ཁ་ཡོད་ལག་ཡོད་ཀྱི་སྲིད་ཇུས། དངོས་དངོས་རྗེན་རྗེན་གྱི་ཕན་པ།

文摘   2025-01-27 17:31   西藏  

འདས་ཟིན་པའི་ལོ་དེར་བོད་ལྗོངས་ཀྱི་དམངས་འཚོའི་ཁྱབ་ཁོངས་སུ་སྲིད་གཞུང་གིས་ཁ་ཡོད་ལག་ཡོད་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་པར་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་མང་པོ་ཐོབ་ཡོད། 
 


དེ་ཡང་བོད་ལྗོངས་ཀྱིས་སྤྱི་ལོ་2024ལོར་མ་དངུལ་སྒོར་དུང་ཕྱུར་129དོན་འཁྱོལ་བྱས་ནས་དམངས་འཚོའི་དོན་དངོས་ཁག་21ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད་པ་རེད།  
ལས་ཞུགས་ཐད། བོད་ལྗོངས་ཀྱིས་ལས་ཞུགས་སྔོན་སྤེལ་གྱི་འཐབ་ཇུས་མཐའ་འཁྱོངས་བྱས་ཏེ་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་བྱེད་ཚད་95%ཡན་ཟིན་པ་བྱས་པ་དང་།  ཞིང་འབྲོག་མང་ཚོགས་ཁྲི་64.8གནས་སྒྱུར་ལས་ཞུགས་ཐུབ་པ་བྱས་པ།  གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་གྲངས་ཁྲི་5.1ཟིན་པ་བྱས་པ། དེ་དང་ཆབས་ཅིག་ནང་སའི་བོད་ལྗོངས་འཛིན་གྲྭར་སློབ་མ་བསྡུ་གྲངས་མི་ཁྲི་1ལས་བརྒལ་ཡོད་པ་རེད།  
ཚན་རྩལ་གསར་གཏོད་ཐད། མཚོ་བོད་ས་མཐོའི་ས་གཤིས་ཐོན་ཁུངས་ལས་གཞི་ཚོགས་པར་༼རྒྱལ་ཁབ་ཀྱི་ཕུལ་བྱུང་ལག་རྩལ་ཆེ་མོ་བའི་༽མཚན་སྙན་ཐོབ་པ་དེས་ས་གཤིས་ཐོན་ཁུངས་རྩད་ཞིབ་དང་གསར་སྤེལ་ཁྱབ་ཁོངས་སུ་བོད་ལྗོངས་ཀྱི་སྟོབས་ཤུགས་ཆེན་པོ་མངོན་པ་རེད།   
སྨན་བཅོས་འཕྲོད་བསྟེན་ཐད། ༼དམིགས་བྱ་ལྔ་དང་བྱ་སྤྱོད་ཁག་བརྒྱད་༽ཤུགས་ཆེན་སྤེལ་ནས་དམ་ཚགས་རྣམ་པའི་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པ་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་མ་ཟད།    རྒྱལ་ཡོངས་ཀྱི་ཐོག་མའི་མི་རིགས་སྨན་དཔྱད་རྒྱལ་ཁབ་གསོ་རིག་ལྟེ་གནས་འཛུགས་འཐུས་ལ་དངོས་སུ་ཆོག་མཆན་ཐོབ་ནས་བོད་ལྗོངས་ཀྱི་མང་ཚོགས་ལ་དེ་བས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས་ཡོད།     
གཞན་ཡང་བོད་ལྗོངས་ཀྱིས་ད་དུང་ཧྥུའུ་ཉུང་བའི་བདེ་ཐང་ཇ་ཀྲོན་3459སྤྲད་ནས་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་རྒྱུ་མགྱོགས་སུ་བཏང་བ་དང་རིག་གནས་ཀྱི་དམངས་ཕན་བྱེད་སྒོ་ཐེངས་ཁྲི་10ལྷག་ཙམ་སྤེལ་ནས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཡོད།     
 གླེང་རིན་ཡོད་པ་ཞིག་ནི།    རྒྱལ་ཡོངས་ཀྱི་ལུས་རྩལ་འགྲན་བསྡུར་སྣ་ཚོགས་ཁྲོད་བོད་ལྗོངས་ཀྱི་ལུས་རྩལ་པ་ཚོས་ཀྱང་གཅིག་མིན་གཉིས་མིན་གྱི་གྲུབ་འབྲས་བཟང་པོ་བཏོད་ཡོད་དེ། རྒྱལ་ཡོངས་ཀྱི་དགུན་དུས་ལུས་རྩལ་འགྲན་ཚོགས་དང་། མི་རིགས་ལུས་རྩལ་འགྲན་ཚོགས་སོགས་ཀྱི་འགྲན་བསྡུར་ནང་གཟེངས་རྟགས་82བླངས་ནས་བོད་ལྗོངས་ཀྱི་ལུས་རྩལ་བྱ་གཞག་ལ་གཟི་བརྗིད་བརྩོན་ལེན་བྱས་ཡོད་པ་རེད། 
དེ་ལྟར་གོང་གསལ་གྱི་གྲུབ་འབྲས་དེ་དག་ནི་བོད་ལྗོངས་ཀྱི་སྲིད་གཞུང་རིམ་པ་ཁག་དང་རྒྱ་ཆེའི་མང་ཚོགས་ཀྱིས་ཐུན་མོང་འབད་བརྩོན་ལས་བྱུང་བའི་འབྲས་བུ་ཞིག་ཡིན་ལ། དེས་བོད་ལྗོངས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་ཀྱང་བཏིང་ཡོད། 




来源:中央广播电视总台藏语广播

编辑:索珍

责编:巴桑旺堆

编审:旦增晋美


噶尔县融媒体中心
传递权威信息、提供及时资讯、展现多彩噶尔!(互联网新闻信息服务许可证编号:54120230074)
 最新文章