་ཤོང་། མིང་ལ་རྡོ་རྗེ་བུ་ཁྲིད་ཟེར། འབའ་མོའི་རིགས་འདི་ཐམས་ཅད་སྨོན་ལམ་ལོག་པའི་རྐྱེན་གྱིས་སེམས་ཅན་ལ་གནོད་པ་བྱེད་མཁན་ནུས་པ་ཆེན་པོ་ཡོད་པ་རྐྱང་རྐྱང་ཡིན། དེ་དག་ད་ཕྱིན་ཆད་སེམས་ཅན་ལ་གནོད་པ་བྱེད་མི་ཆོག །ཁྱེད་ཚོ་ནང་པའི་བསྟན་པ་ལ་བཞུགས། སྐྱབས་འགྲོ་དང་བྱང་སྡོམ། སྔགས་སྡོམ་ཞུས་ནས་ཉམས་ལེན་གནང་སྟེ་བསྟན་པ་སྲུང་དགོས་ཡོད་ཅེས་དམ་ལ་བཏགས་པ་ཡིན་ནོ། །དེའི་ནང་ནས་ནམ་མཁའ་སྒྲོལ་མ་དེ་མ་འདྲ་བ་ཞིག་ཡིན་པ་འདྲ། མོ་རང་དམ་ལ་བཏགས་ས་ཡུལ་ཆེན་གྱི་དགོན་པ་དེའི་ནང་ལ་མོའི་རུས་པ་ཡི་རྐང་རླུང་ཞིག་འདུག །དེ་ལ་ཨོཾ་ཨ་ཧཱུྃ་གསུམ་གྱི་རང་བྱོན་ཧ་ཅང་གི་གསལ་པོར་འདུག་ཟེར། མོ་སྔ་ས་ནས་གྲུབ་པ་ཐོབ་པའི་དེ་འདྲ་ཡིན་པ་འདྲ། འབའ་མོའི་རིགས་ཐམས་ཅད་མཇལ་ས་བླ་མ་རྩ་ཆེན་པོ་འབའ་ཞིག་ལ་མཇལ། དེ་དག་གི་སྐུ་མདུན་ནས་ཆོས་ཞུས་པ་ཡིན། ད་ལྟ་རེ་གཉིས་ལྷགས་ཡོད་ན་མ་གཏོགས་ཕལ་ཆེ་བ་གྲུབ་པ་ཐོབ་ཚར་རོ། །ཡིན་ན་ཡང་ཁོང་ཚོ་དམ་ཚིག་ཡིན་དུས་འཕྲིན་ལས་དེ་ད་ལྟ་ཡང་འགྲུབ་དགོས་སོ། །དེར་བརྟེན་གཏོར་མ་ཆོ་ག་ནང་བཞིན་མ་བཏང་ན་ཡོང་རོགས་བྱེད་ཀྱི་མ་རེད།
ལྷ་རྒྱལ་སྲང་གི་ཆོས་སྡེའི་མཁས་དབང་སྡེ་དགེའི་ཤར་བླའི་རྣམ་བསྡུས།
འཇམ་དབྱངས་ཆོས་ཀྱི་ཉི་མ་རིན་པོ་ཆེ།
སྡེ་དགེའི་ནུབ་བླ་མ་འཇམ་དབྱངས་མཁྱེན་རབ་མཐའ་ཡས།
ལྷ་རྒྱལ་སྲང་གི་ཆོས་སྡེའི་རྡོར་འཛིན་ཨ་འཛི་ངག་དབང་བཟང་པོ
ཡིད་ལྷུང་ལྷ་རྒྱལ་དགོན་གྱི་གྲུབ་པའི་དབང་ཕྱུག་ངག་དབང་རིན་ཆེན་མཆོག
ཡིད་ལྷུང་ལྷ་རྒྱལ་དགོན་གྱི་དགུ་ཆེན་སྐབས་ཀྱི་འདྲ་པར་ཁག་གཅིག །
མ་ཧཱ་པཎྜི་ཏ་ཨ་འཛི་ནོར་བུ་དབང་རྒྱལ་རྗེས་དྲན་ཞུ། ལྷ་རྒྱལ་སྲང་།
བླ་མ་དགེ་འདུན་ཡར་འཕེལ་གྱི་རྣམ་ཐར།
མཁྱེན་རབ་མཐའ་ཡས་གསོལ་འདེབས།
གྲུབ་ཆེན་བརྒྱད་བཅུའི་སྐུ་པར་ཆ་ཚང་བཞུགས་སོ། །
མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལ་གེ་སར་གྱི་ལུང་བསྟན་བྱུང་ཚུལ།
འཇམ་མགོན་གུ་ནའི་མཛད་པའི་འཇམ་དབྱངས་མཁྱེན་བརྩེའི་རྣམ་ཐར།
ས་ཟླའི་དུས་ཆེན་ལ་ས་སྐྱ་གོང་མ། 萨噶月萨迦法王念诵 ཞལ་འདོན་སྒྲ་སྒམ།1
ས་ཟླའི་དུས་ཆེན་ལ་ས་སྐྱ་གོང་མ། 萨噶月萨迦法王念诵 ཞལ་འདོན་སྒྲ་སྒམ།2
རི་མོའི་ལམ་ནས་རྫོང་སར་རིན་པོ་ཆེའི་རྣམ་ཐར་མཇལ་བ། 宗萨仁波切传记
བཀའ་སློབ་དུས་ཐོག་ཆར་པ། འཁོན་གདུང་ཨ་བྷི་ཀིརྟ། 法王子无变金刚教言•及时甘霖
རྒྱལ་སྲས་ལག་ལེན་གྱི་དཔེ་རིས། 珍贵的佛子行三十七颂的图纸
སྐྱབས་མགོན་གོང་མ་ཁྲི་ཆེན་མཛད་རྣམ་དགུ་ཐང་། དྷཱི་ཕུ་མཁན་ཆེན།
༄༅། །གདམས་པ་རིན་ཆེན་ཕྲེང་མཛེས་ཞེས་བྱ་བ། 美丽璎珞:心之建言
༸ཀླུ་ལྡིང་མཁན་རྒན་གྱིས་ཁྲིད། སྒྲོལ་དཀར་ཚེ་སྒྲུབ་སྐོར། ཚན་པ་1-2-3
མར་མེའི་སྨོན་ལམ【供灯愿文】
སྒྲོལ་མ་ཉེར་གཅིག་གི་ཆོས་དབྱངས་གསར་པ། ལེན་མཁན་ཀུན་བཟང་རྡོ་རྗེ།
རྫོང་སར་༸མཁྱེན་བརྩེས་ཞལ་བཀོད་མཛད་པའི་སྒྲོལ་མ་ཉེར་གཅིག 二十一度母
བསྟོད་པའི་རྒྱལ་པོའི་རྒྱུད་ཕྱག་འཚལ་ཉེར་གཅིག་གི་བསྟོད། 二十一度母赞文
སངས་རྒྱས་སྨན་བླའི་དུས་ཆེན། 药师佛吉日
པཎ་ཆེན་ཤཱཀྱ་མཆོག་ལྡན་དང་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གཉིས་ཀྱི་རྩོད་པ་རྩོད་ལན་ཁག་གཅིག
གྲུབ་ཆེན་བརྒྱད་བཅུའི་སྐུ་པར་ཆ་ཚང་བཞུགས་སོ། །
བོད་ཀྱི་བཙུན་མ་ཐོག་མ་སུ་ཡིན་ནམ
སྔོ་ཚོད་དང་སིལ་ཏོག་གི་ཕན་ནུས།
སྡུག་བསྔལ་གྱི་ཡོན་ཏན་ལྔ། 痛苦具有五种功德
དཔེ་ཝར་རྡོ་རྗེ་འཆང་གི་ཞལ་གསུང་བྱིན་ལྡན།白雅仁波切亲述祈请加持
༸སྐྱབས་རྗེ་དཔེ་ཝར་མཆོག་སྤྲུལ་རིན་པོ་ཆེའི་གསོལ་འདེབས།
༄༅། །དཔེ་ཝར་དང་རྫོང་སར་གཉིས་ལ་མཉམ་དུ་ཤར་བའི་ངོ་མཚར་བའི་འཇའ་ཚོ།
དཔེ་ཝར་རིན་པོ་ཆེ་གདུང་སེམས་མཉམ་བསྐྱེད་ཀྱི་ཞུ་འཕྲིན།
དཔེ་ཝར་རིན་པོ་མྱུར་བྱོན་གསོལ་འདེབས། གཟན་དཀར་རིན་པོ་ཆེ།
དཔེ་ཝར་རིན་པོ་མྱུར་བྱོན་གྱི་གསོལ་འདེབས།白雅仁波切速速转世祈请文 དཔེ་ཝར་མཆོག་སྤྲུལ་གྱི་བཞེངས་གསོལ་བསྐུལ་བ།
དཔེ་ཝར་རྡོ་རྗེ་འཆང་གི་རྣམ་ཐར་གསོལ་འདེབས། རབ་བརྟན་མཁན་དགེ་ལེགས།
བསྟན་སྲུང་འབའ་མོའི་བྱུང་བ། མཁན་ཆེན་བསོད་ནམས་རྒྱ་མཚོས་གསུངས། ངག་དབང་ཐོག་མེད་ཀྱིས་ཕབ།
སྤྱིར་ས་སྐྱ་པ་ལ་སྲུང་མ་མང་པོ་ཡོད་པ་དེ་དག་ཕལ་ཆེ་བ་ལོ་རྒྱུས་ཡི་གེ་ཡོད་ཀྱང་། འབའ་མོའི་སྐོར་ལ་བྲིས་པའི་ལོ་རྒྱུས་དང་། བླ་མ་རྣམས་ཀྱི་རྣམ་ཐར་ནང་ལ་ཡོང་གི་ཡོད་ས་མ་རེད། ངས་འབའ་མོའི་སྐོར་ཞུ་ས་དཔལ་ལྡན་ལགས་ཡིན། ཁོང་ནི་སྤྲུལ་སྐུ་རིན་པོ་ཆེའི་སློབ་མ་རེད། ཁོང་གིས་གསུངས་ན་འབའ་མོའི་སྐོར་འདི་བླ་མའི་རྣམ་ཐར་དང་དེབ་ཐེར་ནང་མི་འདུག །མི་རྒན་པའི་ངག་རྒྱུན་དེད་ནས་འགྲོ་དགོས་གསུངས། དང་པོ་གླེང་གཞི་ནི། ས་སྐྱའི་བསྟན་པ་ལ་དགྲ་བྱེད་མཁན་མང་པོ་བྱུང་བའི་རྐྱེན་གྱིས་བྱུང་བ་ཡིན་པ་འདྲ། ས་སྐྱའི་ཁྲི་རབས་ཉེར་གཅིག་པ་བདག་ཆེན་བློ་གྲོས་རྒྱལ་མཚན་ནི་མུས་ཆེན་གྱིས་ས་ཆེན་ཀུན་དགའ་སྙིང་པོའི་སྤྲུལ་པར་ལུང་བསྟན་ཅིང་། ཁོང་རང་ཉིད་ནས་ཀྱང་ཞལ་གྱིས་བཞེས། ཁོང་ནི་མགོན་པོ་གུར་གྱི་གྲུབ་ཐོབ་རེད། སྤྱིར་མཁས་པ་ཆེན་པོ་དང་ལྷག་པར་དུ་གྲུབ་ཐོབ་ཆེན་པོ་ཡིན། ཆོས་རྗེ་ས་པཎ་ནས་རིམ་གྱིས་དར་ཏེ་ས་སྐྱ་པའི་མཚན་ཉིད་ཀྱི་རྩ་བ་ལྟ་བུ་དེ་ཁྲི་རིན་པོའི་ཆེའི་གདན་ས་རོང་སྟོན་ཆོས་རྗེས་ཕྱག་བཏབ་པའི་ནཱ་ལེནྡྲ་ཡིན། དེ་ནས་མཚན་ཉིད་ག་ས་གང་དུ་ཁྱབ་པ་རེད། དེ་དུས་དགེ་ལུགས་པ་དང་ས་སྐྱ་པ་མཐུན་པོ་ཞེ་དྲགས་མེད་པས། དགེ་ལུགས་པས་མཐུ་མང་པོ་བརྒྱབ་སྟེ་ནཱ་ལེནྡྲ་སྟོང་པ་ཆགས་གྲབས་བྱས་པ་འདྲ། མཐུ་རྒྱག་མཁན་གཙོ་བོ་དེ་དགའ་ལྡན་ཁྲི་ཐོག་བདུན་པ་ཡིན། བདག་ཆེན་བློ་གྲོས་རྒྱལ་མཚན་གྱིས་མགོན་པོའི་ལས་སྦྱོར་གནང་བ་དང་ནམ་མཁའ་ལ་སྤྲིན་ནག་འཚུབ། ས་སྐྱ་ནས་ནཱ་ལེནྡྲའི་བར་དུ་གོ་ཐུབ་པའི་འབྲུག་སྐད་ཤུགས་ཆེན་ཞིག་བརྒྱབ། དེའི་ཚེ་ནམ་མཁའ་ནས་གནམ་ལྕགས་ཞིག་ཁྲི་ཐོག་བདུན་པའི་དབུ་ལ་བབས་ཏེ་ཁོང་དེ་མ་ཐག་ཏུ་དགོངས་པ་རྫོགས། དེ་ལྟར་བྱས་ཏེ་རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྒྲལ་ནས། ནཱ་ལེནྡྲ་ལ་ཡང་བསྐྱར་བསྟན་པ་བཙུགས་ཏེ། ཞ་ལུ་མཁྱེན་རབ་ཆོས་རྗེ་རྒྱལ་ཚབ་ལ་བསྐོས། ཁོང་རང་གིས་ཆོས་འཁོར་བསྐོར་ཏེ་སླར་ཡང་ནཱ་ལེནྡྲ་བསྟན་པ་དར་མགོ་ཚུགས་སོ། ། བདག་ཆེན་རིན་པོ་ཆེ་དང་གོ་ག་གཉིས་ལ་སོགས་པའི་སྐབས་སུ་དགྲ་མང་པོ་བྱུང་ཡང་སྐྱོན་ཆེར་བྱེད་མ་ཐུབ། བདག་ཆེན་རིན་པོ་ཆེ་དགོངས་པ་རྫོགས་པ་དང་སླར་ཡང་བསྟན་པ་ལ་དགྲ་བྱེད་མཁན་ཤིན་ཏུ་མང་པོ་བྱུང་སྟེ་དཀའ་ལས་ཆེན་པོ་བྱུང་། ལྷག་པར་དུ་ལྷ་ས་རྫོང་པས་ཆོས་སྡེ་ལྷོ་བྱང་གཉིས་ལ་དབང་བསྒྱུར་བྱས་ཏེ་ཕལ་ཆེར་ས་སྐྱ་སྟོང་པ་ཆགས་གྲབས་བཟོས་སོ། །དེའི་སྐབས་ལྷ་ཁང་བླ་བླང་དང་། རིན་ཆེན་སྒང་བླ་བྲང་། དུས་མཆོད་བླ་བྲང་། གཞི་ཐོག་བླ་བྲང་བཅས་བཞི་ཡོད། གདུང་དེ་དག་གི་རྩ་བ་བདག་ཉིད་ཆེན་པོ་བཟང་པོ་དཔལ་ལས་བྱུང་། ཁོང་རྒྱ་ནག་སྨན་རྩེ་ལ་བཞུགས་པའི་ཚེ་རྗེ་བཙུན་སྒྲོལ་མ་ལ་གསོབ་བ་བཏབ་རྐྱེན་རྗེ་བཙུན་སྒྲོལ་མ་ཞལ་མངོན་སུམ་དུ་གཟིགས་ནས། སྒྲོལ་མའི་ནང་དུ་ཡོད་པའི། བུ་འདོད་པ་ནི་བུ་འཐོབ་འགྱུར་ཞིང་། ནོར་འདོད་པ་ནི་ནོར་ཐོབ་འགྱུར་ཞེས་པ་དེ་གསུངས་ཏེ་ཁྱེད་ལ་ངས་ནོར་ཡང་སྤྲད་ཆོག །བུ་ཡང་སྤྲད་ཆོག་གསུངས་སོ། །ཕྱིས་རྒྱ་ནག་ནས་བོད་ལ་ཕེབས་པ་ན་བོད་ཀྱི་རྒྱལ་པོ་ཆགས། རྒྱལ་པོ་ཆགས་པས་ནོར་ཐོབ་ཐོབ་པ་རེད། སྲས་ཀྱང་བུ་བུ་མོ་བསྡོམས་ནས་བཅོ་ལྔ་ཙམ་བྱུང་ཏེ་གདུང་རྒྱུད་བྱུང་ངོ་། །བདག་ཆེན་བློ་གྲོས་རྒྱལ་མཚན་དགོངས་པ་རྫོགས་པ་དང་གཞི་ཐོག་བླ་བྲང་ཡང་གདུང་བརྒྱུད་མེད་པ་ཆགས། རིན་ཆེན་སྒང་དང་། ལྷ་ཁང་བླ་བྲང་གི་གདུང་བརྒྱུད་ཀྱང་མེད་པ་ཆགས་སོ། ། དེ་ནི་གཅིག་བྱས་ན་མཐུ་བརྒྱབ་ནས་མེད་པ་བཟོས་པ་ཡིན་སྲིད། གཅིག་བྱས་ན་ཁོང་ཚོའི་གདུང་གིས་སེམས་ཅན་ལ་ཕན་ཐོག་པའི་སེམས་ཅན་གྱི་བསོད་ནམས་རྫོགས་ཏེ་ཞིང་ཁམས་ལ་མཇུག་བསྡུས་པ་ཡང་ཡིན་སྲིད། དེ་འདྲ་ཡོང་སྲིད་དེ། དཔེར་ན་མར་པ་ལོ་ཙྭ་བ་ན་རོ་པའི་སྐུ་མདུན་ལ་ཕེབས་པའི་ཚེ། ན་རོ་པས་ངའི་མདུན་དུ་གཟིམས་ཞེས་བཀའ་གནང་བ་ལྟར་མཚན་མོ་ཞིག་ན་རོ་པའི་སྐུ་མདུན་དུ་གཟིམས། ན་རོ་པའི་དགོངས་པ་ལ་མར་པ་ལོ་ཙཱ་བ་དེ་སློབ་མ་དད་པ་ཆེན་པོ་ངའི་སྐུ་མདུན་ལ་ཡང་ནས་ཡང་དུ་ཆོས་ཞུ་མཁན་ཞིག་རེད། མ་འོངས་པ་ལ་ཁོང་རང་གི་བརྒྱུད་པ་ཡི་རྟེན་འབྲེལ་ག་འདྲ་ཞིག་འདུག་བརྟག་དགོས་དགོངས་ནས། མདུན་གྱི་ནམ་མཁའ་ལ་དགྱེས་རྡོར་ལྷ་དགུའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་སྤྲུལ། ཁོང་རང་ཡང་དེར་བཞུགས་ཏེ་མར་པ་གཉིད་ལས་དཀྲོགས། མདུན་གྱི་ནམ་མཁའ་ཁྱེད་ཀྱི་ཡི་དམ་ཡང་བཞུགས་འདུག །བླ་མ་ཡང་བཞུགས་འདུག །ཁྱོད་ཕྱག་འཚལ་ན་སུ་ལ་འཚལ་ཞེས་དྲི་དུས། མར་པའི་དགོངས་པ་ལ་བླ་མ་ནི་ག་དུས་ཡང་མཇལ་ཆོག །ཡི་དམ་ལ་ཕྱག་འཚལ་དགོས་སྙམ་ནས་ཡི་དམ་ལ་ཕྱག་འཚལ་ལོ། །ན་རོ་པས་བླ་མ་མེད་ན་སངས་རྒྱས་མི་འབྱུང་། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་བླ་མ་ལ་བརྟེན་ནས་བྱུང་བ་རེད། མདུན་གྱི་དཀྱིལ་འཁོར་རྣམས་ཀྱང་ངས་སྤྲད་པ་ཡིན་གསུངས་ཏེ་དཀྱིལ་འཁོར་ན་རོ་པ་ལ་ཐིམ། དེས་རྟེན་འབྲེལ་འཆུགས་ཏེ། ན་རོ་པས་རྟེན་འབྲེལ་དེའི་རྐྱེན་པས་ཁྱེད་ལ་བུ་བརྒྱུད་མི་འབྱུང་གསུངས་སོ། །ཏག་ཏག་མར་པའི་སྲས་དར་མ་མདོ་སྡེ་རྭ་ལོ་ཙྭ་བས་བཀྲོངས་ཏེ་གདུང་བརྒྱུད་མེད་པ་ཆགས་སོ། །རྟེན་འབྲེལ་འཆུག་པ་དེ་ཡང་ཁྱེད་ཀྱི་རྐྱེན་མ་རེད། སེམས་ཅན་གྱི་བསོད་ནམས་ཀྱི་རྐྱེན་བྱས་པ་རེད་གསུངས། གང་ལྟར་བདག་ཆེན་བློ་གྲོས་རྒྱལ་མཚན་དགོངས་པ་རྫོགས་རྗེས་བླ་བྲང་གསུམ་མཇའ་ཡལ་བ་བཞིན་མེད་པ་ཆགས་ཏེ། ད་ལྟ་གཅིག་བཞུགས་པ་དེ་དུས་མཆོད་བླ་བྲང་ངོ་། ། སྐྱབས་མགོན་རིན་པོ་ཆེ་དང་བདག་ཆེན་རིན་པོ་ཆེ་ལ་སོགས་པ་ཐམས་ཅད་ཕེབས་ས་དེ་དུས་མཆོད་བླ་བྲང་ཡིན། དེའི་ཚེ་དུས་མཆོད་བླ་བྲང་རྩེ་གདོང་དུ་བཞུགས། དེ་དུས་སྔགས་འཆང་འཇམ་དབྱངས་ཚེ་བརྟན་བཀྲ་ཤིས་ཡིན། ཁོང་དུར་ཁྲོད་བདག་པོའི་གྲུབ་ཐོབ་ཡིན། དུར་ཁྲོད་བདག་པོ་ལ་བཀའ་ཅི་ཞིག་གནང་ན་ཡང་དེ་མ་ཐག་སྒྲུབ་ཀྱི་ཡོད། དེ་ལ་སྲས་གཉིས་ཀྱི་རྒན་པ་འཇམ་དབྱངས་ནམ་མཁའ་བསམ་གྲུབ་ནི་གུ་རུ་རིན་པོ་ཆེ་དང་ཞལ་གྱི་སྤྲུལ་པ་ཡིན། མགོན་པོ་ཞལ་ལ་བཀའ་ཅི་ཞིག་གནང་ན་ཡང་དེ་མ་ཐག་སྒྲུབ་ཀྱི་ཡོད། ཁོང་གི་སྐུ་མདུན་ལ་ངོ་བོ་མགོན་པོ་ཞལ་ཡིན་པ་ལ་རྣམ་པ་གཡག་རྭ་ལྔ་པ་ཅན། རྭ་དེ་དག་ཀྱང་ཚོན་ཁྲ་ལྔ་པ་ཅན་ཞིག་ཡོད། དེ་ཁོང་གིས་རྟག་པར་ཉར་ནས་བཞུགས་ཀྱི་ཡོད། ཁོང་ལ་ཕྲིན་ལས་སྒྲུབ་དགོས་པ་བྱུང་ན་སྒོ་འགྲམ་གྱི་གཡག་དེ་ལ་བཀའ་བཏང་ན་དེས་ལམ་སང་བསྒྲུབས་ནས་ཡོང་གི་ཡོད། མགོན་པོའི་སྤྲུལ་པ་ཆེན་པོ་ཡིན་པ་ལ་བརྟེན་ནས་མགོན་པོ་སྒོ་འགྲམ་གྱི་ཐོག་བཞིན་དུ་ཉར་རོ། ། ཁོང་གི་སྐུ་མཆེད་ཆུང་བ་སྔགས་འཆང་ཀུན་དགའ་རིན་ཆེན་ནི་ཆོས་རྗེ་ས་པཎ་གྱི་སྤྲུལ་པ་དང་མགོན་པོ་གུར་གྱི་གྲུབ་ཐོབ་ཆེན་པོ་ཡིན། དེའི་སྐབས་ཆོས་སྡེ་ལྷོ་བྱང་གཉིས་ལྷ་ས་རྫོང་པའི་དབང་འོག་ཏུ་ཤོར། ས་སྐྱ་མི་ཡིས་སྟོང་གྲབས་བྱས། གདུང་བརྒྱུད་གཞན་པ་རྩ་བ་ནས་མེད་ཙང་། དེའི་སྐབས་ཀྱི་ས་སྐྱ་པའི་མཁས་པ་དང་། བླ་མ་རྣམ་པ། ལྷག་པར་དུ་རྒྱལ་རྩེ་ཆོས་རྒྱལ། རིན་སྤུངས་ཆོས་རྒྱལ། བྱང་པ་ཆོས་རྒྱལ་རྣམས་ཀྱིས་རྩེ་གདོང་ནས་སྔགས་འཆང་གདན་འདྲེན་མ་ཞུས་ན་ས་སྐྱ་ཉམས་འགྲོ་ས་རེད་སྔགས་འཆང་གནད་འདྲེན་ཞུ་བའི་བཀའ་གྲོས་གནང་མཐར་འོས་བབས་དེ་སྔགས་འཆང་ཀུན་དགའ་རིན་ཆེན་ལ་བབས་ཏེ། ཁོང་གསང་བ་ཆེན་པོས་ས་སྐྱ་གོང་ལ་གདན་དྲངས། ཁོང་དེའི་ཚེ་དགུང་ལོ་བཅུ་པ་ཡིན། གོང་གི་ཆོས་རྒྱལ་རྣམ་པས་ཐབས་ཤེས་ཡོད་དགུ་རྩལ་སྤྲུགས་བྱས་ཏེ་ཆོས་སྡེ་ལྷོ་བྱང་གཉིས་ལྷ་ས་རྫོང་པའི་ལག་ནས་བླངས་ཏེ་སྔགས་འཆང་ཀུན་དགའ་རིན་ཆེན་ལ་ཕུལ། དེ་ནང་ཡང་ཕར་གཅིག་འཕྲོགས། ཡང་ཚུར་བླངས་ཏེ་ཕུལ། ཡང་ཕར་གཅིག་འཕྲོགས། ཡང་ཚུར་གཅིག་བླངས་ཏེ་ཕུལ་བ་དེ་ལྟར་ཚར་གསུམ་བྱས། དེའི་ཚེ་ལྷ་ས་རྫོང་པས་གཙོ་བྱས་པའི་ས་སྐྱའི་དགྲ་རྣམས་ཀྱིས་མི་བྱེད་དགུ་བྱེད་བྱེད་མཁན་དེ་སྔགས་འཆང་ཀུན་དགའ་རིན་ཆེན་ཡིན་ཕྱིར་ཁོང་བསད་དགོས་འདུག་ཅེས་གྲོས་བྱས་སོ། ། དེའི་ཚེ་སྔགས་འཆང་མགོན་ཁང་གི་ས་ཞབས་ལ་དོང་བྲུས་ནས་མགོན་པའི་སྒྲུབ་པ་ལ་བཞུགས། དེའི་ཚེ་སྔགས་འཆང་གི་ཚབ་ཅིག་དགོས་པ་དེ་ནི། སྔགས་འཆང་ཁོང་གི་ཞབས་ཕྱི་དེ་ས་སྐྱ་པའི་ལས་སྨོན་གྱི་དབང་གིས་སྐད་དང་། གདོང་པ། གཟུགས་པོའི་བོང་ཚད་སོགས་ཐམས་ཅད་སྔགས་འཆང་དང་གཅིག་པ་གཅིག་རྐྱང་། སྔགས་འཆང་གི་དུག་ལོག་གཡོགས་ན་སྔགས་འཆང་ཀུན་དགའ་རིན་ཆེན་དང་ནོར་འགྲོ་བ་གཅིག་ཡོད་དོ། །ཁོང་གིས་སྲོག་བློས་བཏང་སྟེ། ཁྱེད་སྒྲུབ་པ་ལ་བཞུགས། ཁོང་ཚོས་ཅི་ཞིག་བྱས་ན་ཡང་ངས་འགན་ཁྱེར་ཆོག་ཅེས་ཞུས་ཏེ་ཁོང་སྔགས་འཆང་ཡིན་ཚུལ་གྱིས་བཞུགས་སོ། །ཁོང་གི་མཚན་ལ་ཀུན་དགའ་ཚེ་རིང་ཞུ་ཞིང་མདོ་སྔགས་རབ་འབྱམས་བཤད་ཐུབ་པའི་མཁས་པ་ཆེན་པོ་དང་སྐད་གྲགས་ཆེན་པོ་ཡིན་ནོ། །དེ་ནས་ཁོང་ཚོ་ཡོང་སྟེ་ཁོང་བསད་དོ། །ཐོག་མའི་ཀུན་སློང་བཟང་ཡང་ཁོང་རྣམ་པས་བསད་ལུགས་མི་བཟད་པ་ག་འདྲ་བྱས་ཏེ་བསད་པ་ཡིན་ནམ། དེས་ཁོང་བློ་བསྒྱུར་ཏེ་ད་ང་འདི་འདྲ་བྱས་ཏེ་བསད་སོང་། སྐྱེ་བ་ཕྱི་མ་ལ་འཛམ་གླིང་གསུམ་གཉིས་ཟ་ཐུབ་མཁན་ཞིག་ཏུ་སྐྱེ་བར་ཤོག་ཅེས་སྨོན་ལམ་ལོག་པ་བཏབ་བོ། །དེ་སྒྲུབ་པ་ལ་བཞུགས་བཞིན་པའི་སྔགས་འཆང་གིས་མཁྱེན་ཏེ་འདི་གདུལ་ཐུབ་མཁན་ཞིག་ཏུ་སྐྱེ་བར་ཤོག་ཅེས་སྨོན་ལམ་བཏབ་བོ། །འབའ་མོ་དང་པོ་ནམ་མཁའ་སྒྲོལ་མའི་གླེང་གཞི་འདི་ནས་མགོ་ཚུགས་པ་ཡིན། དེ་ནས་སྔགས་འཆང་གིས་སླར་ཡང་བྱ་ཁྱུང་རྡོ་རྗེ་བྲག་རྫོང་དང་། (རྒྱལ་རྩེ་སྒོ་བཞིན་རྣམས་སུ་སྒྲུབ་པ་ལ་བཞུགས། སྒྲུབ་པ་མཐར་ཕྱིན་ནས་ལས་སྦྱོར་གནང་སྟེ་ལྷ་ས་རྫོང་པ་གཙོ་བྱས་པའི་དགྲ་བྱེད་པ་ཐམས་ཅད་ཐལ་བའི་རྡུལ་བཞིན་མེད་པར་བཟོས་སོ། །ཆོས་སྡེ་ལྷོ་བྱང་གཉིས་ཚུར་བླངས་ཏེ་བྱང་ལ་སྔགས་ཀྱི་སྡེ་བཙུགས། ལྷོ་བྲལ་འདུལ་བའི་སྡེ་བཙུགས་ཏེ་ལྷོ་ཡི་ཡིག་ཆ་ལ་ཀུན་མཁྱེ་གོ་རམས་པའི་ཡིག་ཆ་འབའ་ཞིག་བཞག །དེ་ཡང་ཁོང་གི་(མགོན་པོའི་སྐུ་མདུན་དུ་ས་སྐྱའི་མཁས་པ་མང་པོའི་ཡིག་ཆ་བརྟག་པ་ཞུ་དུས་ཀུན་མཁྱེན་གྱི་ཡིག་ཆ་བབས་པ་ཡིན་ནོ། ། གལ་ཏེ་སྔགས་འཆང་ཀུན་དགའ་རིན་ཆེན་ཕེབས་མེད་ན་ས་སྐྱའི་གདུང་བརྒྱུད་དང་། བསྟན་པ་ཡང་མེད་པ་ཆགས་འགྲོ་གི་ཡོད། ཁོང་ས་སྐྱ་ལ་དགུང་ལོ་བཅུ་ལ་ཕེབས། བསྟན་པ་རྩ་བ་ནས་གསོས་ཏེ་དགུང་ལོ་རེ་བརྒྱད་པ་ལ་གཤེགས། ཁྲི་རབས་ཉེར་གསུམ་པ་ཡིན། ཁོང་ལ་གདུང་སྲས་གཉིས་ལས་རྒན་པ་ཁྲི་རབས་ཉེར་བཞི་པ་བསོད་ནམས་དབང་པོ་ནི་གུ་རུ་རིན་པོ་ཆེའི་སྤྲུལ་པ་དང་རྡོ་རྗེ་ཕུར་པའི་གྲུབ་ཐོབ་ཡིན། ཁོང་རྟ་ནག་(ཟབ་ཕུག)་ལ་སོགས་པ་གུ་རུ་རིན་པོའི་ཆེའི་གནས་ཕལ་ཆེ་བ་ལ་ཕེབས་ཏེ་ཆུ་མེད་ས་ལ་ཆུ་བཏོན། བྲག་དང་རྡོ་ཐམས་ཅད་ལ་ཕྱག་རྗེས་དང་ཞབས་རྗེས་བཞག་པ་ལ་སོགས་པ་གྲུབ་རྟགས་མང་དུ་སྟོན་མཁན་ཞིག་ཡིན། ཁོང་གི་སྐུ་མཆེད་གཞོན་པ་ཁྲི་རབས་ཉེར་ལྔ་པ་སྔགས་འཆང་གྲགས་པ་བློ་གྲོས་ནི་མཁན་ཆེན་ཞི་བ་འཚོའི་རྣམ་སྤྲུལ་དང་མགོན་པོའི་གྲུབ་ཐོབ་ཡིན། ཐེངས་ཤིག་ཁོང་གིས་མགོན་པོ་ལྕམ་བྲལ་གྱི་འཆམ་སྐུ་བཟོས་ཏེ་རབ་གནས་བྱས་ནས་མགོན་ཁང་དུ་བཞག་པ་ཙམ་གྱིས་ས་སྐྱའི་བསྟན་པ་ལ་དགྲ་བྱེད་མཁན་ཁ་ཤས་ནང་འཛིང་ཐེབ། ཁ་ཤས་ཤི། ཁ་ཤས་གནས་དབྱུང་གཏང་བ་དེ་འདྲ་བྱུང་བ་ཡིན། དེའི་ཚེ་སྔགས་འཆང་གི་ཞབས་ཕྱི་དེ་ལི་ཐང་དང་འབའ་ཡི་ཉེ་འགྲམ་གྱི་ལུང་པ་ཞིག་ན་བུད་མེད་ཤིན་ཏུ་མཛེས་པ་ལྷ་ཡི་བུ་མོ་ལྟ་བུ་མཚན་མ་ལ་སོ་ཡོད་མཁན་ཞིག་ལ་སྐྱེས་ནས་ཡོད། མོ་ཤིན་ཏུ་མཛེས་པའི་རྐྱེན་གྱིས་མི་ཤིན་ཏུ་མང་པོ་སྣང་བ་འགྲོ་སྟེ་མོ་ལ་འབྲེལ་བ་བྱས། འབྲེལ་བ་བྱུང་ཚད་གྱི་རྩ་བ་དེ་མོ་ཡི་འོག་གི་སོ་དེས་བཅད་འགྲོ་གི་ཡོད། དེ་ལྟར་བྱས་ཏེ་མི་ཤིན་ཏུ་མང་པོ་ཤི། དེའི་ཚེ་སྔགས་འཆང་ཀུན་དགའ་རིན་ཆེན་གྱིས་དག་ཞིང་ནས་གདུལ་བའི་དུས་ལ་བབས་པ་གཟིགས་ཏེ། དེ་ཐབས་སུ་རང་གི་བུ་སྔགས་འཆང་གྲགས་པ་བློ་གྲོས་ཀྱི་བུ་རུ་སྐྱེ་བ་ལེན་པར་ཐུག་ཐག་གཅད་དེ་ཁོང་གི་བུ་རུ་འཁྲུངས། ཁོང་ལ་གདུང་སྲས་གསུམ་སྟེ། རྒན་པ་དགའ་ཆེན་མཐུ་སྟོབས་དབང་ཕྱུག་ཡིན། ཁོང་ཁྲི་པ་གནང་མེད། བར་པ་ཁྲི་ཐོག་ཉེར་དྲུག་པ་ཀུན་དགའ་དབང་རྒྱལ། གཞོན་པ་ཁྲི་ཐོག་ཉེར་བདུན་པ་མཇམ་མགོན་ཨ་མེས་ཞབས་སོ། །དགའ་ཆེན་མཐུ་སྟོབས་དབང་ཕྱུག་སྐྱེ་བ་བཞེས། རང་གི་ཞབས་ཕྱི་དེ་འབའ་ཡུལ་དུ་སྐྱེས་པ་དང་། ཆེན་པོ་གང་མཚམས་ཆགས། སེམས་ཅན་ལ་གནོད་འཚེ་བྱེད་པ་མངོན་ཤེས་ཀྱིས་གཟིགས་ཏེ། རང་གི་ཞབས་ཕྱི་དེ་གདུལ་བའི་ཆེད་དུ་རིམ་གྱིས་འབའ་ལ་ཕེབས། བུད་མེད་དེ་བཏུལ། གསང་ཡུམ་དུ་ལྟ་བུར་བསྟེན་ཏེ་ཡར་ལ་ཁྲིད་འོང་བ་ཡིན། ས་སྐྱ་སླེབས་པ་ལ་ཉིན་མ་གཉིས་ཙམ་འགོར་སའི་(ཡུལ་ཆེན་)ཞེས་པའི་ལུང་པ་རུ་སླེབས་པ་ན། གདུལ་གནས་དང་འདུལ་དུས་ཏག་ཏག་ཅིག་ལ། མོ་ཡི་སྙིང་དཀར་ནག་གི་མཚམས་ལ་ཕུར་པ་བཏབ་སྟེ་བསྒྲལ་ནས་རྣམ་ཤེས་དེ་སྲུང་མ་ལ་བསྐོས། དེ་ཡང་ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་སྔགས་སྡོམ་གནང་སྟེ་ཚུལ་བཞིན་དུ་ཆོས་ལ་སྤྱོད་མཁན་བཟོས། དེ་ཕྱིན་ཆད་བསྟན་པའི་སྲུང་མ་ལ་བསྡད་དེ་བསྟན་པ་ལ་གནོད་པའི་བར་ཆད་སྲུང་དགོས་ཞེས་དམ་ལ་བཏགས་སོ། །དེའི་མིང་ནི་ནམ་མཁའ་སྒྲོལ་མའོ། །དེ་འབའ་ནས་བྱུང་བའི་འབའ་ཡི་བུ་མོ་ཡིན་ཙང་འབའ་མོ་ཞེས་པའི་མིང་དེ་ནས་བྱུང་། དེའི་རྗེས་ལ་བྱུང་ཚད་ཐམས་ཅད་ལ་རིགས་འདྲ་བ་ཡིན་དུས་འབའ་མོ་ཞེས་ཐོགས་པ་ཡིན་ནོ། །དེའི་ཆོ་ག་བཞིན་གསུངས་ན་ན་མོས་འཕྲིན་ལས་སྒྲུབ་ཅིང་བསྟན་པ་ཡང་སྲུང་བར་འགྱུར་རོ། ། སྤྱིར་སྲུང་མ་སྒྲུབ་མཁན་ལ་རབ་མ་བསྒྲུབས་ཀྱང་འགྲུབ་མཁན་ཞིག །འབྲིང་བསྒྲུབས་ན་གྲུབ་མཁན་ཞིག །ཐ་མ་བསྒྲུབས་ཀྱང་མི་འགྲུབ་མཁན་ཞིག་བཅས་རིགས་གསུམ་ཡོད། དེ་དག་ལས་རིན་པོ་ཆེ་ཁྱེད་ནི་གོང་མ་གཉིས་ལས་འགྲོ་ས་མེད། སོང་ཙང་སྐྱབས་མགོན་རིན་པོ་ཆེ་དང་། བདག་ཆེན་རིན་པོ་ཆེ། མཁན་རིན་པོ་ཆེ་རྣམ་པ་གསུམ་ལ་ཆོ་ག་འདོན་སྟངས་དགོངས་སྐོར་ཞུས་ཏེ་བཏོན་ན་ཏན་ཏན་ཁྱེད་ལ་འཕྲིན་ལས་སྒྲུབ་ངེས་ཡིན། སྤྱིར་འབའ་མོའི་སྐོར་དེ་དོ་ཁུར་བྱེད་མཁན་མི་ཤིན་ཏུ་ཉུང་ཉུང་ཡིན། ཁྱེད་རང་བསྟན་པའི་བདག་པོ་ཡིན་དུས་དེའི་རིགས་སུ་གཏོགས་པ་ཐམས་ཅད་དོ་ཁུར་གནང་སྟེ་ཐུགས་ལ་ཉར་རོགས་གནང་། ད་ལྟ་བཀའ་འདྲི་ཞུ་ས་ཁོང་རྣམ་པ་གསུམ་མ་གཏོགས་ལྷག་མེད། ཁོང་རྣམས་ལ་འབའ་མོའི་སྐོར་འདི་བཀའ་འདྲི་ཞུས། ངག་རྒྱུན་གང་ཐོབ་པ་རྣམས་སྒྲ་ཐག་ལ་བཅུག །ཡིག་ཐོག་ལ་ཉར་བསྡད་ན་རྗེས་མ་ཕན་ཐོག་ངེས་ཡིན་ནོ། །དེ་ནས་ཁྲི་ཐོག་སོ་གཉིས་པ་འགྲོ་མགོན་དབང་སྡུད་སྙིང་པོའི་སྐབས་ལ་ཡང་(ཤང་ཤོང་རྡོ་རྗེ་བུ་ཁྲིད་ཟེར་བའི་འབའ་མོ་གཅིག་དམ་ལ་བཏགས་ཤིང་སྲུང་མར་བསྐོས་སོ། །དེའི་ཕྱིས་སུའང་བྲག་དམར་ཆོས་ཉིད་དང་། རྫ་པེ་དཔལ་འཛོམས་སོགས་དམ་ལ་བཏགས་སོ། །ཁོང་རྣམ་པ་ལུང་པ་འབའ་མིན་ཀྱང་མིང་སྔོན་མ་དེ་ཐོག་གོ། །དཔེར་ན་ཤང་ཤོང་རྡོ་རྗེ་བུ་ཁྲིད་ལ་མཚོན་ན་ལུང་པ་ཤང་ཤོང་། མིང་ལ་རྡོ་རྗེ་བུ་ཁྲིད་ཟེར། འབའ་མོའི་རིགས་འདི་ཐམས་ཅད་སྨོན་ལམ་ལོག་པའི་རྐྱེན་གྱིས་སེམས་ཅན་ལ་གནོད་པ་བྱེད་མཁན་ནུས་པ་ཆེན་པོ་ཡོད་པ་རྐྱང་རྐྱང་ཡིན། དེ་དག་ད་ཕྱིན་ཆད་སེམས་ཅན་ལ་གནོད་པ་བྱེད་མི་ཆོག །ཁྱེད་ཚོ་ནང་པའི་བསྟན་པ་ལ་བཞུགས། སྐྱབས་འགྲོ་དང་བྱང་སྡོམ། སྔགས་སྡོམ་ཞུས་ནས་ཉམས་ལེན་གནང་སྟེ་བསྟན་པ་སྲུང་དགོས་ཡོད་ཅེས་དམ་ལ་བཏགས་པ་ཡིན་ནོ། །དེའི་ནང་ནས་ནམ་མཁའ་སྒྲོལ་མ་དེ་མ་འདྲ་བ་ཞིག་ཡིན་པ་འདྲ། མོ་རང་དམ་ལ་བཏགས་ས་ཡུལ་ཆེན་གྱི་དགོན་པ་དེའི་ནང་ལ་མོའི་རུས་པ་ཡི་རྐང་རླུང་ཞིག་འདུག །དེ་ལ་ཨོཾ་ཨ་ཧཱུྃ་གསུམ་གྱི་རང་བྱོན་ཧ་ཅང་གི་གསལ་པོར་འདུག་ཟེར། མོ་སྔ་ས་ནས་གྲུབ་པ་ཐོབ་པའི་དེ་འདྲ་ཡིན་པ་འདྲ། འབའ་མོའི་རིགས་ཐམས་ཅད་མཇལ་ས་བླ་མ་རྩ་ཆེན་པོ་འབའ་ཞིག་ལ་མཇལ། དེ་དག་གི་སྐུ་མདུན་ནས་ཆོས་ཞུས་པ་ཡིན། ད་ལྟ་རེ་གཉིས་ལྷགས་ཡོད་ན་མ་གཏོགས་ཕལ་ཆེ་བ་གྲུབ་པ་ཐོབ་ཚར་རོ། །ཡིན་ན་ཡང་ཁོང་ཚོ་དམ་ཚིག་ཡིན་དུས་འཕྲིན་ལས་དེ་ད་ལྟ་ཡང་འགྲུབ་དགོས་སོ། །དེར་བརྟེན་གཏོར་མ་ཆོ་ག་ནང་བཞིན་མ་བཏང་ན་ཡོང་རོགས་བྱེད་ཀྱི་མ་རེད།
སྒྲོལ་མ་ཉེར་གཅིག་གི་ཆོས་དབྱངས་གསར་པ། ལེན་མཁན་ཀུན་བཟང་རྡོ་རྗེ། རྫོང་སར་༸མཁྱེན་བརྩེས་ཞལ་བཀོད་མཛད་པའི་སྒྲོལ་མ་ཉེར་གཅིག 二十一度母 བསྟོད་པའི་རྒྱལ་པོའི་རྒྱུད་ཕྱག་འཚལ་ཉེར་གཅིག་གི་བསྟོད། 二十一度母赞文 སངས་རྒྱས་སྨན་བླའི་དུས་ཆེན། 药师佛吉日 པཎ་ཆེན་ཤཱཀྱ་མཆོག་ལྡན་དང་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གཉིས་ཀྱི་རྩོད་པ་རྩོད་ལན་ཁག་གཅིག གྲུབ་ཆེན་བརྒྱད་བཅུའི་སྐུ་པར་ཆ་ཚང་བཞུགས་སོ། ། བོད་ཀྱི་བཙུན་མ་ཐོག་མ་སུ་ཡིན་ནམ སྔོ་ཚོད་དང་སིལ་ཏོག་གི་ཕན་ནུས། སྡུག་བསྔལ་གྱི་ཡོན་ཏན་ལྔ། 痛苦具有五种功德
དཔེ་ཝར་མཆོག་སྤྲུལ་གྱི་བཞེངས་གསོལ་བསྐུལ་བ།
དཔེ་ཝར་རྡོ་རྗེ་འཆང་གི་རྣམ་ཐར་གསོལ་འདེབས། རབ་བརྟན་མཁན་དགེ་ལེགས།
རྩོམ་ཁུངས།
འཕྲིན་སྟེགས།
དཔལ་ས་སྐྱའི་གཞན་ཕན་ཕུན་ཚོགས་གླིང་།
སྒྲིག་སྦྱོར།
དཔལ་ས་སྐྱའི་གཞན་ཕན་ཕུན་ཚོགས་གླིང་རྩོམ་སྒྲིག་ཁང་།
སྤེལ་གཏོང་འགན་འཛིན་པ།
བྱང་ཆུབ་ཀུན་དགའ་བསྟན་པ།