【门诊专家】青海省藏医院综合内科——多杰 ཞིང་ཆེན་བོད་ལུགས་སྨན་ཁང་གི་སྨན་པ་རྡོ་རྗེ།

文摘   2024-11-06 17:23   青海  

多 杰

多杰,副主任医师;毕业于青海医学院。

1987年,师从著名藏医药专家多杰坚赞学者,多年深入研习《四部医典》《藏医秘诀补遗》及《晶珠本草》等藏医经典巨著;不仅掌握了深厚的专业理论知识,还通过实践积累了丰富的临床经验和传承口诀,成为大师亲传弟子。2000年,又拜西藏那曲名医阿加为师,学习藏医艾灸和放血疗法的理论与临床实践;2012年获得国医大师尼玛亲授的《四部医典》秘诀传承。多年来,多次前往省内外知名医院进修学习,不断提升医疗技术水平。

擅长领域:精通藏医药学基础理论,对各种藏医内科疾病有丰富的诊疗经验;尤其擅长治疗呼吸系统、消化系统和泌尿系统疾病;在治疗支气管哮喘、肺气肿、肺心病、慢性肾炎、糖尿病、男科疾病、慢性萎缩性胃炎、胃溃疡等疾病方面拥有丰富的诊疗经验和独到的见解。

科研成果:

发表《藏医治疗萎缩性胃炎的临床分析》《浅谈生理与心理卫生相结合》等15篇专业论文,并参与5项三新项目的研发。

荣誉奖项:

2013年、2015年两次获得青海省藏医院医德医风先进个人奖;2017年,在青海省藏医院藏医特色治疗项目技能竞赛中荣获二等奖;2019年至2021年期间连续多次获得青海省藏医院先进个人荣誉称号。

坐诊时间:周一至周五全天

坐诊地点:门诊三楼(319诊室)




སྨན་





པ་





རྡོ་





རྗེ།




       རྡོ་རྗེ།  སྨན་པ་འབུམ་རམས་གཞོན་པ།  སྨན་པའི་བྱ་བ་གཉེར་ནས་ལོ་མང་འགོར། ཞིང་ཆེན་ཕྱི་ནང་གི་སྨན་ཁང་མང་པོ་ནས་ཟབ་སྦྱོང་བྱས་མྱོང་ལ།རིམ་པས་མཚོ་ལྷོ་ཁུལ་འཕྲོད་བསྟེན་སློབ་གྲྭ་དང་མཚོ་སྔོན་ཞིང་ཆེན་གསོ་རིག་སློབ་གླིང་སོགས་འགྲིམས་ནས་གསོ་བ་རིག་པར་སློབ་སྦྱོང་བྱས།
      སྤྱི་ལོ་༡༩༨༧ལོ་ནས་བཟུང་།སྨན་རམས་པ་རྒན་རྡོ་རྗེ་རྒྱལ་མཚན་ཚང་ལོ་ངོ་མང་པོའི་རིང་དགེ་རྒན་དུ་བཀུར་ཏེ་གསོ་རིག་རྒྱུད་བཞི་གཙོ་བྱས་གསོ་རིག་ཟིན་ཏིག་མན་ངག་ལྷན་ཐབས་སོགས་གསོ་བ་རིག་པའི་གཞུང་སྤྱི་དང་།ནད་ཐོག་ལག་ལེན་སྨན་ངོ་ངོས་འཛིན་སྨན་རྫས་འདུལ་སྦྱོང་སོགས་ཀྱི་ཤེས་བྱ་དང་མན་ངག་ཉམས་ཡིག་དུ་མར་གསན་སྦྱངས་བྱས་པས་ཐུགས་ཟིན་གྱི་སློབ་མ་གཙོ་བོར་གྱུར།སྨན་རམས་པ་ཨ་རྒྱ་ཚང་གི་དྲུང་ནས་བོད་ལུགས་གསོ་རིག་གི་གཉེན་པོ་མཆོག་ཏུ་གྱུར་བ་དཔྱད་བཅོས་རིག་པ་ལས་གཏར་བསྲེག་གི་ལག་ལེན་ལ་སློབ་སྦྱོང་བྱེད་པའི་སྐལ་བ་ཐོབ་པ་མ་ཟད།རྒྱལ་སྨན་ཆེན་མོ་ཨ་ཁུ་ཉི་མ་ཚང་ལས་གསོ་རིག་རྒྱུད་བཞི་དང་།གསོ་རིག་ཟིན་ཏིག་སོགས་ཀྱི་ཁྲིད་ལུང་ཆ་ཚང་དང་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་མན་ངག་ལག་ལེན་བཅས་ལེགས་པར་གསན།ཨ་ལགས་འཇམ་དབྱངས་ཚང་།།དགེ་བཀྲ་རྒྱལ།དགེ་བསྟན་སྲུང་གྲགས་པ།རྒན་ཚེ་བཀྲ་སོགས་ལས་བོད་ལུགས་གསོ་རིག་གི་མཐོང་བརྒྱུད་ལག་ལེན་དང་གཞུང་ལུགས་གནད་དགྲོལ་གྱི་གདམས་པས་ཐུགས་རྒྱུད་གཏམས།དེ་མིན་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དུས་དེབ་སྟེང་དཔྱད་རྩོམ་༡༥སྤེལ་ཡོད།

      སྤྱི་ལོ་༢༠༡༧ལོར་མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་དུ་བོད་གསོ་རིག་གི་ཁྱད་ཆོས་ལྡན་པའི་ནད་བརྟག་སྨན་བཅོས་ཀྱི་ནུས་རྩལ་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ་མ་ཟད།སྔ་ཕྱི་བསྟུད་མར་མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་གི་སྨན་པ་ཀུན་སྤྱོད་དཔེ་ལེགས་ཅན་གྱི་མཚན་སྙན་དང་།སྔོན་ཐོན་མི་སྣའི་མཚན་སྙན་སོགས་ཐེངས་མང་ཐོབ་མྱོང་།བོད་ལུགས་གསོ་རིག་གི་གཞུང་ལུགས་དང་ནད་རིགས་བརྟག་བཅོས་ལ་ཉམས་མྱོང་ཕུན་སུམ་ཚོགས་ལ།བོད་གསོ་སྨན་སྦྱོར་རིག་པ་དང་འདུལ་སྦྱོང་རིག་པའི་ལག་ལེན་ལ་བྱང་ཆ་ལྡན།

     གསོ་བཅོས་ཀྱི་ནད་རིགས་སྐོར་ལ།ཉེས་གསུམ་གཙོ་བྱས་ཁོང་ནད་སྤྱི་དང་ཁྱད་པར་གློ་ཚད།གློ་རྒྱས།གློ་ནད་ཐང་པོ།གློ་ནད་ཐེས་པོ་སོགས་འབྱིན་རྔུབ་མ་ལག་གི་ནད་རིགས་དང་།མཁལ་མ་དང་ལྒང་བའི་ནད་སོགས་གཅིན་ཁུང་མ་ལག་གི་ནད་རིགས།ཕོ་བ་དང་རྒྱུ་མའི་ནད་སོགས་འཇུ་བྱེད་མ་ལག་གི་བཅོས་དཀའ་བའི་ནད་རིགས་སྐོར་ཞིག་ལ་གསོ་བཅོས་ཀྱི་ཉམས་མྱོང་བཟང་པོ་ཡོད།




རྩོམ་ཞུས།   དོན་ལེ།

审 核: 东 雷

རྩོམ་ཁུངས། སྒོ་བསྟེན་པུ།
供 稿: 门诊部
རྩོམ་སྒྲིག    དྲིལ་སྒྲོག་འཐབ་གཅིག་ཚན་ཁག  
编 辑:宣传统战科



青海省藏医院订阅号
医院新闻、医院介绍、医院公告、专家动态等!!
 最新文章