སྐུ་ཉིད་•བོད་ཀྱི་ན་གཞོན•་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་སྙིང་ནས་ཞུ། འཕྲིན་སྟེགས་འདི་རུ་བོད་ཀྱི་ན་གཞོན་དག་གི་གླུ་དབྱངས་དང་གླུ་ཚིག་གཙོས་རྩོམ་པ་པོ་གྲགས་ཅན་དག་གི་ལེགས་རྩོམ་ཁག་དང་། བོད་སྐད་གློག་བརྙན། རྒྱུན་ཤེས། བསླབ་བྱ། དཔེ་ཁྲིད། གཏམ་རྒྱུད། གསར་འགྱུར། ལེགས་བཤད། འདྲེ་སྒྲུང་། གླིང་སྒྲུང་། ཆོས་ཁྲིད། གླུ་དབྱངས། རྡུང་ལེན། སྒྲ་སྟོང་སོགས་བརྩམས་ཆོས་སྣ་མང་སྤེལ་བཞིན་ཡོད་པས་ཀློག་པ་པོ་ཡོངས་ཀྱིས་རྒྱབ་སྐྱོར་གྱི་ཚུལ་དུ་རང་གི་ཡིད་ལ་འཐད་པའི་བརྩམས་ཆོས་དག་གཞན་ལ་ངོ་སྤྲོད་དམ་བརྒྱུད་སྤེལ་རེ་གནང་བར་ཐུགས་རྗེ་ཆེ། བཀྲ་ཤིས་བདེ་ལེགས།
|ལོ་ཟླའི་ན་བུན།|
ཚིག་རྩོམ་མཁན། གའུ།
དབྱངས། དཀོན་མཆོག་སྐྱབས།
གཞས་པ། དཀོན་མཆོག་སྐྱབས།
འཇའ་ཚོན་འོད་དུ་འཚེར་བའི་ཕ་ཡུལ་གྱི།།
སྔོན་མོའི་མཚོ་ལ་གཡུ་ཡི་ནམ་མཁའ་ཡོད།།
དངུལ་དཀར་ཁ་བཏགས་འཐེན་པའི་རུ་སྡེ་ན།།
སྣང་བའི་ལོ་ཟླ་སྲུང་བའི་ཞེ་འདྲིས་ཡོད།།
དམ་ཚིག་གསེར་ལ་བྲིས་པའི་ཁ་ཚིག་ནི།།
དམ་འདུན་ཡན་ལག་བརྒྱད་པའི་དབུ་འཁྱུད་ཡིན།།
ལང་ཚོ་ལོ་ཟླས་བཅོམ་པའི་དུས་ཚོད་ནང་།།
ན་མཉམ་ཁ་འགྲོགས་བྱུང་ཡང་སྣང་བ་སྐྱིད།།
བརྩེ་དུང་མྱི་ཁས་རྨས་པའི་མི་ཚེའི་ནང་།།
ཨ་རོགས་ཞེ་ནས་དྲན་ཡང་སྐྱིད་ཅིག་རེད།།
རྒྱ་ལྕང་ལོ་མ་འདྲ་བའི་བྱམས་པ་ཁྱེད།
གཟི་ཆུང་མིག་དགུ་འདྲ་བའི་འདང་ཤིག་ཡོད།
རྐྱང་ཆུང་རི་ནས་གཤར་བའི་འབྲོག་སྡེ་ནས།།
རྟ་ཕོ་སྒ་འགྱུར་བྱས་པས་སྣང་བ་སྐྱིད།།
ཚར་དཀར་གོས་ཆེན་གྱོན་པའི་ཆུང་འདྲིས་ཀྱི།།
དུང་བའི་འཛུམ་མདངས་ངོམ་ན་ཡག་ཞིག་ཡོད།།
སྲོད་ཀྱི་མཚམས་སྤྲིན་འདྲ་བའི་བྱམས་པ་ཁྱེད།།
གཡུ་ཆུང་དྲུག་དཀར་ཡན་གི་འདང་ཞིག་ཡོད།།
《བོད་སྐད་གློག་བརྙན།》
———————|———————
གླིང་སྒྲུང་ལ་གསན་འདོད་ན་འོག་ནས་འབྲེལ་རོགས།
————————————————
⬇️ གཤམ་གྱི་དྲ་ཚིགས་བརྒྱུད་ནས་གླུ་གཞས་མང་པོ་ལ་ཉོན་ཐུབ།
⬇️ 点开(原文链接),可以收听更多歌曲