遏制结核 共享健康
肺结核是全球十大死亡原因之一,为提高住培医师对肺结核疾病的诊断、治疗和防控能力,青海省藏医住院医师规范化培训基地于10月25日,邀请青海省藏医院疫病科副主任医师周拉友在综合住院部四楼多功能厅开展以“肺结核的诊断与治疗”为主题的讲座,基地200余名住培医师参加。
讲座中,周拉友医师从肺部解剖和肺结核诊治等方面展开讲述,用通俗易懂的语言结合PPT,引用多部藏医典籍中对肺的解剖定位、功能、关联器官、形状等内容进行阐述,重点讲解肺结核的定义、分类、诱发因素、早期症状、临床表现等,同时就藏医的诊治方法、藏西医结合诊治肺结核疾病的优势等进行讲授,并强调在临床治疗中需谨记:治标不治本,水上飘浮萍;勿误病寒热,勿误药凉温。
此次培训,使住培医师们对肺结核疾病有了更加深入的了解,初步掌握了藏西医结合诊断和治疗原则,为今后临床实践打下坚实的理论基础。
རྟེན་གཞིའི་དཔེ་ཀློག་ཁང་གི་མུ་འབྲེལ་འཆད་ཁྲིད་སྐབས་ཉེར་དྲུག་པ་སྤེལ་བ།
༢༠༢༤ལོའི་སྤྱི་ཟླ༡༠པའི་ཚེས༢༥ཉིན། མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་ནད་ཐོག་སློབ་སྟོན་ཚན་ཁག་གིས་དཀའ་བཅུ་སྨན་པ་ཚད་ལྡན་གསོ་སྐྱོང་རྟེན་གཞིའི་དཔེ་ཀློག་ཁང་གི་མུ་འབྲེལ་འཆད་ཁྲིད་སྐབས་ཉེར་དྲུག་པ་སྤེལ།
ཐེངས་འདིའི་འཆད་ཁྲིད་སྟེང་ཞིང་ཆེན་བོད་ལུགས་སྨན་ཁང་གི་སྨན་པ་འབུམ་རམས་གཞོན་པ་འབྲུག་ལྷ་ཡག་གདན་ཞུ་གནང་སྟེ་གློ་གཅོང་ནད་ཀྱི་བརྟག་བཅོས་སྐོར་ནས་འཆད་ཁྲིད་གནང་བ་དང་། རྟེན་གཞིའི་གསོ་སྐྱོང་དཀའ་བཅུ་སྨན་པ༢༠༠ལྷག་འཆད་ཁྲིད་ལ་ཞུགས།
རྒན་ལགས་ཀྱིས་མན་རྒྱུད་མཚོན་རྨ་གསོ་བའི་དགོངས་དོན་ལས་ལུས་ཀྱི་ཕྱི་ནས་ཐིག་གདབ་སྟེ་ནང་དོན་སྣོད་ཀྱི་གནས་སྟངས་འཚོལ་བའི་ཐབས་ཤེས་ཀྱིས་གློ་བ་མ་བུའི་ཡུལ་ཐིག་དང་ངོས་འཛིན། གློ་བ་མའི་མཐའ་ཆགས་སོགས་གསལ་བར་བསྟན་ལ། ༼སྨན་དཔྱད་ཟླ་བའི་རྒྱལ་པོ་༽ དང་༼ཡང་ཏིག་ཟབ་གསང་ལྡེ་མིག ༽ ༼ པོད་དམར། ༽ ༼རྣམ་བཤད་སྦས་དོན་ཀུན་གསལ་༽ སོགས་ལས་བསྟན་པའི་གློ་བའི་བྱེད་ལས་ཇི་ལྟར་ཡིན་ཚུལ། གློ་བ་སྣོད་དྲུག་དང་དབང་བོ་ལྔ་ལས་གང་དུ་འབྲེལ་ལུགས། ལུས་གནད་ཀྱི་ཁྱད་པར་ལས་གློ་བའི་འདྲ་དཔེ་བསྟན་པ། ཁྱད་པར་དུ་གཅོང་ཆེན་ཟད་བྱེད་དང་གློ་གཅོང་གཉིས་རྒྱུ་རྐྱེན་ནད་རྟགས་མི་འདྲ་བའི་ཚུལ་སོགས་སྤྱིའི་ཆ་ནས་རགས་བསྡུས་ཙམ་གསུངས་ཤིང་། ཁྱད་པར་དུ་གློ་གཅོང་ནད་ཀྱི་ངོས་འཛིན་དང་ཐུན་མོང་མ་ཡིན་པའི་ནད་རྟགས་མངོན་ཚུལ། དེ་ལ་ཐོག་མར་ནད་རྐྱེན་འགོག་པ་དང་བར་དུ་ཚད་པའི་མེ་དབལ་གསད་པ། ཐ་མར་རླུང་བཅོས་ལུས་ཟུངས་གསོ་བ་བཅས་ལུས་ཁམས་དང་ན་ཚོད་ལ་བསྟུན་ནས་གང་ལ་དེ་འཚམ་གྱི་གསོ་བཅོས་བྱ་ཚུལ། གསོ་ཐབས་གཉེན་པོ་ཟས་སྤྱོད་སྨན་དཔྱད་བཞིའི་སྒོ་ནས་གསོ་བཅོས་བྱས་པའི་ཉམས་མྱོང་དང་དམིགས་སུ་གཉེན་པོ་སྨན་ལ་ཁ་ཚར་དང་ཁ་བསྒྱུར་སོགས་སྔོན་བྱོན་མཁས་དབང་རྣམས་ཀྱི་མན་ངག་གི་གནད་དང་འབྲེལ་ཏེ་འཆད་ཁྲིད་རྒྱས་པར་གནང་བའོ།།
རྩོམ་ཞུས། དོན་ལེ།
审 核: 东 雷
编 辑:宣传统战科