སྐུ་ཉིད་•བོད་ཀྱི་ན་གཞོན•་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་སྙིང་ནས་ཞུ། འཕྲིན་སྟེགས་འདི་རུ་བོད་ཀྱི་ན་གཞོན་དག་གི་གླུ་དབྱངས་དང་གླུ་ཚིག་གཙོས་རྩོམ་པ་པོ་གྲགས་ཅན་དག་གི་ལེགས་རྩོམ་ཁག་དང་། བོད་སྐད་གློག་བརྙན། རྒྱུན་ཤེས། བསླབ་བྱ། དཔེ་ཁྲིད། གཏམ་རྒྱུད། གསར་འགྱུར། ལེགས་བཤད། འདྲེ་སྒྲུང་། གླིང་སྒྲུང་། ཆོས་ཁྲིད། གླུ་དབྱངས། རྡུང་ལེན། སྒྲ་སྟོང་སོགས་བརྩམས་ཆོས་སྣ་མང་སྤེལ་བཞིན་ཡོད་པས་ཀློག་པ་པོ་ཡོངས་ཀྱིས་རྒྱབ་སྐྱོར་གྱི་ཚུལ་དུ་རང་གི་ཡིད་ལ་འཐད་པའི་བརྩམས་ཆོས་དག་གཞན་ལ་ངོ་སྤྲོད་དམ་བརྒྱུད་སྤེལ་རེ་གནང་བར་ཐུགས་རྗེ་ཆེ། བཀྲ་ཤིས་བདེ་ལེགས།
གནས་མཆོག་ལྕི་གཞུང་།
圣地吉雄
ཚིག གྲྭ་བསམ་གྲུབ།
词:桑周
དབྱངས། བློ་གསལ།
曲:罗萨
ལེན་མཁན། བཀྲ་ཤིས་དཔལ་ལྡན།
演唱:扎西巴丁
ཁམས་ནང་ཆེན་ཚང་གསར་གྲྭ་ནང་དུ། །
བརྗིད་ཆགས་གེར་དཔོན་ཞིག་བཞུགས་པ་འདི། །
མགོན་ཚང་གསར་འགྱུར་མེད་རྡོ་རྗེ་རེད། །
ཁོང་འགྲོ་བ་འདྲེན་པའི་དེད་དཔོན་ཡིན། །
ཨོ། ཡེ།
ཁོང་མཇལ་གི་འགྲོ་དང་ན་ཟླ་ཚོ། །
ཡུལ་ལྕི་གཞུང་གཡང་གི་ར་བ་འདི། །
ཆོས་སངས་རྒྱས་བསྟན་པ་དར་བའི་ས། །
དགོན་ཁྲ་ཁྲ་པདྨ་གཡས་འཁྱིལ་འདི། །
རྗེ་དཔལ་ལྡན་བླ་མའི་གདན་ས་ཡིན། །
ཨོ། ཡེ།
གན་མཇལ་བའི་བུ་ལ་བསོད་ནམས་འཁོར། །
རི་མཐོན་པོ་སྨུག་པའི་དབུ་ཞྭ་ཅན། །
དེ་དབ་རྒྱལ་ཇོ་མོ་གཡུ་སྒྲོན་རེད། །
ལྷ་དཀར་ཕྱོགས་སྐྱོང་བའི་བླ་རི་ཡིན། །
རི་གན་ཚོའི་དབུ་འཕང་དགུང་དུ་མཐོ། །
ཨོ། ཡེ།
གན་བསྟོད་དུ་འགྲོ་དང་ཡུལ་གྱི་སྡེ། །
《བོད་སྐད་གློག་བརྙན།》
———————|———————
གླིང་སྒྲུང་ལ་གསན་འདོད་ན་འོག་ནས་འབྲེལ་རོགས།
————————————————
⬇️ གཤམ་གྱི་དྲ་ཚིགས་བརྒྱུད་ནས་གླུ་གཞས་མང་པོ་ལ་ཉོན་ཐུབ།
⬇️ 点开(原文链接),可以收听更多歌曲