格桑扎西
格桑扎西,全科专家,副主任医师,毕业于青海医学院。
从事藏医临床工作近40年,深入研习藏西医理论,积累了丰富的临床经验,并精通各种藏药炮制技艺。师承多位藏医大师,不仅掌握了深厚的藏医药学知识,还在临床实践中展现出自己独特的诊疗风格。
擅长领域:擅长诊治各种疾病,尤其在胃肠溃疡、萎缩性胃炎、心肺病、胰腺炎、结核病、各型肝炎、胆囊炎、胆结石以及各种妇科疾病的治疗方面,有独特的临床经验和见解。
科研成果:
《实用藏药名库》《腰椎间盘突出症的预防与治疗》《藏药药剂学》《藏药制剂工艺原理》及《龙巴教授经验集》等编著;译有《免疫学》《药品生产质量管理规范GMP》《西医内科学》等译著。参与《藏医药经典文献集成丛书》的编辑整理工作;发表“藏药配方按藏医理论研究的必要性”、“藏医药理论教育对藏药生产企业的促进作用”等多篇专业论文。
荣誉奖项:
《实用藏药名库》荣获西南西北地区优秀图书奖。
“藏药配方按藏医理论研究的必要性”获得全国优秀论文奖。
“金诃脑血康开发研究及产业”与“四部医典详解”分别获得青海科技成果奖。
2012年被评为第四批全国中医药专家学术经验继承工作优秀继承人及全国中医药应急工作先进个人。
坐诊时间:周一至周五全天
坐诊地点:门诊三楼(403诊室)
藏
医
专
家
སྐལ་
བཟང་
བཀྲ་
ཤིས།
སྨན་པ་འབུམ་རམས་གཞོན་པ་མགར་རྩེ་སྐལ་བཟང་བཀྲ་ཤིས་ནི། སྤྱི་ལོ་༡༩༦༨ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་དུ་སྐྱེས་པ་དང་། ༡༩༨༥ལོར་འབའ་རྫོང་མི་རིགས་སློབ་འབྲིང་ནས་སློབ་ཐོན་བྱུང་ཞིང་། ལོ་དེ་ནས་བཟུང་༡༩༨༨ལོའི་བར་རྨ་ལྷོ་ཁུལ་དུ་བསྒྲུབ་པའི་མཚོ་སྔོན་འཕྲོད་བསྟེན་སློབ་གྲྭ་རུ་བོད་ལུགས་གསོ་རིག་ལ་སྦྱངས་བརྩོན་བྱས་ཏེ་སློབ་མཐར་ཕྱིན། དེ་ནས་འབའ་རྫོང་བོད་སྨན་ཁང་དུ་བྱ་བ་ལོ་གསུམ་ལ་བསྒྲུབས་རྗེས། ༡༩༩༢ལོ་ནས་༡༩༩༥ལོའི་བར་མཚོ་སྔོན་ཞིང་ཆེན་གསོ་རིག་སློབ་ཆེན་དུ་བཙུགས་པའི་ཐོག་དང་པོའི་བོད་ལུགས་གསོ་རིག་འཛིན་གྲྭ་རུ་བོད་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་གི་གཞུང་གཉིས་ལ་སྦྱངས་བ་བྱས། དེ་ནས་སློབ་ཐོན་བྱུང་རྗེས་༡༩༩༦ལོར་བྱ་བའི་ལས་གནས་སྤར་ཏེ་མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་ནས་ད་ལྟའི་བར་ཏུ་བོད་ཀྱི་གསོ་རིག་གི་བྱ་བ་བསྒྲུབས།
ལོ་འདི་དག་གི་རིང་ལ་མཚོ་སྔོན་ཞིང་ཆེན་གསོ་རིག་སློབ་གླིང་དུ་བོད་ལུགས་གསོ་རིག་དངོས་གཞིའི་སློབ་མ་ལ་སློབ་ཁྲིད་ཀྱི་འགན་ལེན་མྱོང་བ་དང་ཨ་རུ་བོད་སྨན་བཟོ་གྲྭ་རུ་གནའ་དེང་ཟུང་འབྲེལ་སྒོས་བོད་ལུགས་གསོ་རིག་གི་གཞུང་དུ་བསྟན་པའི་གཉེན་པོ་སྨན་གྱི་སྦྱོར་བ་སྣ་ཚོགས་ལ་ལག་ལེན་བྱས་མྱོང་། ཆེད་རྩོམ་གྱི་ཕྱོགས་ལ་ཀྲུང་གོ་མི་རིགས་གསོ་རིག་དང་ཀྲུང་གོ་བོད་ཀྱི་གསོ་རིག རྩེར་སྙེགས། བདག་པོ། མང་ཚོགས་རྒྱུ་རྩལ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དུས་དེབ་སོགས་སུ་སྔ་གཞུག་ཏུ་མང་པོ་སྤེལ་མྱོང་ཞིང་། བརྩམས་ཆོས་ཀྱི་སྐོར་ལ་བོད་སྨན་ཀུན་འདུས་མིང་མཛོད་དང་སྒལ་ཚིགས་མཁར་མཚམས་ནད་ཀྱི་སྔོན་འགོག་དང་གསོ་བཅོས། དེང་རབས་རིམས་ཐར་རིག་པ། ནུབ་ལུགས་ཁོང་ནད་རིག་པ། སྨན་རྫས་ཐོན་སྐྱེད་སྤུས་ཚད་དོ་དམ་ཚད་གཞི། བོད་ལུགས་སྨན་སྦྱོར་རིག་པ། སྨན་རམས་པ་བློ་འབའ་མཆོག་གི་གསོ་རིག་ཉམས་མྱོང་ཕྱོགས་བསྒྲིགས་སོགས་ཡོད་ལ། ད་དུང་བོད་ཀྱི་གསོ་རིག་གནའ་དཔེ་བརྒྱ་ཕྲག་ལྷག་གི་དག་སྒྲིག་དང་རྩོམ་སྒྲུབ་ཀྱི་བྱ་བར་ཞུགས།
བོད་སྨན་ཀུན་འདུས་མིང་མཛོད་ལ་ནུབ་བྱང་ས་ཁུལ་གྱི་ཞིང་ཆེན་རིམ་པའི་སྔོན་ཐོན་དཔེ་དེབ་གསར་བའི་བྱ་དགའ་ཐོབ་པ་དང་། ༢༠༡༠ལོར་ཨ་རུ་རྟགས་ཅན་གྱི་ཀླད་ནད་སྨན་སྦྱོར་གྱི་བྱ་བ་ཡོངས་སུ་འགྲུབ་པས་ཞིང་ཆེན་རིམ་པའི་ཚད་རྩལ་གྲུབ་འབྲས་བྱ་བའི་རྟགས་མ་གནང་། ༢༠༡༡ལོར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་སྡེ་ཁག་གི་ཞིང་ཆེན་རིམ་པའི་སྔོན་ཐོན་བྱ་དགའི་རྟགས་མ་དང་༢༠༡༡ལོའི་རྒྱལ་ཡོངས་ཀྲུང་སྨན་རྒན་རབས་པའི་རྒྱུད་འཛིན་བཟང་པོ་རྒྱལ་ཁབ་རིམ་པའི་སྔོན་ཐོན་བྱ་དགའ་ཐོབ། ༢༠༡༢ལོར་རྒྱལ་ཁབ་རིམ་པའི་རྟགས་མ་རྒྱལ་ཡོངས་ཀྲུང་སྨན་མྱུར་སྐྱོབ་བྱ་བའི་མི་སྒེར་གྱི་རྟགས་མ་ཐོབ། ༢༠༡༣ལོེར་སྨན་ཐང་རྒྱས་འགྲེལ་གྱི་བྱ་བ་ཡོངས་སུ་གྲུབ་པས་ཞིང་ཆེན་རིམ་པའི་ཚན་རྩལ་གྲུབ་འབྲས་ཀྱི་གཟེགས་རྟགས་ཐོབ།
ད་ལྟ་མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་གི་སྒོ་བསྟེན་ཚན་སྤྱིའི་ཚན་ཁག་ཏུ་ཕྱོགས་བསྡུས་ཆེད་མཁས་སྨན་པའི་འགན་བླངས་ཏེ་ནད་པ་རྣམས་ལ་གསོ་བཅོས་ཀྱི་བྱ་བ་བསྒྲུབ་བཞིན་ཡོད། ད་ལྟའི་བར་དུ་གསོ་རིག་གི་བྱ་བ་བསྒྲུབས་ནས་མི་ལོ་སོ་དྲུག་འཁོར་ཡོད།
བོད་ལུགས་གསོ་རིག་ལ་རྒྱུས་མངའ་ཆེ་ཞིང་སྨན་རིགས་འདུལ་སྦྱོང་དང་ནད་རིགས་བརྟག་བཅོས་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན། ལྷག་པར་དུ་གཅོང་སྡེ་དྲུག་ལས་བད་ཀན་སྐྱ་སེར་སྨུག་གསུམ་དང་། གློ་སྙིང་མཆིན་མཆེར་ནད། གཉན་འདུས་འདྲིལ་གཙོ་ཡིན་པའི་གློ་རིམས་དང་མཆིན་རིམས་སྣ་ཚོགས། གཅིན་སྙི་ཟ་ཁུ། མོ་ནད་སྣ་ཚོགས་ཀྱི་བཅོས་ཐབས་ལ་མཁས། དུས་རྒྱུན་གྱི་འཚོ་བའི་ཁྲོད་རང་གི་འགྲོ་འདུག་སྤྱོད་གསུམ་ལ་ཞིབ་ཏུ་བརྟག་ཏེ་བྱ་བ་ཅི་རིགས་སྒྲུབ་པ་ཐམས་ཅད་རྟེན་ཅིང་འབྲེལ་བའི་གནས་ལུགས་ལ་གཞི་བཅོལ་ཏེ་བསྒྲུབ་གང་ཐུབ་བྱེད་རྒྱུ་དང་། འགྲོ་བ་ནད་པ་རྣམས་ལ་སྙིང་རྗེས་རྩིས་ཟིན་པར་བྱས་ཏེ་གཉེན་པོ་སྨན་གྱི་ཁེ་ཕོག་མི་བསྒྲུབ་པ་ནི་རང་ཉིད་ཀྱི་མི་ཚེ་འདིའི་འགན་ཁུར་དང་དམིགས་ཡུལ་གཙོ་བོར་བརྩི་བཞིན་ཡོད། །
རྩོམ་ཞུས། པདྨ་རབ་བརྟན།
审 核: 万玛拉旦
编 辑:宣传统战科